གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་སྒང་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་༥,༣༠༡ ལྷགཔ་ཅིག་ལྷོད་ཡོདཔ།

༣༠/༥/༢༠༡༣   དེ་ལས་ བཀྲིས་གཡང་རྩེ་རྫོང་ཁག་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༨༠༠ དེ་ཅིག་ཐོབ་ཡོདཔ།
༉ ཁ་ཙ་ ཕྱི་རུའི་ཆུ་ཚོད་༥ ཚུན་ཚོད་ བཀྲིས་སྒང་རྫོང་ཁག་ནང་ རྒྱལ་ཡོངས་ཚོགས་འདུའི་ འགོ་ཐོག་བཙག་འཐུའི་དོན་ལུ་ རྒྱལ་ཁབ་ཀྱི་ ས་གནས་མཐའ་དབུས་མེདཔ་ལས་ འགྲེམ་ཐོག་ཚོགས་རྒྱན་༥,༣༠༡ ལྷགཔ་ཅིག་ ལྷོད་མི་དེ་ རྫོང་ཁག་༢༠ ནང་ལས་ མཐོ་ཤོས་ཅིག་ འོང་ནི་ཨིན་པས།


དེ་ཡང་ བཀྲིས་སྒང་རྫོང་ཁག་གི་ འདེམས་ཁོངས་༥ གིས་ ཐོ་བཀོད་གྲུབ་པའི་ མི་ངོ་བསྡོམས་༦,༤༠༦ ལུ་ འགྲེམ་ཐོག་ཚོགས་རྒྱན་བསྐྱལ་ཡོད་མི་ལས་ བརྒྱ་ཆ་༨༣ འབྱོར་ཡོདཔ་ད་ འགྲེམ་ཐོག་ཚོགས་རྒྱན་ལྷག་ལུས་ཚུ་ ད་རིས་ཕྱི་རུའི་ཆུ་ཚོད་༥ གི་ནང་འཁོད་ལུ་ ལྷོད་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
འདེམས་ཁོངས་ཚུ་གི་གྲས་ལས་ བར་མཚམས་-གཤོང་ཕུག་འདེམས་ཁོངས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༣༩༠ ཐོབ་མི་དེ་ མཐོ་ཤོས་ཨིནམ་ད་ འདེམས་ཁོངས་དེ་གི་དོན་ལུ་ མི་ངོ་༡,༦༧༥ གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཞུ་ཡིག་བཙུགས་ཡོད་མི་ལས་༢༢༢ ཆ་མེད་པའི་ཤུལ་ལུ་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡༤༥༣ བཏང་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ར་ བཀང་ལུང་-བསམ་མཁར་-ཨུ་མཛོ་རོང་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་༡,༣༡༡ ལྷོད་ཡོདཔ་ད་ ལྷག་ལུས་༡༡༤ ད་རིས་ལྷོད་ཚུགས་པའི་ རེ་བ་ཡོདཔ་ད་ འདེམས་ཁོངས་དེ་གི་ མི་ངོ་༡,༧༠༧ གྱིས་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཞུ་ཡིག་བཙུགས་ཡོད་མི་ལས་༢༨༤ ཆ་མེད་ཡར་སོ་ཡི་ཟེར་ ངོས་ལེན་འགོ་དཔོན་ དབང་རྒྱལ་རྡོ་རྗེ་གིས་ སླབ་ཨིན་པས།
ཁྲིམས་ཤིང་འདེམས་ཁོངས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༡,༣༠༤ བཏང་མི་ལས་ ཁ་ཙ་ཚུན་ཚོད་༡,༡༠༠ ལྷགཔ་ཅིག་ འབྱོར་ཡོདཔ་ད་ འདེམས་ཁོངས་དེ་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་༡,༥༥༣ བཙུགས་ཡོད་མི་ལས་༢༡༤ ཆ་མེད་སོང་ཡོདཔ་ཨིན་པས།
ཝམ་རོང་འདེམས་ཁོངས་ཀྱི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་བསྡོམས་༡,༢༡༢ བཏང་ཡོད་མི་ལས་༨༠༠ ལྷགཔ་ཅིག་ ལྷོད་ཡོདཔ་ད་ མི་༡,༣༣༤ གིས་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་བཙུགས་ཡོད་མི་ལས་༢༣༧ ཆ་མེད་ཡར་སོཔ་ཨིན་པས།
དེ་ལས་ ར་ལྡི་-སག་སྟེང་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་གྱིས་ སླབ་མིའི་ནང་ ད་ལྟོ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཡིག་ཤུབས་ཀ་པ་ཕྱེ་བའི་བསྒང་ཡོད་རུང་ ཁ་ཙ་ཚུན་ཚོད་ འགྲེམ་ཐོག་ཚོགས་རྒྱན་༧༠༠ ལྷགཔ་ཅིག་ ལྷོད་ནུག་ཟེར་ཨིནམ་ད་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཞུ་ཡིག་༡,༡༧༡ བཙུགས་ཡོད་མི་ལས་ འདེམས་ཁོངས་དེ་གིས་ འགྲེམ་ཐོག་ཚོགས་རྒྱན་༡,༠༡༢ བཏང་ཡོདཔ་ཨིན་པས།
བཀྲིས་སྒང་གི་ མི་ངོ་༧,༤༤༠ གིས་ ཞུ་ཡིག་བཙུགས་ཡོད་མི་ལས་༡,༠༣༤ ཆ་མེད་སོང་མི་དེ་ཡང་ འགྲེམ་ཐོག་ཚོགས་རྒྱན་གྱི་ འབྲི་ཤོག་ནང་ ཚོགས་རྒྱན་སྐྱུར་མིའི་ ངོས་འཛིན་འདྲ་པར་གྱི་ ཨང་གསལ་བཀོད་མ་འབད་མི་དང་ ཨང་གྲངས་འཛོལ་ཏེ་བཀང་ཡོདཔ་ དབང་ནུས་ལྡན་པའི་ དཔང་པོ་མེད་པའི་ཁར་ དཔང་པོ་གསལ་བཀོད་འབད་ཡོད་རུང་ བཙག་འཐུའི་ཐོ་ཡིག་ནང་མ་ཚུད་མི་ དེ་ལས་ ངོ་སྤྲོད་གསལ་བསྒྲགས་ལག་ཁྱེར་མེདཔ་མ་ཚད་ ལ་ལུ་ཅིག་ནང་ ཁ་བྱང་ཚུལ་མཐུན་མེད་པའི་གུ་ མིང་རྟགས་མ་བཀོད་པར་ བཞག་ནི་དེ་གིས་ཨིན་ཟེར་ འདེམས་ཁོངས་༥ གི་ ངོས་ལེན་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཨིན་རུང་ རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུའི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་ཚུ་ མ་མེད་སོང་མི་དང་ཕྱདཔ་ད་ ལེ་ཤ་གིས་ མར་བབས་སོང་མི་དེ་ཡང་ འགོ་ཐོག་བཙག་འཐུའི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་བཙུགས་མི་ཚུ་གི་ བརྒྱུད་འཕྲིན་ཨང་གྲངས་ཚུ་ འབྲི་ཤོག་ནང་ བཀོད་དགོཔ་བཟོ་ནི་དེ་གིས་ཨིན་ཟེར་ ཁྲིམས་ཤིང་འདེམས་ཁོངས་ཀྱི་ ངོས་ལེན་འགོ་དཔོན་ ཚེ་རིང་དབང་འདུས་ཀྱིས་ སླབ་པའི་ཁར་ ཚུལ་ལྡན་སྦེ་ གསལ་བཀོད་མ་འབད་མི་ཚུ་ལུ་ བརྒྱུད་འཕྲིན་བཏང་ཐོག་ལས་ འབྲི་ཤོག་ཚུ་ ལོག་བཀང་བཅུག་ཅི་ཟེར་ སླབ་ཨིན་པས།
དེ་མ་ཚད་ ཞུ་ཡིག་ཆ་མེད་སོང་མི་ མང་ཤོས་ར་ དྲག་ཁག་གསུམ་གྱི་ དམག་མི་ཚུ་གིས་ འབྲི་ཤོག་ཚུ་ནང་ ཚུལ་ལྡན་སྦེ་ མ་བཀོད་པའི་ཁར་ ཚོགས་རྒྱན་ངོས་འཛིན་འདྲ་པར་གྱི་ ཨང་གྲངས་ཚུ་འཛོལ་ཏེ་ བཀོད་མི་ལུ་བརྟེན་ཨིན་ཟེར་ ཚེ་རིང་དབང་འདུས་ཀྱིས་ བཤདཔ་ཨིན་པས།
བཀྲིས་སྒང་རྫོང་ཁག་ནང་ འགྲེམ་ཐོག་ཚོགས་རྒྱན་དང་ འཕྲུལ་ཆས་ཐོག་ལས་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་ ཕོ་སྐྱེས་༢༠,༡༡༢ དང་ ཨམ་སྲུ་༢༡,༣༩༨ འབདཝ་ད་ ཚོགས་རྒྱན་སྐྱུར་མི་ ཡོངས་བསྡོམས་༤༡,༥༡༠ ཡོདཔ་ཨིན་པས།
དེ་ལས་ བཀྲིས་གཡང་རྩེ་རྫོང་ཁག་གིས་ ད་ཚུན་གྱི་བར་ན་ འགྲེམ་ཐོག་ཚོགས་རྒྱན་༡,༨༠༠ ལྷགཔ་ཅིག་ ཐོབ་ཡོད་མི་ལས་ ཁམས་དྭངས་-རམ་འཇར་འདེམས་ཁོངས་ནང་༡,༠༠༠ དང་ འབུམ་སྡེ་གླིང་-འཇམ་མཁར་འདེམས་ཁོངས་ཀྱིས་ འགྲེམ་ཐོག་ཚོགས་རྒྱན་༨༠༠ ལྷགཔ་ཅིག་ ཐོབ་ཡོདཔ་ཨིན་པས།
ཁམས་དྭངས་-རམ་འཇར་འདེམས་ཁོངས་ནང་ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཞུ་ཡིག་༡,༣༣༨ བཙུགས་ཡོད་མི་ལས་༡༨༦ ཆ་མེད་བཏང་ཡོདཔ་ད་ འབུམ་སྡེ་གླིང་-འཇམ་མཁར་ལུ་ ཞུ་ཡིག་༡,༤༩༢ ལྷོ་ཡོད་མི་ལས་༡,༢༦༣ ལུ་ འགྲེམ་ཐོག་ཚོགས་རྒྱན་བཏང་ཡོདཔ་ཨིན་པས།
བཀྲིས་གཡང་རྩེ་ལུ་ ཚོགས་རྒྱན་བཙུགས་ནི་གི་ ཁྱད་ཚད་ལྡན་མི་ ཕོ་སྐྱེས་༧,༩༣༣ དང་ ཨམ་སྲུ་༨,༣༧༡ འབདཝ་ད་ ཡོངས་བསྡོམས་༡༦,༣༠༤ ཡོདཔ་ཨིན་པས།
ནངས་པ་འགོ་འདྲེན་འཐབ་ནི་ཨིན་མི་ འགོ་ཐོག་བཙག་འཐུའི་དོན་ལུ་ རྫོང་ཁག་༢༠ གི་ མི་སེར་༤༣,༠༠༠ ལྷགཔ་ཅིག་གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
འབྲུག་གི་བཙག་འཐུ་ལྷན་ཚོགས་ཀྱི་ གནས་ཐོ་དང་འཁྲིལཝ་ད་ རྒྱལ་ཡོངས་ཚོགས་འདུའི་ བཙག་འཐུ་དོན་ལུ་ ཐོ་བཀོད་གྲུབ་པའི་ ཚོགས་རྒྱན་སྐྱུར་མི་ཡོངས་བསྡོམས་༣༨༡,༧༩༠ ཡོད་མི་ལས་༧༩,༦༩༨ གིས་ འགྲེམ་ཐོག་ཚོགས་རྒྱན་བཙུགས་ནི་སྦེ་ ཐོ་བཀོད་འབད་ནུག།
དེ་འབདཝ་ད་ འགོ་ཐོག་བཙག་འཐུའི་དོན་ལུ་ འགྲེམ་ཐོག་ཚོགས་རྒྱན་གྱི་ ཞུ་ཡིག་བསྡོམས་༥༠,༨༥༣ འབྱོར་མི་ལས་༦,༦༣༢ འགྲེམ་ཐོག་ཚོགས་རྒྱན་གྱི་དོན་ལུ་ ཐོ་བཀོད་མ་འབད་མི་ཚུ་ཨིནམ་ལས་ ཆ་མེད་སོང་ཡོདཔ་ད་ ཞུ་ཡིག་༡,༠༡༦ དེ་ ཚོགས་རྒྱན་སྐྱུར་མིའི་ངོས་འཛིན་འདྲ་པར་ཨང་གྲངས་དང་ ཡང་ཅིན་ ཁ་བྱང་ཚུ་ ཁ་གསལ་མེད་མི་ལུ་བརྟེན་ ཆ་མེད་སོང་ཡོདཔ་ཨིན་པས།
རྫོང་ཁག་༢༠ གི་འདེམས་ཁོངས་༤༧ གྱིས་ ད་རིས་ཕྱི་རུའི་ཆུ་ཚོད་༥ ཚུན་ཚོད་ འགྲེམ་ཐོག་ཚོགས་རྒྱན་ཚུ་ ངོས་ལེན་འབད་དེ་ ནངས་པ་ཉིན་མ་ཁམས་ཅིག་ལས་ ཡིག་ཤུབས་ཁ་པ་དེ་ ཁ་ཕྱེ་ནི་ཨིན་པའི་གནས་ཚུལ།

བཀྲིས་སྒང་ལས་ རིག་འཛིན་དབང་ཕྱུག།

No comments:

Post a Comment