གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་པོའི་ཞིང་གི་གནད་དོན་སྐོར་ལས་ སླབ་ནི་མེད་མི་ལུ་ ངལ་རངས་བྱུང་མ་ཚུགསཔ།

༢༥/༥/༢༠༡༣   ༉ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས་ རྒྱལ་པོ་ཞིང་ལུ་བསྐུལ་བསྒྲགས་འབད་བའི་སྐབས་ལུ་ གསལ་བཤད་ཉན་པར་འོང་མི་ ལ་ལུ་ཅིག་གི་སེམས་ཁ་ལུ་ གཙོ་འཛིན་གྱིས་ རྒྱལ་པོའི་ཞིང་ སའི་སྐོར་ལས་ གསལ་བཤད་ཅིག་འབད་འོང་མནོ་བའི་རེ་འདོད་ བསྐྱེད་ཡོདཔ་ཨིན་པས།
གཙོ་འཛིན་ཚེ་རིང་སྟོབས་རྒྱས་ཀྱིས་ གསལ་བཤད་འབད་བའི་བསྒང་།


ཨིན་རུང་ གཙོ་འཛིན་གྱིས་ རྒྱལ་པོ་ཞིང་གི་སྐོར་ལས་ གསལ་བཤད་ག་ཅི་ཡང་འབད་ནི་མེདཔ་ལས་ བསམ་པ་མ་རྫོགས་པར་ཡོདཔ་ད་ ཨིན་རུང་མེན་རུང་ མི་སེར་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པ་དེ་ བཙག་འཐུ་འགྲུབ་པ་ཅིན་ ཤར་ཕྱོགས་རྫོང་ཁག་གི་ མི་སེར་ཚུ་ལུ་ ཕན་ཐབས་ལུ་དམིགས་ཏེ་ བཟོ་གྲྭ་འཕྲུལ་ཁང་ཅིག་ འཐོབ་དགོཔ་འདུག་ཟེར་ སླབ་ཡོདཔ་ཨིན་པས།
ད་རེས་ནངས་པ་ མི་སེར་སོ་ནམ་པ་ ལོ་ཐོག་དང་ དངུལ་ཐོག་ག་དེ་ཅིག་ལེགས་རུང་ བཙོང་སའི་ས་ཁོངས་ཅིག་མེད་པ་ཅིན་ འོང་འབབ་བཟོ་ནི་ལུ་ སྟབས་མ་བདེཝ་ཡོདཔ་ལས་ མི་སེར་ཚུ་གིས་ ཕན་ཐབས་ལུ་དམིགས་ཏེ་ བཟོ་གྲྭ་ཁང་ཅིག་ འོས་འབབ་འདུག་ཟེར་ཨིན་པས།
ཚོང་པ་ཅིག་གིས་ སླབ་མིའི་ནང་ གཙོ་འཛིན་དེ་གིས་ རྒྱལ་པོའི་ཞིང་ ས་ཆའི་སྐོར་ལས་ དུམ་གྲ་ཅིག་གསལ་བཤད་འབད་འོང་མནོ་བའི་ རེ་བ་བསྐྱེད་ཅི་ཟེར་ཨིནམ་ད་ དེ་བཟུམ་སྦེ་ སོ་ནམ་པ་ཅིག་གིས་ཡང་ རེ་བ་བསྐྱེད་ཡོད་རུང་ ས་གནས་རྒྱལ་པོའི་ཞིང་ལུ་ བཟོ་གྲྭ་ཁང་བཙུགས་ནི་ཟེར་སླབ་མི་ལུ་ དགའ་བ་སྦོམ་བྱུང་ཡི་ཟེར་ཨིན་པས།
ཚོང་པ་ཅིག་གིས་ སླབ་མིའི་ནང་ གནད་དོན་དེ་གིས་སྐོར་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ཡང་ སླབ་ཅི་ཟེར་ཨིནམ་ད་ གནད་དོན་དེ་ལུ་ལྟ་བ་ཅིན་ ཚོགས་རྒྱན་གྱི་འོས་འབབ་ འོང་ནི་མས་ཟེར་ཨིནམ་ད་ ད་ལྟོ་ཁོང་གིས་ ཁས་བླངས་འབད་མི་དེ་ ཤོག་གུའི་ཐོག་ལུ་བཞག་ནི་མེན་པར་ ངོ་མ་འབད་བསྒྲུབ་ཚུགསཔ་པ་ཅིན་ ཚོགས་རྒྱན་གྱི་འོས་འབབ་འདུག་ཟེར་ཨིན་པས།
དེ་འབདཝ་ད་ མོང་སྒར་དང་ རྒྱལ་པོའི་ཞིང་གི་ གླ་འཁོར་བཏང་མི་ཚུ་གི་སེམས་ཁ་ལུ་ གལ་སྲིད་ མི་སེར་དམངས་གཙོ་ཚོགས་པ་དེ་ བཙག་འཐུ་འགྲུབ་པ་ཅིན་ རྒེད་འོག་རེ་ནང་ སྣུམ་འཁོར་བཱོ་ལི་རོ་རེ་ བྱིན་ནི་ཟེར་མི་ལུ་ མ་དགའ་བར་ཡོདཔ་ད་ དེ་ཡང་ གླ་འཁོར་གྱི་འོང་འབབ་ལུ་ གནོད་ནི་མས་ཟེར་ཨིན་པས།
མོང་སྒར་ལུ་ གླ་འཁོར་བཏང་མི་ཅིག་གིས་ སླབ་མིའི་ནང་ འབད་ཚུགས་པ་ཅིན་ གཞུང་གསརཔ་དེ་གིས་ ཞི་གཡོགཔ་ཚུ་ གླ་འཁོར་བཏང་མ་ཆོགཔ་ བཟོ་དགོཔ་བཟུམ་མཐོངམ་མས་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་ མི་སེར་དམངས་གཙོ་ཚོགས་པའི་ ཁས་བླངས་ལུ་ལྟ་སྟེ་ ཡིད་ཆེས་འདྲོངས་ཡོད་རུང་ ལ་ལུ་ཅིག་གིས་འབད་བ་ཅིན་ རྒྱལ་ཁབ་ནང་ རྒྱ་གར་གྱི རུ་པིའི་དཀའ་ངལ་དང་ བུ་ལོན་གྱི་འོག་ལུ་ཚུད་ཡོད་པའི་སྐོར་ལས་སླབ་ནི་དང་ ལོག་ཅིག་ཁ་ལུ་ རྒྱལ་ཁབ་ནང་ གནམ་གྲུ་ལས་འགོ་བཟུང་ སྤྱི་འོག་རེ་ནང་ འཕྲུལ་གླང་རེ་ དེ་ལས་ རྒེད་འོག་རེ་ནང་ སྣུམ་འཁོར་བཱོ་ལི་རོ་རེ་ བྱིན་ནི་ཟེར་མི་ཚུ་ ཚོགས་རྒྱན་མ་བཙུགས་པའི་ཧེ་མར་ ལེགས་ཤོམ་སྦེ་ བརྟག་ཤིང་དཔྱད་དགོཔ་འདུག་ཟེར་ཨིན་པས།
གཙོ་འཛིན་གྱིས་འབད་རུང་ སྤྱི་ཚོགས་༢ པའི་ རྒྱལ་ཡོངས་ཚོགས་འདུའི་དོན་ལུ་ དོ་འགྲན་པ་སྲིད་ཚོགས་༤ ཡོདཔ་ལས་ མི་སེར་ཚུ་གིས་ ཉིནམ་༡ གི་ དབང་རྟ་རླུང་རྟ་ལུ་མ་བཞག་པར་ ཚོགས་རྒྱན་བཙུགས་པ་སོང་ཞིནམ་ལས་ སྲིད་ཚོགས་དེ་ རྒྱལ་ཁབ་དང་ མི་སེར་ལུ་ཕན་ཐོགས་ཅན་གྱི་ སྲིད་ཚོགས་ཅིག་ གདམ་ཁ་རྐྱབ་གནང་དགོ་ཟེར་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

1 comment:

  1. ha ha u people deceiving party i know u r never fulfilling your underestimate plan n u all r showing everything to all Bhutanese people moo so if u wan vote means u should do well to the nation, did u can do it .till now i thought this 5 year plan succeeding by our ruling party (DRUK PHUENSUM TSHOG PA) RIGHT ?

    ReplyDelete