གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལུང་ནག་ནང་ལུ་ ཚོགས་རྒྱན་བཙུགས་མི་༡༨ དེ་ཅིག་ལུ་ ཉིན་འཐུས་བྱིན་ནི།

༢༩/༥/༢༠༡༣   ༉ བཙག་འཐུ་ལྷན་ཚོགས་ཀྱིས་ མགར་ས་རྫོང་ཁག་ ལུང་ནག་ནང་རྒེད་འོག་ དབུས་ས་ན་གཡུས་ཚན་ནང་ ཁྱད་ཚད་ལྡན་པའི་ ཚོགས་རྒྱན་བཙུགས་མི་༡༨ དེ་ཅིག་ལུ་ འགོ་ཐོག་བཙག་འཐུའི་དོན་ལུ་ ཉིན་གྲངས་༦ གི་ ཉིན་འཐུས་བྱིན་ནི་ཨིན་པས།


དེ་ཡང་ ཚོགས་རྒྱན་བཙུགས་མི་ཚུ་གིས་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ ར་ཀ་གཤོང་ནང་ ལྷོད་ནིའི་དོན་ལུ་ ཉིན་གྲངས་༣ གྱི་རིང་ ལམ་འགྱོ་དགོ་པའི་ཁར་ ཚོགས་རྒྱན་བཙུགས་པའི་ཤུལ་ལས་ ལོག་འོང་ནིའི་དོན་ལུ་ ད་རུང་ ཉིན་གྲངས་༣ འགོར་དོ་ཡོདཔ་ཨིན་པས།
ར་ཀ་གཤོང་དེ་ དགོན་ཤ་རི་ལས་ ཉིན་ལམ་༤ གི་ས་ཁར་ཨིནམ་ད་ དབུས་ས་ན་དང་ ར་མི་ནང་གི་ འབྱོགཔ་༤༠ གི་དོན་ལུ་ ར་ཀ་གཤོང་ལུ་ ཚོགས་རྒྱན་བཙུགས་སའི་ ས་ཁོངས་བཟོ་ནི་ཨིནམ་ད་ ཚོགས་རྒྱན་བཙུགས་པར་ འོང་མི་ཚུ་ལུ་ ཉིན་འཐུས་དངུལ་ཀྲམ་༥༠༠ རེ་ བྱིན་ནི་ཨིན་པས།
བཙག་འཐུ་འགོ་དཔོན་འོགམ་ སངས་རྒྱས་ཕུན་ཚོགས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ བཙག་འཐུ་ལྷན་ཚོགས་ཀྱི་ བཅའ་ཁྲིམས་དང་འཁྲིལཝ་ད་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ཚུ་ དུས་ཡུན་ཆུ་ཚོད་༢ ཀྱི་ནང་འཁོད་ལུ་ འོང་དགོ་ནི་ཨིན་པས།
ར་མི་ནང་དང་ དབུས་ས་ན་གི་ཚོགས་པ་གིས་ རྒྱབ་སྣོན་འབད་ཡོདཔ་བཞིན་དུ་ བཙག་འཐུ་འགོ་དཔོན་ཚུ་གིས་ ར་ཀ་གཤོང་ལུ་ ཚོགས་རྒྱན་བཙུགས་སའི་ས་ཁོངས་ བཟོ་བའི་བསྒང་ཡོདཔ་ད་ དུས་ཚོད་འ་ནེམ་ཅིག་ཁར་ ར་མི་ནང་གི་ མི་མང་ཤོས་ར་ ར་ཀ་གཤོང་ལུ་ གཡག་ཚུ་དང་གཅིག་ཁར་ ལྷོད་དེ་ཡོདཔ་ད་ ར་མི་ནང་ལས་ ཚོགས་རྒྱན་བཙུགས་མི་༢༢ ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ བཙག་འཐུ་སྐབས་ལུ་ཡང་ དབུས་ས་ན་གི་ ཚོགས་རྒྱན་བཙུགས་མི་ཚུ་ལུ་ ཉིན་གྲངས་༡༠ གྱི་ ཉིན་འཐུས་ཚུ་ བྱིན་ཡོདཔ་ད་ དེ་བསྒང་ འབྱོགཔ་ཚུ་གིས་ ར་ཀ་གཤོང་ཚུན་ འགྱོ་མ་དགོཔ་ཨིན་པས།
ཨིན་རུང་ སྤྱི་ཟླ་༥ པའི་ཚེས་༢༥ ལུ་ དགོན་ཤར་རི་ལས་འགྱོ་མི་ ཚོགས་རྒྱན་འགོ་དཔོན་༤ དང་ སྲུང་རྒྱབ་༣ གྱིས་ ཁ་ཉིནམ་ཕྱི་རུ་ཁམས་ཅིག་ཁར་ ར་ཀ་གཤོང་ལུ་ ལྷོད་ཡོདཔ་ད་ ཁོང་གིས་ མགར་ས་ལུ་ཡོད་མི་ བཙག་འཐུ་འགོ་དཔོན་ཚུ་དང་གཅིག་ཁར་ བཙག་འཐུའི་གྲུབ་འབྲས་ཀྱི་སྐོར་ལས་ འབྲེལ་བ་འཐབ་ནི་ཨིན་པས།
ར་ཀ་གཤོང་ཚོགས་རྒྱན་བཙུགས་སའི་དོན་ལུ་ བཙག་འཐུ་ལྷན་ཚོགས་ཀྱིས་ འཕྲུལ་སྐར་སེ་ཊི་ལ་ཡེཊི་འགྲུལ་འཕྲིན་༡ དང་ ཝ་ཆེ་ཚོགས་རྒྱན་བཙུགས་སའི་དོན་ལུ་ འཕྲུལ་སྐར་༢ བྱིན་ཏེ་ཡོད་ཟེར་ཨིན་པས།
ཞབས་ཏོག་དེ་གིས་ ཚོགས་རྒྱན་གྲུབ་འབྲས་དང་ རྐྱེན་ངན་ཚུ་གི་སྐོར་ལས་ འབྲེལ་བ་འཐབ་ནིའི་དོན་ལུ་ཨིནམ་ད་ འགྲུལ་འཕྲིན་དེ་གི་དོན་ལུ་ ལྟོ་ཚུ་ མགར་ས་ལས་ བསྐྱར་གསོ་འབད་དེ་ འབག་ཡོདཔ་ད་ དེ་གིས་ ཚོགས་རྒྱན་མ་བཙུགས་ཚུན་ལངམ་སྦེ་ ལག་ལེན་འཐབ་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment