གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྱོབ་ཤོག་གི་ ཕྱགས་སྙིགས་ཚུ་ལུ་བརྟེན་ ཅ་ཆས་ཚུ་བཟོ་དོ་ཡོདཔ།

༣༡/༥/༢༠༡༣   ༉ གྱིབ་ཤོག་དང་འབྲེལ་བའི་རིགས་ཚུ་ རང་བཞིན་གནས་སྟངས་ལུ་ གནོད་སྐྱོན་ཤུགས་སྦེ་རྐྱབ་མི་ ཕྱགས་སྙིགས་ཅིག་ཨིནམ་ད་ དེ་ཡང་ གྱིབ་ཤོག་དེ་ ས་དོང་ནང་བཙུགས་པ་ཅིན་ རུལ་མ་བཏུབ་པར་ ལོ་ངོ་༢,༥༠༠ ལྷགཔ་རེ་ སྡོད་དོ་ཡོདཔ་ད་ མེ་གཏང་པ་ཅིན་ གཟུགས་ཁམས་ལུ་ གནོད་པ་ཡོདཔ་ལས་ གྱིབ་ཤོག་དང་འབྲེལ་བའི་ཕྱགས་སྙིགས་དེ་ འཛིན་སྐྱོང་འཐབམ་ཚུགས་པའི་ དཀའ་ངལ་སྦོམ་ཡོདཔ་ཨིན་པས།
གྱོབ་ཤོག་གི་ ཕྱགས་སྙིགས་ཚུ་གིས་བཟོ་མི་ ཉེ་བར་མཁོ་བའི་ ཅ་ཆས་ཚུ།


ཨིན་རུང་ ད་རེས་ནངས་པ་ སྤུ་ན་ཁ་ བདེ་ཆེན་རྩེ་མོ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་ཚུ་གིས་ གྱིབ་ཤོག་གི་ ཕྱགས་སྙིགས་ཚུ་ ཅ་ཆས་ལུ་བསྒྱུར་བཅོས་འབད་དེ་ ལག་ལེན་འཐབ་བཏུབ་བཟོ་བ་ཅིན་ དཀའ་ངལ་མར་ཕབ་འབད་ཚུགས་པའི་ ལྷན་ཐབས་ཡོདཔ་ཤེས་ཏེ་ སློབ་ཕྲུག་ཚུ་གིས་ གྱིབ་ཤོག་གི་ཕྱགས་སྙིགས་ཚུ་ ཧང་དང་ གདན་ དེ་ལས་ སྨྱུ་གུ་བཞག་ནིའི་ཧོད་ཚུ་ བཟོ་དོ་ཡོདཔ་ཨིན་པས།
འདས་པའི་ཟླཝ་ནང་ སྤུ་ན་རྫོང་ཁག་གི་ས་གནས་ བླམ་དཔལ་རི་ལུ་སྦེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ཉིནམ་གྲངས་༣ གྱི་རིང་ལུ་ ཨེ་ཏོག་མེ་ཏོག་གི་ དུས་སྟོན་བརྩི་སྲུང་འབད་བའི་སྐབས་ གྱིབ་ཤོག་གི་ ཕྱགས་སྙིགས་ལས་བཟོ་མི་ ཧང་དང་གདན་ དེ་ལས་ སྨྱུ་གུ་བཞག་སའི་ཧོད་ཚུ་ འགྲེམས་སྟོན་འབད་བའི་སྐབས་ མི་མང་ཤོས་ཅིག་གིས་ ཉོ་མི་དེ་ཡང་ དེ་བཟུམ་གྱི་ཅ་ཆས་དེ་ ད་རེས་ རྒྱལ་ཁབ་ནང་ འགོ་དང་པ་འབད་ནི་དེ་གིས་ཨིན་པས།
ལས་རིམ་འགོ་འདྲེན་འཐབ་མི་སློབ་ཕྲུག་ དཱན་མ་ཡ་ གུ་རུང་གིས་ སླབ་མིའི་ནང་ གྱིབ་ཤོག་གི་ཅ་ཆས་བཟོ་མི་དེ་ ཕྱགས་སྙིགས་མར་ཕབ་འབད་ནིའི་དོན་ལུ་ ཨིན་ཟེར་ཨིནམ་ད་ དེ་ཡང་ ད་རེས་ནངས་པ་ ཕྱགས་སྙིགས་ཚུ་ ག་ལྷོད་བཀོག་སར་མཐོངམ་ད་ དེའི་གནོད་པ་དེ་ རང་བཞིན་གནས་སྟངས་དང་ གཟུགས་ཁམས་ལུ་ཡོདཔ་ལས་བརྟེན་ མར་ཕབ་འབད་ནིའི་ ཐབས་ཤེས་བཏོན་དགོཔ་ཁག་ཆེ་ནི་དེ་གིས་ ཨིན་ཟེརཨིན་པས།
ཁོང་སློབ་ཕྲུག་ཚུ་གིས་ གྱིབ་ཤོག་གིས་བཟོ་མི་ ཅ་ཆས་ཚུ་ དུས་སྟོན་བརྩི་སྲུང་འབད་ས་དང་ མི་མང་འཛོམས་སར་ གོ་བ་བརྡ་སྤྲོད་འབད་ནིའི་དོན་ལུ་ འགྲེམས་སྟོན་ལས་རིམ་ འགོ་འདྲེན་འཐབ་དོ་ཡོདཔ་མ་ཚད་ དེ་དང་གཅིག་ཁར་ ཚོང་འབྲེལ་ཡང་ འཐབ་དོ་ཡོདཔ་ཨིན་པས།
ཅ་ཆས་དེ་ གྱིབ་ཤོག་གི་ ཕྱགས་སྙིགས་བསྡུ་བསྒྱོམ་འབད་བའི་ཤུལ་ལས་ ལེགས་ཤོམ་སྦེ་ ཆུ་འཁྱུ་སྟེ་ དུས་ཡུན་དག་པ་ཅིག་ སྐམ་བཞག་པའི་ཤུལ་ལས་ བཟོ་དོ་ཟེར་ཨིན་པས།
གྱིབ་ཤོག་གི་ ཧང་དང་གདན་དེ་ དངུལ་ཀྲམ་༣༠༠ རེ་སྦེ་ བཙོང་དོ་ཡོདཔ་ད་ དེ་ལས་ སྨྱུ་གུ་བཞག་སའི་ཧོད་ཅིག་ལུ་ དངུལ་ཀྲམ་༢༠༠ སླབ་དོ་ཡོདཔ་ད་ སློབ་ཕྲུག་ཚུ་གིས་འབད་བ་ཅིན་ དེ་ཚུ་ལས་ཐོབ་མི་ མ་དངུལ་དེ་ སློབ་གྲྭའི་སྤྱི་མཛོད་སྦེ་ ལག་ལེན་འཐབ་དོ་ཟེར་ཨིན་པས།
སློབ་ཕྲུག་ཨ་ལུ་ཚུ་གིས་འབད་བ་ཅིན་ དེ་བཟུམ་གྱི་ ལམ་རིམ་དེ་ འཕྲལ་འཕྲལ་སྦེ་ར་ སློབ་གྲྭ་ནང་ འགོ་འདྲེན་འཐབ་ནི་ཡོད་ཟེར་ཨིནམ་ད་ དེ་ཡང་ ད་རེས་ནངས་པ་ མི་རློབས་ཡར་སེང་འགྱོ་བའི་སྐབས་ གྱིབ་ཤོང་དང་འབྲེལ་བའི་ ཕྱགས་སྙིགས་ཚུ་ འཛིན་སྐྱོང་འབད་དེ་ རང་བཞིན་གནས་སྟངས་ ཉམས་སྲུང་འབད་ནིའི་དོན་ལུ་ ཨིན་ཟེར་བའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment