གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་པའི་སྣུམ་འཁོར་ཊཱག་ཅིག་གུ་ ཀྲོབ་མདའ་རྐྱབ་ཡོདཔ།

༢༡/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ འབྲུག་པའི་སྣུམ་འཁོར་ཊཱག་ཅིག་གུ་ རྒྱ་གར་གྱི་ ས་མཚམས་ཁའི་ ཁྲིམས་སྲུང་འགག་པ་ཅིག་གིས་ ཀྲོབ་མདའ་རྐྱབ་མི་དེ་ འཛོལ་འགྱོ་འགྱོཝ་ཨིན་ཟེར་ སླབ་དོ་ཡོདཔ་ཨིན་རུང་ ཨ་སམ་མངའ་སྡེ་ ཅི་རང་གི་ ཁྲིམས་སྲུང་འགག་པ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཀྲོབ་མདའ་རྐྱབ་མི་ ཁྲིམས་སྲུང་འགག་པ་དེ་ ཀོག་ཧ་ཇར་གྱི་ ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ བཙུགས་ཏེ་ཡོད་ཟེར་ཨིན་པས།


ཅི་རང་གི་ ཁྲིམས་སྲུང་འགག་པའི་སྡེ་འཛིན་ ཀུ་མར་ སཱན་ཇིཏ་ ཀི་རིཤ་ན་གིས་འབད་བ་ཅིན་ ཁྲིམས་སྲུང་འགག་པ་དེ་ལུ་ ཉེས་ཁྲིམས་བཟུམ་ཅིག་སྦེ་ ས་མཚམས་ཁར་ སྒྲིག་རྒྱུག་ནི་ལས་ བཏོན་བཏང་ཡི་ཟེར་ཨིན་པས།
བྱུང་རྐྱེན་དེ་ སྤྱི་ཟླ་༥ པའི་ཚེས་༡༩ ལུ་ དྲོ་པའི་ཆུ་ཚོད་༡༠:༣༠ ལས་༡༡:༠༠ གི་བར་ན་བྱུང་ཡོདཔ་ད་ དེ་ཡང་ སྣུམ་འཁོར་ཊཱག་དེ་ རྒྱ་གར་གྱི་ས་གནས་ སཱན་ཊབ་རི་ལུ་ སོང་ཡོད་པའི་ དོགས་སྣང་བྱུང་མི་ལུ་བརྟེན་ཨིན་པས།
སྡེ་འཛིན་ ཀུ་མར་ སཱན་ཇིཏ་གིས་ བཤད་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་དེ་གིས་ སྣུམ་འཁོར་བཀག་མ་བཏུབ་པའི་ཁར་ སྣུམ་འཁོར་གྱི་ཡིག་ཆ་ཚུ་ སྟོན་མ་བཏུབ་མི་ལུ་བརྟེན་ ཁྲིམས་སྲུང་འགག་པ་དེ་གིས་ ཀྲོབ་མདའ་རྐྱབ་ནུག་ཟེར་ཨིན་པས།
དེ་མ་ཚད་ སྣུམ་འཁོར་ཊཱག་དེ་གིས་ ཁྲིམས་སྲུང་འགག་པ་གིས་ བཀལ་བཞག་མི་ རྡོ་གུ་བརྡུང་པའི་ཁར་ ཁྲིམས་སྲུང་འགག་པའི་ སྣུམ་འཁོར་ལུ་ཡང་ བརྡུང་བྱིནམ་ལས་ ཁྲིམས་སྲུང་འགག་པ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
དགེ་ལེགས་ཕུག་ལས་ གནས་ཚུལ་བཤད་མི་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ དཱད་ག་རི་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ སྣུམ་འཁོར་ཊཱག་དེ་ ཀི་ལོ་མི་ཊར་༡༢ ཀྱི་ས་ཁར་ བདའ་འོང་ཞིནམ་ལས་ ཀྲོབ་མདའ་རྐྱབ་པའི་ཤུལ་ལུ་ སྣུམ་འཁོར་ཊཱག་གི་ དེད་གཡོགཔ་དེ་གིས་ ལོག་དགེ་ལེགས་ཕུག་ལུ་འོང་ནི་སྦེ་ ཐག་བཅད་ནུག་ཟེར་ཨིན་པས།
དགེ་ལེགས་ཕུག་གི་ ཚོང་པ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་ཊཱག་དེ་ ས་མཚམས་ཀྱི་ སྒོ་ར་ནང་ལས་འཛུལཝ་ཅིག་ དཱད་ག་རི་གི་ ཁྲིམས་སྲུང་འགག་པ་གིས་ ཀྲོབ་མདའ་རྐྱབ་ནུག་ཟེར་ཨིན་པས།
སྡེ་འཛིན་ ཀུ་མར་ ཀི་རིཤ་ན་གིས་འབད་བ་ཅིན་ ཁོང་གིས་ དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་དང་ གྲོས་བསྟུན་འབད་ཡོདཔ་བཞིན་དུ་ གནད་དོན་དེ་ ནང་འཁོད་ལུ་ སེལ་ཐབས་འབད་ནི་སྦེ་ སླབ་ཅི་ཟེར་ཨིན་པས།
ཨིན་རུང་ བྱུང་རྐྱེན་དེ་ལུ་བརྟེན་ དགེ་ལེགས་ཕུག་ལུ་ སྡོད་མི་ཚུ་གིས་འབད་བ་ཅིན་ རྒྱ་གར་གྱི་ དམག་མི་ཚུ་གིས་ འབྲུག་པའི་ སྣུམ་འཁོར་ཊཱག་ལུ་ ཀྲོབ་མདའ་རྐྱབ་ཐངས་ལུ་ལྟཝ་ད་ ཁྲིམས་ལུགས་ལུ་ གུས་ཞབས་མེདཔ་བཟུམ་ཅིག་ མཐོང་ཡི་ཟེར་ སླབ་ཨིན་པས།
ཚོང་པ་ཅིག་གིས་ སླབ་མིའི་ནང་ དེད་གཡོགཔ་དེ་གིས་ ཁྲིམས་ལུགས་ལས་འགལ་བའི་ ལཱ་འབད་བ་ཅིན་ དཱད་ག་རི་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ འབྲུག་པའི་ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཞིནམ་ལས་ ཁྲིམས་དང་འཁྲིལ་ཏེ་ ངོས་ལེན་འབད་དགོ་ཟེར་ཨིན་པས།
ས་གནས་ནང་ སྡོད་མི་ཅིག་གིས་ བཤད་མིའི་ནང་ འབྲུག་པའི་མི་ཚུ་ དགེ་ལེགས་ཕུག་ལས་ སཱན་ཏ་བ་རི་གི་འཁོར་ལམ་ ཀི་ལོ་མི་ཊར་༤༣ ཡོད་མི་དེ་ ལག་ལེན་འཐབ་འཐབ་སར་ སྡོད་དགོཔ་ལས་ ས་གནས་ཀྱི་ སྣུམ་འཁོར་རྒྱུན་འགྲུལ་ལམ་ལུགས་ལུ་ གནས་དགོཔ་ཁག་ཆེ་ཟེར་ཨིན་པས།
འབྲུག་པའི་མི་ཚུ་གིས་ བག་ཡེངས་ཐོག་ སྣུམ་འཁོར་བཏང་དོ་ཡོདཔ་ལས་ དེ་བཟུམ་འབད་ནི་དེ་ བཀག་ཆ་འབད་དགོཔ་འདུག་ཟེར་ སྐྱེས་ལོ་༣༨ ལང་མི་ཅིག་གིས་ བཤདཔ་ཨིན་པས།
སྡེ་འཛིན་ ཀུ་མར་སཱན་ཇིཏ་གིས་འབད་བ་ཅིན་ དེ་བཟུམ་མའི་ བྱུང་རྐྱེན་དེ་ འགོ་དང་པ་ཨིནམ་མ་ཚད་ ད་ལས་ཕར་ རྩ་ལས་བྱུང་མི་བཅུག་ཟེར་ བཤདཔ་ཨིན་པས།
དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ གནད་དོན་དེ་གི་སྐོར་ལས་ བརྡ་དོན་ཚུ་ ཐིམ་ཕུ་ ཡིག་ཚང་ལྟེ་བའི་ནང་ལས་ ལེན་དགོཔ་སྦེ་ སླབ་ཡོདཔ་ཨིན་རུང་ ཐིམ་ཕུ་གི་ ཁྲིམས་སྲུང་འགག་པ་ཚུ་གིས་ གནས་ཚུལ་བྱིན་མ་བཏུབ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment