གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འདེམས་ཁོངས་གཞན་ཁར་ བསྐུལ་བསྒྲགས་འབད་མི་ལུ་ མི་སེར་གྱིས་སྐྱོན་བརྗོད།

༢༨/༥/༢༠༡༣   ༉ འབྲུག་ཕུན་སུམ་ཚོགས་པའི་ གསང་སྤང་- ཤོམ་སྤང་ཁ་ འདེམས་ཁོངས་ཀྱི་ འདེམས་ངོ་ ནཱན་ད་ལཱལ་གྱིས་ ཁ་ཙ་ ནོར་བུ་སྒང་རྒེད་འོག་ནང་ བསམ་རྩེ་ཕུན་སུམ་དཔལ་རི་འདེམས་ཁོངས་དང་ ཕུན་སུམ་དཔལ་རི་རྒེད་འོག་གི་ མི་སེར་ཚུ་དང་ ཕྱད་པའི་ཤུལ་ལུ་ དར་དཀར་ནང་རྫོང་ཁག་ ལྷ་མོའི་ཞིང་ཁ་ དྲུང་ཁག་ནང་ ཡར་སོཔ་ཨིན་པས།
ནཱན་ད་ལཱལ་གྱིས་ ཁོ་རའི་ འདེམས་ཁོངས་ཀྱི་ མི་ཚུ་དང་གཅིག་ཁར་
ཕྱད་པའི་བསྒང་།


བསམ་རྩེ་གི་ མི་སེར་ལ་ལུ་ཅིག་གིས་ ནཱན་ད་ལཱལ་གྱིས་ ཁོང་གི་ འདེམས་ཁོངས་ནང་འོང་མི་དེ་ བསམ་རྩེ་ཕུན་སུམ་དཔལ་རི་ འདེམས་ཁོངས་ཀྱི་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་དེ་གིས་ ཚོགས་པའི་ ཁས་བླངས་གསལ་བསྒྲགས་ཚུ་ ལེགས་ཤོམ་སྦེ་ གོ་བརྡ་སྤྲོད་མ་ཚུགས་ནི་དེ་གིས་ ཁོ་འོང་འོངམ་ཨིན་མས་ཟེར་ ཁ་བཏང་དོ་ཡོདཔ་ཨིན་རུང་ ནཱན་ད་ལཱལ་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གིས་ བསམ་རྩེ་ལུ་ འོང་དགོ་མི་དེ་ ཚོགས་པ་ལུ་ མི་སེར་གྱིས་ བློ་གཏད་ཚུགསཔ་བཟོ་ནི་མ་གཏོགས་ འདེམས་ངོ་གིས་ འབད་མི་ཚུགས་པས་ཟེར་ མནོ་སྟེ་མེན་ཟེར་ཨིན་པས།
མི་ལ་ལུ་ཅིག་གིས་ འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ བསམ་རྩེ་ལུ་ གྲོས་འཛོམས་འབད་བའི་སྐབས་ མི་སེར་ཉུང་སུ་ཅིག་གིས་མ་གཏོགས་ བཅའ་མར་གཏོགས་མི་མེདཔ་ལས་ ནཱན་ད་ལཱལ་གྱིས་ ཁས་བླངས་གསལ་བསྒྲགས་འབད་བར་འོང་ནུག་ཟེར་ སླབ་མི་ཐོན་དོ་ཡོདཔ་ཨིན་པས།
ཁོ་གིས་ འབད་བ་ཅིན་ གཙོ་འཛིན་གྱི་ངོ་ཚབ་སྦེ་ རྫོང་ཁག་ཚུ་ནང་ལས་ཕར་ མི་སེར་དང་ ཕྱད་པ་འགྱོ་ནི་དེ་ འབྲུག་ཕུན་སུམ་ཚོགས་པ་གིས་ ཐག་བཅད་བཅདཔ་ཨིན་ཟེར་ཨིན་པས།
མི་སེར་ལ་ལུ་ཅིག་གིས་ ནཱན་ད་ལཱལ་ལུ་ རང་གི་ རྫོང་ཁག་དང་ འདེམས་ཁོངས་མིན་པའི་ གཞན་མི་ འདེམས་ཁོངས་ནང་ བསྐུལ་བསྒྲགས་འབད་བར་འགྱོ་བའི་སྐབས་ བཙག་འཐུ་ལྷན་ཚོགས་ཀྱིས་ ག་ཅི་ཡང་ མ་སླབ་ཨིན་ན་ཟེར་དྲི་བ་བཀོད་པའི་ལན་ལུ་ དེ་སྦེ་འགྱོ་མ་ཆོགཔ་འདྲཝ་འབད་བ་ཅིན་ ཁོ་གིས་ འོང་ར་མི་འོང་ཟེར་ སླབ་མ་ཚད་ དེ་སྦེ་འགྱོ་ཆོག་པའི་ གནང་་བ་ བཙག་འཐུ་ལྷན་ཚོགས་ལས་ ཞུ་ཞིནམ་ལས་ འོང་འོངམ་ཨིན་ཟེར་ཨིན་པས།
ནཱན་ད་ལཱལ་གྱིས་ མི་སེར་ཚུ་ལུ་ ཁོང་གཞུང་སྐྱོང་གི་ འགན་ཁུར་འབག་སྡོད་པའི་སྐབས་ འཛོལ་བ་འབད་དཔ་ཨིན་པ་ཅིན་ བཟོད་པ་བཞེས་དགོཔ་སྦེ་ སླབ་ཡོདཔ་མ་ཚད་ ད་རུང་ གོ་སྐབས་ཚར་༡ བྱིན་པ་ཅིག་ འཛོལ་བ་ཚུ་ ག་ར་བསལ་ནི་ཨིན་ཟེར་ཨིན་པས།
མ་གཞི་ ཚོགས་པ་གིས་ མི་སེར་རེ་ལུ་ ཉིནམ་༡ ནང་ ཆུམ་ཀེ་ཇི་རེ་ བྱིན་ནི་ཨིན་ཟེར་ ཁས་བླངས་འབད་བ་ཅིན་ ཚོགས་པ་ག་ར་ཨིན་རུང་ རྒྱལ་ཁ་ཐོབ་ནི་འོང་ཟེར་ཨིན་པས།
དེ་འབདཝ་ད་ དེ་བཟུམ་མའི་ ཞབས་ཏོག་ཚུ་ སྤྲོད་ཚུགས་དང་མི་ཚུགས་ཀྱི་ བརྟག་ཤིང་དཔྱད་ནིའི་འགན་ཁུར་དེ་ མི་སེར་ལུ་ ཕོགཔ་ཨིན་ཟེར་ ནཱན་ད་ལཱན་གྱིས་ བཤདཔ་ཨིན་པས།
ཧེ་མ་ཁས་བླངས་འབད་མི་ཚུ་ བསལ་ཚུགས་ཡོད་མེད་ཀྱི་སྐོར་ལས་ དྲི་བཀོད་འབད་བའི་ལན་ལུ་ ནཱན་ད་ལཱལ་གྱིས་ གཞུང་གི་ཁ་ཐུག་་ལས་ དེ་གི་སྐོར་ལས་ལཱ་ཚུ་ འབད་བའི་བསྒང་ར་ ཡོད་ཟེར་ཨིནམ་ད་ གཞུང་གི་ཁ་ཐུག་ལས་ ག་ཅི་ཡང་ མ་འབད་བར་མ་བཞག་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ ད་རུང་གོ་སྐབས་ཐོབ་པ་ཅིན་ མི་རྩིས་ཀྱི་ དཀའ་ངལ་ཡོད་མི་ཚུ་ བསལ་ཚུགས་པའི་ རེ་བ་བསྐྱེད་དོ་ཟེར་ ནཱན་ད་ལཱལ་གྱིས་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment