གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྤྱིར་བཏང་གྲོས་འཛོམས་ ལོག་འགོ་འདྲེན་འཐབ་དགོཔ།

༢༤/༥/༢༠༡༣   ༉ འབྲུག་མཉམ་རུབ་ཚོགས་པ་གིས་ འཕྲལ་ཁམས་ཅིག་ཁར་ ལྷོ་ཐིམ་ཕུ་གི་དོན་ལུ་ སྤྱིར་བཏང་གྲོས་འཛོམས་ནང་ མི་འོང་མི་ག་ཡང་མེད་པའི་ཤུལ་ལས་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ཅིག་གིས་ དེ་བཟུམ་མའི་ གྲོས་འཛོམས་མ་དགོ་པའི་སྐོར་ལས་ ལོ་རྒྱུས་ཐོན་ཡོད་མི་ལུ་ བཙག་འཐུ་ལྷན་ཚོགས་ལུ་ ལོག་འགོ་འདྲེན་འཐབ་དགོ་པའི་སྐོར་ ཡི་གུ་ཕུལ་ཡོདཔ་ཨིན་པས།
འབྲུག་མཉམ་རུབ་ཚོགས་པ་གིས་ བརྡ་བརྒྱུད་ཞལ་འཛོམས་འཚོགས་པའི་བསྒང་།


དེ་ཡང་ ཁ་ཙ་ འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཌོག་ཊར་ བློ་གྲོས་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ གྲོས་འཛོམས་དེ་ མི་མང་གི་མཐའ་དོན་ལུ་ལྟ་སྟེ་ དང་འདོད་ཡོད་མི་ཚུ་གི་དོན་ལུ་ ལོག་འགོ་འདྲེན་འཐབ་དགོཔ་ འདུག་ཟེར་ཨིན་པས།
ཁོ་གིས་ གནས་ཚུལ་དེ་ འདེམས་ངོ་ཅིག་གི་ བསམ་འཆར་ཨིནམ་ལས་ གྲོས་འཛོམས་དེ་ འཕྲོ་མཐུད་མ་འབད་བ་ཅིན་  མི་སེར་ཚུ་ལུ་ ཚ་གྱངས་ཅན་ཅིག་ཨིན་པའི་ཁར་ གྲོས་འཛོམས་དེ་ གཙོ་བོ་ར་ བཙག་འཐུ་ལྷན་ཚོགས་ཀྱིས་ མི་མང་གཅིག་ཁར་འོང་སྟེ་ སྲིད་དོན་ཚོགས་པ་ཚུ་ལུ་ ཉན་ནི་དང་ དྲི་བཀོད་འབད་ནི་ཚུ་ཨིན་རུང་ དྲི་བཀོད་འབད་ནི་མེད་ཟེར་ཨིན་པས།
ཁོང་གི་ཚོགས་པ་གིས་ཡང་ མི་སེར་ཚུ་གིས་ མནོ་དོ་བཟུམ་སྦེ་ར་ གྲོས་འཛོམས་དེ་གི་སྐབས་ལུ་ ཚོགས་པའི་སྐོར་ལས་ གསལ་བཤད་འབད་ནི་གི་ གོ་སྐབས་ཡོད་པའི་ཁར་ མི་ཚུ་དང་གཅིག་ཁར་ཡང་ འབྲེལ་བ་འཐབ་ས་ཅིག་ ཨིན་མས་ཟེར་བཤད་ཅི།
བློག་གྲོས་ཀྱིས་ གྲོས་འཛོམས་དེ་ཡོད་པ་ཅིན་ མི་ཚུ་ག་ར་ གཅིག་ཁར་འཛོམས་ཚུགསཔ་ལས་ དམངས་གཙོའི་རིང་ལུགས་ནང་ འབྲེལ་གཏོགས་འབད་ནི་གི་ ས་ཁོངས་ཅིག་ཨིན་རུང་ མི་ངོ་དག་པ་ཅིག་ལུ་ དགོཔ་མིན་འདུག་ཟེར་དོན་དག་ག་ཅི་ལུ་བརྟེན་ སླབ་ཡོདཔ་ཨིན་ན་ མི་ཤེས་པས་ཟེར་ཨིན་པས།
དེ་མ་ཚད་ ལས་རིམ་དེ་ བཙག་འཐུ་ལྷན་ཚོགས་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ལས་ མི་ངོམ་དང་ འདེམས་ངོ་ག་ཨིན་རུང་ ཁོང་གིས་མནོ་མི་ལྟར་ གྲོས་འཛོམས་འཕྲོ་མཐུད་འབད་མ་དགོ་པའི་སྐོར་ལས་ བདེན་པ་ཅིག་ མི་མཐོང་པས་ཟེར་ཨིནམ་ད་ ཁོང་གིས་ ལྷན་ཚོགས་ཀྱི་ བཅའ་ཁྲིམས་དང་ ལམ་ལུགས་དང་འཁྲིལ་ འབད་དོ་ཟེར་ཨིན་པས།
གྲོས་འཛོམས་མི་དགོ་པས་ཟེར་བའི་ དོགས་འཆར་བཀོད་མི་དེ་གིས་ དམངས་གཙོའི་རིང་ལུགས་ལུ་རྩིས་བཀུར་མེདཔ་བཟུམ་ མཐོང་པའི་ཁར་ བཙག་འཐུ་དེ་ རྣམ་དག་དང་རང་མོས་ མི་འགྱོ་ཟེར་ཨིན་པས།
ཚོགས་པ་གི་འཐུས་མི་ ཉི་མ་ཚེ་རིང་གིས་ སླབ་དོ་བཟུམ་འབད་བ་ཅིན་ དམག་སྡེ་དང་དགེ་སློང་ཚུ་གི་སྐོར་ལས་ སླབ་ནི་དེ་མི་དེ་ མི་དབང་རྒྱལ་པོ་མཆོག་གི་དབང་ཆ་ཨིན་པའི་སྐོར་ ཤེས་རྟོགས་ཡོད་རུང་ ཁོང་གིས་ གནད་དོན་དེ་ཚུ་གི་སྐོར་ལས་ གསལ་བཤད་འབད་ཡོད་མི་དེ་ ཁོང་ཚུ་ཡང་ འབྲུག་པའི་མི་ཁུངས་འབདཝ་ལས་ མི་དབང་མཆོག་གི་དབང་ཆ་ལུ་ རྒྱབ་སྐྱོར་འབད་ནི་དེ་ གཞུང་སྐྱོང་ཚོགས་པ་ལུ་ ཡོདཔ་འོང་ མནོཝ་མས་ཟེར་ཨིན་པས།
དེ་ལས་ ཚོགས་པ་གིས་ རྒྱལ་ཁབ་ཀྱི་ བུ་ལོན་སྐོར་ལས་ ཚ་གྱང་ཡོད་མི་དེ་ཡང་ ད་ལྟོ་ལས་ ཐབས་ཤེས་མ་བཏོན་པ་ཅིན་ གི་རིསི་རྒྱལ་ཁབ་ནང་བཟུམ་མའི་ དཀའ་ངལ་ཐོན་འོང་ཟེར་ཨིནམ་ལས་ ཚོགས་པ་གིས་ གཞུང་སྐྱོང་ནི་གི་ གོ་སྐབས་ཐོབ་པ་ཅིན་ དང་པ་ར་ ཁག་མ་ཆེ་བའི་ ལཱ་ཚུ་གི་དོན་ལུ་ ཟད་འགྲོ་བགཏང་ནི་དེ་ མར་ཕབ་འབད་འོང་ཟེར་ཨིན་པས།
གཞན་ཚོགས་པའི་འདེམས་ངོ་ཚུ་གིས་ འབྲུག་ཕུན་སུམ་ཚོགས་པ་དེ་ ཧེ་མ་ལས་ ཡོད་ནི་དེ་གིས་ མི་ཚུ་གིས་ མ་ཤེསཔ་མེདཔ་ལས་ ཁོང་གི་དོན་ལུ་ གྲོས་འཛོམས་དགོཔ་མིན་འདུག་ཟེར་ཨིན་རུང་ སྲིད་དོན་ཚོགས་པ་གསརཔ་ཚུ་གི་དོན་ལུ་ ངེས་པར་དུ་ དགོཔ་འདུག་ཟེར་ བཤད་ཡོད་པའི་གནས་ཚུལ།

རྩོ་འབྲི་ལས་བྱེདཔ།

No comments:

Post a Comment