གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པ་གིས་ རྩི་རང་ལུ་ ཁས་བླངས་གསལ་བཤད།

༢༨/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༦ ལུ་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ རྩི་རང་གི་ མི་སེར་ཚུ་དང་གཅིག་ཁར་ ཕྱད་པའི་སྐབས་ལུ་ རྒེད་འོག་དང་ རྫོང་ཁག་ དེ་ལས་ སྤྱིར་བཏང་གི་འབདཝ་ད་ ཁས་བླངས་རིམ་པ་༣ འབད་ཡི།

མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ རྩི་རང་གི་ མི་སེར་ཚུ་ལུ་ ཁས་བླངས་གསལ་བཤད་འབད་བའི་བསྒང་།

དེ་ཡང་ དང་པ་ར་ ཚོགས་པའི་ལྟ་བ་དེ་ དབང་ཚད་ཕྱིར་སྤེལ་དེ་ཨིན་ཟེར་ གསལ་བཤད་འབདཝ་དང་གཅིག་ཁར་ རྒེད་འོག་གི་གནས་ཚད་ནང་ ས་གནས་གཞུང་གི་ ཐོབ་ལམ་བཅའ་ཡིག་ཅིག་ བཟོ་ནི་ཟེར་ཨིན་པས།
དེ་ལས་ རྒེད་འོག་རེ་རེ་ནང་ ལོ་བསྟར་བཞིན་དུ་ འཆར་གཞི་ནང་མེད་པའི་ལཱ་ཚུ་འབད་ནིའི་དོན་ལུ་ འདེམས་ཁོངས་གོང་འཕེལ་མ་དངུལ་ དངུལ་ཀྲམ་འབུམ་༢༠ རེ་བྱིན་ནི་དང་ རྒེད་འོག་ལྟེ་བ་ཚུན་གྱི་ལམ་ཚུ་ ཆ་མཉམ་ར་ རྩི་ནག་གཏང་ནི་ཟེར་ཨིན་པས།
སྤྱི་འོག་ཚུ་ནང་ འཁོར་ལམ་བཏོན་ཡོད་མི་ཚུ་ སོ་ལིང་བསྒྲིག་སྟེ་ ལེགས་བཅོས་འབད་ནི་ཨིན་པའི་ཁར་ གོང་ཚད་དངུལ་ཀྲམ་འབུམ་༦ དེ་ཅིག་འབད་མི་ སྣུམ་འཁོར་རེ་རེ་ བགོ་བཀྲམ་འབད་ནི་ གྲོང་གསེབ་ཚུ་ནང་ ལྕང་སོན་དང་ འཕྲུལ་ཆས་གསརཔ་ རིག་པ་གསརཔ་བཏོན་ཏེ་ སོ་ནམ་དང་སྒོ་ནོར་གྱི་ཐོན་སྐྱེད་ གསུམ་ལྟབ་ཀྱིས་ ཡར་སེང་གཏང་ནི་ཨིན་པས།
སྤྱི་འོག་༡༠༤༤ ཆ་མཉམ་ནང་ འཕྲུལ་གླང་པ་ཝར་ཊི་ལར་རེ་བྱིན་ནི་ རྒེད་འོག་རེ་རེའི་ནང་ སྣུམ་འཁོར་བཅོ་ནིའི་ སྦྱོང་བརྡར་བྱིན་ཐོག་ལས་ སྣུམ་འཁོར་བཅོ་ཁང་རེ་ གཞི་བཙུགས་འབད་ནི་དང་གཅིག་ཁར་ ས་སྣུམ་བཙོང་ཁང་རེ་དང་ དེ་བཟུམ་སྦེ་ གོང་ཚད་རན་ཏོག་ཏོ་ཡོད་པའི་ སྣ་ཚང་ཚོང་ཁང་ཅིག་ཡང་ གཞི་བཙུགས་འབད་ནི་ དེ་ལས་ དངུལ་ཁང་ཆུང་བ་རེ་ གཞི་བཙུགས་འབད་ནི་ཨིན་ཟེར་ཨིན་པས།
དེ་བཟུམ་སྦེ་ རྫོང་ཁག་གི་ གནས་རིམ་ནང་ ཁྲོམ་དཔོན་རེ་ བསྐོ་བཞག་འབད་ནི་དང་ ཞི་གཡོགཔ་ཚུ་གི་ དངུལ་ཕོགས་ཡར་སེང་འབད་ནི་ཨིན་ཟེར་ གཙོ་འཛིན་གྱིས་ སླབ་ཨིན་པས།
དེ་ལས་ སྤྱིར་བཏང་གི་ ཁས་བླངས་ཚུ་གི་གྲས་ལས་ གཞུང་གི་མཐོ་རིམ་སློབ་གྲྭ་ཚུ་ནང་ ཤེས་ཡོན་སྦྱང་ནིའི་ གོ་སྐབས་མ་ཐོབ་མི་ ན་གཞོན་ཚུ་ལུ་ སྐྱེད་མར་ཕབ་ཐོག་ལས་ ཤེས་ཡོན་འཕྲོ་མཐུད་ལྷབ་ནིའི་དོན་ལུ་ བསྐྱིན་འགྲུལ་བྱིན་ནི་དང་ ན་གཞོན་ཚུ་ལུ་ བརྒྱ་ཆ་ལས་བརྒྱ་ གོ་སྐབས་བྱིན་ནི་ སྒེར་སྡེ་གོང་འཕེལ་གཏང་ནི་ དབུལ་ཕོངས་ཀྱི་དཀའ་ངལ་བསལ་ནི་ ངན་ལྷད་བཀག་སྡོམ་འབད་ནི་ དེ་ལས་ ད་རེས་ནངས་པ་ གཞུང་གིས་ བཀག་ཆག་འབད་བཞག་མི་ ཤོག་འཛིན་དེ་ ལོག་འགོ་བཙུགས་ནི་ཨིན་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ སྤྱི་ལོ་༢༠༠༨ ཀྱི་ བཙག་འཐུ་ནང་ མི་སེར་ཚུ་གིས་ ལྡོག་ཕྱོགས་ཀྱི་ གོ་སྐབས་བྱིན་མི་ལུ་བརྟེན་ འཐུས་མི་༢ ལས་མེད་རུང་ རྩ་འགེངས་ཏེ་ ཕྱག་ཞུ་ཡི་ཟེར་ཨིན་པས།
ད་རེས་ གཞུང་སྐྱོང་གི་གོ་སྐབས་དང་ ལྡོག་ཕྱོགས་འབད་རུང་ སྔར་བཞིན་མེན་པར་ འཐུས་མི་མངམ་སྦེ་ བཙག་འཐུ་འགྲུབ་ནིའི་དོན་ལུ་ རྒྱབ་སྐྱོར་འབད་འོང་མནོ་བའི་ རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།

རྩི་རང་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment