གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཇིགས་བྲལ་སྤྲོ་སྟོན་ཁང་གི་སྦྱིན་བདག་གིས་ མཐོ་གཏུགས་འབད་ནི།

༢༥/༥/༢༠༡༣   ༉ ཐིམ་ཕུ་ རྫོང་ཁག་ཁྲིམས་འདུན་གྱིས་ འཇིགས་བྲལ་སྤྲོ་སྟོན་ཁང་གི་སྦྱིན་བདག་ དངོས་གྲུབ་རྡོ་རྗེ་ལུ་ ཁྲིམས་ཟླ་ངོ་༦ བཀལ་ཡོད་མི་ལུ་ ཁོ་གིས་ འབད་བ་ཅིན་ ཁག་འབག་ལུ་མ་གནས་པ་དང་ བུ་ལོན་སྤྲོད་མ་ཚུགས་པའི་ གཡོ་ཁྲམ་ དེ་ལས་ ཁྲིམས་ལུ་ཁྱད་གསོད་འབད་བའི་ཐད་ཁར་ ཁོ་གིས་ མཐོ་གཏུགས་འབད་ནི་ཟེར་ཨིན་པས།


བདུན་ཕྲག་ཧེ་མམ་ནང་ རྫོང་ཁག་ཁྲིམས་འདུན་གྱིས་ འཁྲུན་ཆོད་བཏོན་གནང་མི་དང་འཁྲིལཝ་ད་ དངོས་གྲུབ་རྡོ་རྗེ་གིས་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་དང་གཅིག་ཁར་ སྤྱི་ལོ་༢༠༡༡ ཟླ་༢ པའི་ཚེས་༩ ལུ་ བསྐྱིན་འགྲུལ་གྱི་ཁག་འབག་ལུ་ མིང་བཏགས་རྐྱབ་ཡོད་མི་དེ་ལུ་ མ་གནསཔ་མ་ཚད་ ཁོ་གིས་ བསྐྱིན་འགྲུལ་དངུལ་ཀྲམ་ས་ཡ་༢ ཀྱི་ཐད་ལུ་ གཏའ་མ་སྦེ་བཙུགས་བཞག་མི་ ཅ་ཆས་ཚུ་ཡང་ བཙོང་ད་ནུག་ཟེར་ཨིན་པས།
དངོས་གྲུབ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོ་གིས་ འཇིགས་བྲལ་སྤྲོ་སྟོན་ཁང་ནང་གི་ གླུ་སྒྲོམ་གཏའ་མ་སྦེ་ བཙུགས་བཞག་མི་ཚུ་ ཧེ་མ་ བསྐྱིན་འགྲུལ་ལེན་པའི་སྐབས་ལུ་ བཙོང་བཙོངམ་ར་ མེད་ཟེར་ཨིན་པས།
ཨིན་རུང་ ཤུལ་ལས་ འཇིགས་བྲལ་སྤྲོ་སྟོན་ཁང་དང་ ཡིག་ཚང་གི་ ཅ་ཆས་ཚུ་ ལིང་དཔོན་བགྲེསཔ་གིས་ ལེན་པའི་སྐབས་ འབྲུག་རྒྱལ་གཞུང་ཉེན་བཅོལ་ཚད་ལུ་ དངོས་གྲུབ་རྡོ་རྗེ་དང་ ལིང་དཔོན་བགྲེསཔ་གིས་ འགན་དབང་གི་ ཡི་གུ་བཙུགས་པ་ སོང་ཡི་ཟེར་ཨིནམ་ད་ དེ་བསྒང་ ཁོང་གིས་ བཏུབ་མ་བཏུབ་ཀྱི་སྐོར་ལས་ ལོ་རྒྱུས་ག་ཅི་ཡང་ སླབ་ནི་མིན་འདུག་ཟེར་ཨིན་པས།
དངོས་གྲུབ་རྡོ་རྗེ་གིས་ ཁོ་གི་ བསྐྱིན་འགྲུལ་ལེན་ཡོད་མི་དེ་ ལིང་དཔོན་བགྲེསཔགི་ མིང་ཐོག་ཁར་ སྤོ་སོར་འབད་འབདཝ་འོང་ནི་མས་ཟེར་མནོ་སྟེ་ སྡོད་ཅི་ཟེར་ཨིན་པས།
ཨིན་རུང་ འབྲུག་རྒྱལ་གཞུང་ཉེན་བཅོལ་ལས་འཛིན་ཚད་ཀྱིས་ གནད་དོན་དེ་ ཁོང་གིས་ འགན་དབང་གི་ ཡི་གུ་བཙུགས་ཏེ་ ཟླ་ངོ་༥ གི་ཤུལ་ལས་ ཁྲིམས་ཁང་ནང་ སྐྱེལ་ནུག་ཟེར་ དངོས་གྲུབ་རྡོ་རྗེ་གིས་ བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཁོ་དང་ ལིང་དཔོན་བགྲེསཔ་གཉིས་ཀྱིས་ འགན་དབང་གི་ ཡི་གུ་བཙུགས་མི་དེ་ ཉེས་སྤྱོད་འབད་འབདཝ་གི་ གྲས་ཁར་མི་ཚུད་ནི་ཨིནམ་མ་ཚད་ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་ཚུ་དང་འགལ་བའི་ ལཱ་ཅིག་མ་འབད་ཟེར་ མནོཝ་མས་ཟེར་ དངོས་གྲུབ་རྡོ་རྗེ་གིས་ སླབ་ཨིན་པས།
རྫོང་ཁག་ཁྲིམས་འདུན་གྱི་ ཁྲིམས་ཁྲི་༥ པའི་ འཁྲུན་ཆོད་དང་འཁྲིལཝ་ད་ དངོས་གྲུབ་རྡོ་རྗེ་ལུ་ ཁྲིམས་ཁང་ནང་ འོང་དགོཔ་སྦེ་ ཡི་གུ་ལན་ཐེངས་༦ བཏང་རུང་ ཁོ་གིས་ འོང་མ་བཏུབ་མི་ལུ་བརྟེན་ ཁྲིམས་ལུ་ཁྱད་གསོད་ཀྱི་ ཉེས་འཛུགས་བཀལ་ཡི་ཟེར་ཨིན་པས།
དངོས་གྲུབ་རྡོ་རྗེ་གིས་ སླབ་མིའི་ནང་ ཁོ་གིས་ ཁྲིམས་ཁང་ནང་ སྙན་གསན་གྱི་དོན་ལུ་ འོང་མ་བཏུབ་པའི་ བཀའ་ཤོག་ཕུད་རྡོག་༡ ཡང་ ཐོབ་ཐོབ་མེད་ཟེར་ཨིནམ་ད་ འཁྲུད་ཆོད་བཏོན་པའི་ཉིན་མར་ སྙན་གསན་ནང་འབད་བ་ཅིན་ ལྷོད་མ་ཚུགས་ཟེར་ཨིན་པས།
ཁོ་གིས་ རྩོད་དྲུང་ལུ་ འགྲུལ་འཕྲིན་བཏང་སྟེ་ གནད་དོན་ཁག་སོ་སོར་གྱི་ཐད་ཁར་ ཁྲིམས་ཁང་གཞན་མི་ཚུ་ནང་ འགྱོ་དགོཔ་ཐོན་ཡོདཔ་ལས་ འཁྲུན་ཆོད་བཏོན་པའི་སྐབས་ མ་ལྷོད་རུང་བཏུབ་དོ་འོང་ཟེར་ དྲི་བའི་སྐབས་ རྩོད་དྲུང་གིས་ཡང་ བཏུབ་འོང་ཟེར་སླབ་སྟེ་ ལྷོད་མ་ཚུགས་ཟེར་ བཤདཔ་ཨིན་པའི་གནས་ཚུལ

ཡེ་ཤེས་སྒྲོལ་མ།

No comments:

Post a Comment