གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབུབ་ཀྱི་གནོད་སྐྱོན་རྐྱབ་མི་ལོ་ཐོག་ཚུ་ ལོག་ལེགས་ཤོམ་སྦེ་ སྐྱེ་དོ་ཡོདཔ།

༢༤/༥/༢༠༡༣   ༉ ད་རེས་ཁམས་ རྒྱལ་ཁབ་ཀྱི་ རྫོང་ཁག་༡༤ འི་ནང་ ཨར་མི་ཝཱམ་ཟེར་ ཁ་དོག་གནགཔ་འབད་མི་འབུབ་ཚུ་ རྒྱ་ཆེ་དྲགས་སྦེ་ར་ཐོན་ཏེ་ ལོ་ཐོག་ལུ་ གནོད་པ་བཀལ་ཡོད་པའི་ཁར་ དམིགས་བསལ་གྱི་ འབྱ་གི་ལྕངམ་དང་ གེ་ཟ་ཚུ་ལུ་གནོདཔ་བཀལ་མི་ཚུ་ ལོག་ལེགས་ཤོམ་སྦེ་ སྐྱེ་དོ་ཡོདཔ་ཨིན་པས།
འབུབ་ཚུ་གི་རིང་ཐུང་ ཧ་ལམ་མེ་ཀྲེ་རྫས་དང་ འདྲན་འདྲ་ཡོདཔ།


དེ་འབད་ནི་དེ་གིས་ སོ་ནམ་ཞིང་པ་ཚུ་ ཚ་གྱང་ལང་དགོཔ་ མེད་པའི་ཁར་ དེ་བཟུམ་མའི་འབུབ་ཚུ་ ལོ་ཨ་རྟག་ར་ ཐོན་ནི་ཡོད་ཟེར་ སོ་ནམ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
སོ་ནམ་ལས་ཁུངས་ཀྱི་ སོ་ནམ་མཁས་མཆོག་ ག་ནེཤི་ ཆེ་ཏི་རི་གིས་ སླབ་མིའི་ནང་ མི་སེར་ཚུ་གིས་ འབུབ་དེ་ཚུ་ འདས་པའི་ལོ་ཚུ་ནང་ མ་ཐོནམ་བཟུམ་ཅིག་སྦེ་ ཚོར་མི་དེ་ཡང་ དུས་ཅི་བཟུམ་སྦེ་ རྒྱལ་ཁབ་ཀྱི་ ས་གནས་ཁག་ཚུ་ནང་ སྟབས་ཅིག་ཁར་སྦེ་ མ་ཐོན་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིནམ་ད་ ཧེ་མ་འབད་བ་ཅིན་ འབུབ་ཚུ་ རྒྱལ་ཁབ་ཀྱི་ས་གནས་ ག་རའི་ནང་ དུས་མཉམ་སྦེ་ མ་ཐོན་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ཨིན་པས།
ག་ནེཤི་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེ་བཟུམ་མའི་ འབུབ་ཚུ་ཐོན་མི་དེ་ཡང་ དུས་ཅི་ ས་དྲོད་ཧ་སུ་སྦེ་ བཏགས་མི་དང་ ཆརཔ་རྐྱབ་མི་ དེ་ལས་དུས་ཡུན་མང་ཤོས་ཅིག་ནང་ ས་སྨུག་སྤུབ་ཏེ་ སྡོད་མི་ལུ་བརྟེན་ཏེ་ ཨིན་མས་ཟེར་ སླབ་ཨིན་པས།
དེ་བཟུམ་མའི་ གནམ་གཤིས་གནས་སྟངས་ཀྱི་སྐབས་ འབུབ་ཚུ་ཐོན་དོ་ཡོདཔ་ཨིན་རུང་ དུས་ཡུན་རིངམོ་སྦེ་ མ་སྡོད་པར་ འཕྲལ་མགྱོགས་ར་ ལུས་སོར་འགྱོ་འོང་ཟེར་ཨིན་པས།
འབུབ་ཚུ་ཐོན་མི་ རྫོང་ཁག་ཚུ་ནང་ ས་ཁོངས་ཀྱི་བརྒྱ་ཆ་ལས་འབད་བ་ཅིན་ བརྒྱ་ཆ་༥ ལས་༡༠ དང་ བརྒྱ་ཆ་༦༠ ལས་༧༠ གི་རྩིས་ གནོད་སྐྱོན་རྐྱབ་ཡོད་མི་དང་འཁྲིལ་ ལྷན་ཁག་གིས་ རྫོང་ཁག་གསོ་བའི་འགོ་དཔོན་ཚུ་དང་ ཞིབ་འཚོལ་དང་ གོང་འཕེལ་ལྟེ་བ་ཚུ་བརྒྱུད་དེ་ གནས་སྟངས་དེ་ལུ་ ལྟ་ཞིབ་འབད་དེ་ར་ཡོད་ཟེར་ ལས་ཁུངས་ཀྱི་འགོ་དཔོན་ཚུ་གིས་ སླབ་ཨིན་པས།
མི་སེར་ཚུ་གིས་ ད་རུང་དེ་བཟུམ་མའི་ དཀའ་ངལ་ཚུ་ མི་བྱུང་ག་མནོ་བའི་ དོགས་སྣང་ཐོག་ལས་ སྨན་དང་ རྫས་སྦྱོར་ཚུ་ གྲ་སྒྲིག་ཐོག་ གསོག་འཇོག་འབད་དགོཔ་མེདཔ་ད་ གལ་སྲིད་ གནས་སྟངས་དང་འཁྲིལ་ དེ་ཚུ་ ལག་ལེན་འཐབ་དགོ་པ་ཅིན་ རྫོང་ཁག་གསོ་བའི་འགོ་དཔོན་ཚུ་བརྒྱུད་དེ་ ལྷན་ཁག་གིས་ སྨན་རྫས་ཚུ་ ལངམ་སྦེ་ར་ བཀྲམ་སྤེལ་འབད་འོང་ཟེར་ཨིན་པས།
ག་དེམ་ཅིག་སྦེ་ སྨན་རྫས་ཚུ་ མི་སེར་ཚུ་གིས་ གསོག་འཇོག་འབད་བཞག་པ་ཅིན་ ཤུལ་ལས་ དུས་ཡོལ་འགྱོ་བའི་བསྒང་ལས་ མེ་བཏང་སའི་ ས་ཁོངས་མ་ཐོབ་པའི་ དཀའ་ངལ་འབྱུང་འོང་ཟེར་ཨིན་པས།
ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ འབུབ་ཚུ་བཀན་ནིའི་དོན་ལུ་ རང་སོའི་ཞིང་ཚུ་ནང་ ཆུ་དཔག་དགོཔ་ད་ དེ་གི་ཤུལ་ལས་ གནས་སྟངས་ཚུ་ ལྟ་ཞིབ་འབད་དེ་ དགོས་མཁོ་བྱུང་པ་ཅིན་ རྫོང་ཁག་དང་ ལུང་ཕྱོགས་ཞིབ་འཚོལ་ལྟེ་བ་ཚུ་ལས་ རྒྱབ་སྐྱོར་ལེན་དགོ་ཟེར་ཨིན་པས།
ཁོང་གིས་འབད་བ་ཅིན་ ད་རེས་ཀྱི་ ཆརཔ་དེ་ལུ་བརྟེན་ འབུབ་ཚུ་ཡལ་འགྱོ་ནིའི་ གོ་སྐབས་ཡོད་ཟེར་ཨིན་པས།
སོ་ནམ་ལྷན་ཁག་གི་ ཡིག་ཆ་ཚུ་དང་འཁྲིལཝ་ད་ འབུབ་ཚུ་གིས་ མང་ཆེ་ཤོས་ཅིག་ འབྱ་གི་ལྕངམ་དང་ གེ་ཟ་ཚུ་ལུ་ གནོད་སྐྱོན་རྐྱབ་ཡོདཔ་ད་ དུས་ཚོད་འ་ནེམ་ཅིག་ཁར་ འཛུགས་སྐྱོང་འབད་བའི་ལོ་ཐོག་ གཞན་ཚུ་ལུ་ཡང་ གནོད་སྐྱོན་དུམ་གྲ་རེ་ རྐྱབ་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment