གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཟོ་རིག་འགོ་དཔོན་ཚུ་གིས་ རང་སོའི་ཚུལ་མིན་བརྡ་དོན་ཚུ་ བཟོ་སྐྲུན་ལས་སྡེ་ཚུ་ལུ་ བྱིན་མི་ཆོག་ནི།

༢༣/༥/༢༠༡༣   ༉ འབྲུག་པའི་ཁག་འབགཔ་ཚུ་གིས་ རིན་བསྡུར་གྱི་ལཱ་ཚུ་ འཐོབ་ནིའི་དོན་ལུ་ ཁོང་རའི་བཟོ་སྐྲུན་ལས་སྡེ་ནང་ ལཱ་འབད་མི་མེན་རུང་ གཞན་མི་ ལས་སྡེ་ཚུ་ནང་ལཱ་འབད་མི་ བཟོ་རིག་འགོ་དཔོན་དང་ བཟོ་བཀོདཔ་ དེ་ལས་ ས་འཇལ་མི་ཚུ་གི་ མིང་དང་བརྡ་དོན་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་པས།


དེ་དང་འཁྲིལ་ ད་རེས་ཁམས་ བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱིས་ གསལ་བསྒྲགས་ཡི་གུ་ཅིག་ བཀྲམ་སྤེལ་འབད་ཡོདཔ་བཞིན་དུ་ གསལ་བསྒྲགས་དང་འཁྲིལཝ་ད་ དྲག་ཁག་༣ དང་ གཞུང་གི་ལས་སྡེ་ ལས་འཛིན་ དངུལ་འབྲེལ་ལས་སྡེ་ གློག་མེ་ལས་འགུལ་ དེ་ལས་ འབྲུག་རྒྱུ་ནོར་གཞི་བཟུང་གི་ ལས་སྡེ་ཚུ་ནང་ལཱ་འབད་མི་ བཟོ་རིག་འགོ་དཔོན་དང་ བཟོ་བཀོདཔ་ དེ་ལས་ ས་འཇལ་མི་ཚུ་གིས་ རང་སོའི་བརྡ་དོན་ཚུ་ སྒེར་གྱི་བཟོ་སྐྲུན་ལས་སྡེ་ཚུ་ལུ་ ལག་ལེན་འཐབ་བཅུག་ནི་ལས་ འཛེམ་དགོ་ཟེར་ཨིན་པས།
དེ་བཟུམ་མའི་ གསལ་བསྒྲགས་འབད་དགོ་མི་དེ་ཡང་ ད་རེས་ཁམས་ འབྲུག་བཟོ་སྐྲུན་བཀོད་ཚོགས་ནང་ གནད་དོན་དེ་དང་འབྲེལ་བའི་ ཉོགས་བཤད་ཚུ་ ལྷོད་མི་དང་འཁྲིལ་ཏེ་ཨིན་པས།
གསལ་བསྒྲགས་ནང་ བཀོད་དོ་བཟུམ་འབད་བ་ཅིན་ བཟོ་རིག་འགོ་དཔོན་ཚུ་གི་ ཀུན་སྤྱོད་རྣམ་གཞག་དང་འཁྲིལཝ་ད་ བཟོ་རིག་འགོ་དཔོན་ཚུ་གིས་ རང་སོའི་ཉིན་བསྟར་གྱི་ ལཱ་འབད་སའི་ས་ཁོངས་ཕྱི་ཁར་ རང་གི་ལས་སྡེ་གིས་ ཤེས་རྟོགས་མེད་པའི་སྒོ་ལས་ ཁྱད་རིག་ཚུ་ ལག་ལེན་འཐབ་མ་ཆོགཔ་སྦེ་ འཁོད་དེ་ཡོད་ཟེར་ཨིན་པས།
འབྲུག་བཟོ་སྐྲུན་གོང་འཕེལ་བཀོད་ཚོགས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ཕ་ལ་རྡོ་རྗེ་གིས་ སླབ་མིའི་ནང་ རིན་བསྡུར་ཚུ་གི་སྐབས་ ཁག་འབགཔ་ཚུ་གིས་ གསལ་བཀོད་འབད་མི་ བཟོ་རིག་འགོ་དཔོན་ཚུ་ བཟོ་སྐྲུན་ལཱ་གི་སྐབས་ ས་ཁོངས་ཚུ་ནང་ དུས་ཨ་རྟག་ར་ ལྟ་རྟོག་འབད་དེ་ སྡོད་དགོ་པའི་ དགོས་མཁོ་ཡོད་མི་དང་འཁྲིལ་ ཨིན་ཟེར་ཨིན་པས།
གལ་སྲིད་ ལམ་ལུགས་དེ་ ད་རེས་ཀྱི་གནས་སྟངས་ནང་བཟུམ་སྦེ་ར་ བཞག་པ་ཅིན་ ཁག་འབགཔ་ཚུ་གིས་ གསལ་བཀོད་འབད་མི་ བཟོ་རིག་འགོ་དཔོན་ཚུ་ བཟོ་སྐྲུན་ས་ཁོངས་ཚུ་ནང་ རྩ་ལས་ར་ འགྱོ་ནི་མེད་མི་ལུ་བརྟེན་ བཟོ་སྐྲུན་གྱི་ སྤུས་ཚད་ཚུ་ལུ་ ཐོ་ཕོག་ནིའི་ ཉེན་ཁ་ཡོདཔ་ལས་ ལམ་ལུགས་དེ་ ལེགས་ཤོམ་ཅིག་ རྩ་ལས་ར་མེན་པས་ཟེར་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཕ་ལ་རྡོ་རྗེ་གིས་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ གསལ་བསྒྲགས་དེ་དང་འཁྲིལ་ ལཱ་འབད་འོང་མནོ་བའི་ རེ་བ་ཡོད་ཟེར་ཨིནམ་ད་ ཧེ་མའི་ ལམ་ལུགས་ཐོག་ བཟོ་སྐྲུན་ལས་སྡེ་ཚུ་གིས་ ཐོ་བཀོད་འབད་དེ་ཡོད་པའི་ བཟོ་རིག་འགོ་དཔོན་ཚུ་གི་མིང་ཚུ་ སོར་ནིའི་དོན་ལུ་ དུས་ཡུན་ཟླཝ་༡ བྱིན་ཏེ་ཡོད་ཟེར་ཨིན་པས།
དུས་ཡུན་དེ་གི་ནང་འཁོད་ལུ་ བསྒྱུར་བཅོས་མ་འབད་བ་ཅིན་ ཁག་འབགཔ་ཚུ་གི་ སྡེ་རིམ་མར་ཕབ་གཏང་ནི་དང་གཅིག་ཁར་ གདོང་ལེན་གྱི་ཐབས་ལམ་ གཞན་ཚུ་ཡང་ བཏོན་ནི་ཨིན་ཟེར་ཨིན་པས།
ད་རེས་ནངས་པ་ བཀོད་ཚོགས་ཀྱིས་ བཟོ་སྐྲུན་ལས་སྡེ་ཚུ་གིས་ རང་སོའི་བཟོ་རིག་འགོ་དཔོན་ཚུ་གི་ བརྡ་དོན་ཚུ་ བཀོད་ཚོགས་ནང་ བཙུགས་དགོཔ་སྦེ་སླབ་སྟེ་ བརྡ་དོན་ཚུ་ བསྡུ་སྒྲིག་འབད་བའི་བསྒང་ཡོདཔ་ད་ ཁ་ཙ་ཚུན་ འོས་མེད་ཀྱི་ བཟོ་རིག་འགོ་དཔོན་དང་འབྲེལ་བའི་ གཞན་མི་འགོ་དཔོན་༡༠,༥༨ ཀྱི་ མིང་ཐོ་ཚུ་ ཐོབ་ཡོདཔ་ཨིན་པས།
ཕ་ལ་རྡོ་རྗེ་གིས་ སླབ་མི་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ བཟོ་རིག་འགོ་དཔོན་ཚུ་ མ་ལང་པའི་དཀའ་ངལ་ སྦོམ་སྦེ་ར་ ཡོད་མི་དང་འཁྲིལ་ ཐབས་ལམ་ཚུ་ ལེ་ཤ་ཅིག་ར་ བཏོན་དོ་ཟེར་ཨིནམ་ད་ དཔེ་འབད་བ་ཅིན་ བཟོ་སྐྲུན་ལས་སྡེ་ཚུ་ནང་ ལཱ་འབད་མི་ བཟོ་རིག་འགོ་དཔོན་ཚུ་གིས་ དུས་མཉམ་ལུ་ ལཱ་ཁག་༢ རེ་ ལྟ་རྟོག་འབད་ཆོགཔ་ བཟོ་སྟེ་ཡོད་ཟེར་ཨིན་པས།
གནད་སྡུད་བསྡུ་བཀོད་འབད་མི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ ད་ལས་ཕར་ བརྡ་དོན་བསྡུ་བཀོད་འབད་མི་ ལམ་ལུགས་དང་འཁྲིལ་ རིན་བསྡུར་ཚུ་ནང་ དོ་འགྲན་འབད་མི་ ཁག་འབགཔ་ཚུ་གིས་ གསལ་བཀོད་འབད་མི་ བཟོ་རིག་འགོ་དཔོན་ཚུ་ དབྱེ་དཔྱད་འབད་ཚུགས་ཟེར་ཨིན་པས།
རྒྱལ་ཁབ་ནང་ བཟོ་སྐྲུན་ལས་སྡེ་ཆེ་བ་༡༢༠ དང་ བར་མ་༣༨༠ དེ་ལས་ ཆུང་བ་༣,༣༩༢ ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment