གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆོས་རྗེ་འབྲུག་པའི་སྒྲིག་ལམ་ལས་ གཅེས་སྐྱོང་དང་ཉེན་སྲུང་ལམ་ལུགས་ལུ་ བསྒྱུར་བཅོས།

༢༧/༥/༢༠༡༣   ༉ ད་ལྟོ་ཚུན་ རྒྱལ་ཁབ་ནང་འཁོད་ཀྱི་ གྲྭ་ཚང་དང་ བཤད་གྲྭ་ དེ་ལས་ སློབ་གྲྭ་དང་འབྲེལ་བའི་ ཆོས་སྡེ་ཚུ་ནང་ ཆོས་རྗེ་འབྲུག་པའི་ སྒྲིག་ལམ་གུ་བཀལ་ཏེ་ དགེ་སློང་དང་ ཨ་ནེམོ་ཚུ་ལུ་ ཁྲིམས་བཀལ་སྲོལ་ཡོདཔ་ཨིན་རུང་ ད་རེས་ འཛམ་གླིང་གོང་འཕེལ་གྱི་འགྱུར་བ་དང་བསྟུན་ བསླབ་བྱ་དང་ བྱམས་བརྩེའི་སྒོ་ལས་ འཛིན་སྐྱོང་འཐབ་ནིའི་ལམ་ལུགས་ལུ་ ཤུགས་གཏོན་ནི་ཨིན་པས།
གསར་བསྒྲུབས་འབད་མི་ གཞུང་གྲྭ་ཚང་གི་ ཨ་ལུ་གཅེས་སྐྱོང་དང་ཉེན་སྲུང་ཡིག་ཚང་།


དེའི་དོན་ལུ་ གཞུང་གྲྭ་ཚང་གིས་ ཐིམ་ཕུ་འབྱུང་བཞི་ནང་ལུ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ སྔོན་མཐོ་ཁྲིམས་འདུན་ས་ཁོངས་ཀྱི་ གདོང་ཕྱོགས་ལུ་ གཞུང་གྲྭ་ཚང་གི་ ཨ་ལུ་གཅེས་སྐྱོང་དང་ཉེན་སྲུང་ཡིག་ཚང་ གསར་བསྒྲུབས་འབད་མི་དེ་ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ སྒོ་འབྱེད་གནང་ཡོདཔ་ཨིན་པས།
གྲྭ་ཚང་གི་ བདག་སྐྱོང་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ཡིག་ཚང་དེ་ལུ་བརྟེན་ ད་ལས་ཕར་ དགེ་སློང་དང་ ཨ་ནེམོ་ཚུ་ལུ་ གཅེས་སྐྱོང་དང་ རང་སོའི་བདག་དབང་ཚུ་ ཚུལ་བཞིན་དུ་ འཐོབ་ཚུགསཔ་མ་ཚད་ དགོས་མཁོ་ཅན་གྱི་ ཨ་ནེམོ་དང་ དགེ་སློང་ཆུང་ཀུ་ཚུ་ བསྐྱར་གསོ་འབད་ནི་ལུ་ ཕན་ཐོགས་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་ སླབ་མིའི་ནང་ མ་གཞི་ ལམ་ལུགས་དེ་གི་དོན་ལུ་ ལོ་ངོ་དག་པ་ཅིག་གི་ཧེ་མ་ལས་ སྐྱབས་རྗེ་མཆོག་ལས་ བཀའ་རྒྱ་ཕེབས་མི་དང་འཁྲིལ་ འཐུས་མི་༡༡ འབད་མི་ སྡེ་ཚན་ཅིག་གིས་ གྲྭ་ཚང་གི་དོན་ལུ་ གཅེས་སྐྱོང་དང་ ཉེན་སྲུང་གི་ལཱ་ཚུ་འབད་དེ་ར་ སྡོད་ཡོདཔ་ཨིན་རུང་ ཡིག་ཚང་ཅིག་མེད་པའི་ དཀའ་ངལ་ཐོན་སོཔ་ལས་ ད་རེས་ ཡིག་ཚང་གསར་བསྒྲུབས་འབད་མི་ལུ་བརྟེན་ བྱ་སྟབས་བདེ་དྲགས་ཅིག་ལུ་ འགྱུར་འོང་ཟེར་ཨིན་པས།
ཡིག་ཚང་བཟོ་སྐྲུན་འབད་མི་ ལྷ་དབང་རྒྱ་སྦྱིན་བཟོ་སྐྲུན་གྱི་ཇོ་བདག་ ཡེ་ཤེས་རྡོ་རྗེ་གིས་ བཤད་མིའི་ནང་ ཐོག་ཚད་༢ འབད་མི་ སྒྲིང་ཁྱིམ་དེ་ བཟོ་སྐྲུན་གྱི་ མཇུག་བསྡུའི་དུས་ཚོད་དང་འཁྲིལ་ བསྒྲུབས་ཚུགས་ཅི་ཟེར་ཨིནམ་ད་ བཟོ་བཀོད་ཚུ་ཡང་ ས་སྤག་ཅུང་དང་ རྩི་སའི་སྤག་ཅུང་ དེ་ལས་ ལྕགས་ཚུ་ལག་ལེན་འཐབ་སྟེ་ བཟོ་སྐྲུན་འབད་ཡི་ཟེར་ཨིན་པས།
གཞུང་གྲྭ་ཚང་གི་ ཨ་ལུ་གཅེས་སྐྱོང་དང་ཉེན་སྲུང་འགོ་དཔོན་འོག་མ་ ཤེས་རབ་རྡོ་རྗེ་གིས་འབད་བ་ཅིན་ ས་ཁོངས་དེ་ནང་ ཉམས་རྒུདཔ་ཚུ་བཞག་སའི་ ས་ཁོངས་ཚུ་ཡང་ཡོདཔ་ཨིན་རུང་ ད་ལྟོ་ ཡིག་ཚང་ནང་ ཁྱད་རིག་ཅན་གྱི་ གྲོས་སྟོན་པ་ཚུ་ མེད་ནི་དེ་གིས་ ན་གཞོན་བསྐྱར་གསོ་ལྟེ་བ་དང་ ཨ་ལུ་དང་ཨམ་སྲུའི་ལྕོགས་གྲུབ་ཡར་སྐྱེད་ལས་སྡེ་ཚུ་དང་གཅིག་ཁར་ མཉམ་འབྲེལ་ཐོག་ལས་ ལཱ་འབད་འོང་ཟེར་ཨིན་པས།
ཡིག་ཚང་དེ་གི་དོན་ལུ་ གློག་རིག་དང་ གདན་མལ་ཆ་ གློག་ཆས་ར་འེསི་ཀུ་ཀར་དང་ ཀ་རི་ཀུ་ཀར་ གདན་མལ་ཆ་ དེ་ལས་ གཞན་མི་ཅ་ཆས་ཚུ་ ཡུ་ནི་སེཕི་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ བཙུགས་བཙུགསཔ་ཨིན་ཟེར་ འགོ་དཔོན་ཚུ་གིས་ སླབ་ཨིན་པས།
ཡིག་ཚང་དེ་ བཟོ་སྐྲུན་འབད་ནིའི་དོན་ལུ་ གཞུང་གིས་ མ་དངུལ་ས་ཡ་༡.༢༥ གནང་ཡོདཔ་ད་ དུས་ཡུན་ཟླ་ངོ་༨ ནང་ བསྒྲུབ་དགོཔ་ཨིན་མི་ ཡིག་ཚང་དེ་ ན་ཧིང་ སྤྱི་ཟླ་༩ པའི་ནང་ལས་ འགོ་བཙུགས་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment