གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་འོག་ལས་ ཆུ་ཁ་བསྒྱུར་གཏང་ནིའི་ ཆུ་ལམ་འགོ་འབྱེད་འབད་ཡོདཔ།

༢༡/༥/༢༠༡༣   ༉ ཁ་ཙ་ སྤུ་ན་གཙང་ཆུ་ལས་འགུལ་༢ པ་གི་ ས་འོག་ལས་ ཆུ་ཁ་བསྒྱུར་གཏང་ནིའི་ ཆུ་ལམ་འགོ་འབྱེད་འབད་མི་དེ་ ལས་འགུལ་དེ་གི་ ཆུ་བྱག་རྐྱབ་ནིའི་ལཱ་ འགོ་བཙུགས་པའི་ བརྡ་མཚོན་ཨིནམ་ད་ དེ་ཡང་ ཆུ་བྱག་རྐྱབ་ནིའི་དོན་ལུ་ ཧེ་མ་ར་ སྤུ་ན་གཙང་ཆུ་དེ་ ས་འོག་ལས་ ཆུ་ཁ་བསྒྱུར་གཏང་དགོཔ་ཨིན་པས།

གནས་སྐབས་གཞུང་གི་ གྲོས་དཔོན་གཙོ་འཛིན་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་མཆོག་གིས་ ས་འོག་ལས་ ཆུ་ཁ་བསྒྱུར་གཏང་ནིའི་ ཆུ་ལམ་འགོ་འབྱེད་འབད་བའི་བསྒང་།

འགོ་འབྱེད་ཀྱི་སྐབས་ལུ་ གཙང་ཆུ་དེ་ ས་འོག་ལས་ ཆུ་ཁ་བསྒྱུར་གཏང་ནིའི་ ཆུ་ལམ་རིང་ཚད་མི་ཊར་༨༨༨ ཀྱི་ཐོག་ལས་ ཕྱོགས་གཞན་ཁར་ བཏོན་གཏང་ནི་འགོ་བཙུགས་མི་དེ་ ཉིནམ་༢ དེ་ཅིག་གི་ ནང་འཁོད་ལུ་ མཇུག་བསྡུ་ནི་ཨིནམ་ད་ དེ་གི་ཤུལ་ལས་ ཆུ་བྱག་རྐྱབ་ནིའི་ལཱ་ འགོ་བཙུགས་ནི་ཨིན་ཟེར་ སྡེ་འཛིན་བཟོ་རིག་འགོ་དཔོན་ ཧེཆི་ཧེས་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཆུ་བྱག་དེ་ སའི་འོག་ལུ་ མི་ཊར་༣༠ དེ་ཅིག་ ས་བརྐོ་ཞིནམ་ལས་ རྐྱབ་ནི་ཨིན་ཟེར་ཨིནམ་ད་ ལཱ་ངོ་མ་དེ་ འགོ་མ་བཙུགས་པའི་ཧེ་མར་ ཆུ་གཅད་ནིའི་ལཱ་དེ་ གནས་སྐབས་ཀྱི་ རྩིག་གྱང་རྐྱབ་དགོ་ཟེར་ཨིན་པས།
ཁ་ཙ་ འགོ་འབྱེད་འབད་མི་ ས་འོག་ཆུ་ལམ་བརྒྱུད་དེ་ གཙང་ཆུ་ཕྱོགས་གཞན་ཁ་ལས་ བཏོན་གཏང་ནིའི་ལཱ་ མཇུག་བསྡུ་བ་ཅིན་ རྩིག་གྱང་རྐྱབ་ནིའི་ལཱ་ཚུ་ཡང་ འགོ་བཙུགས་ནི་ཨིན་པས།
གཙང་ཆུ་དེ་ ཀི་ལོ་མི་ཊར་༡ དེ་ཅིག་ ས་འོག་ཆུ་ལམ་བརྒྱུད་དེ་ ལོག་ཨ་རྟག་གི་ ཆུ་ལམ་ཁར་ གཏང་ནི་ཨིནམ་ད་ ཆུ་གཅད་པའི་སྐབས་ ཆུ་ནང་གི་ ཉ་དང་ སྲོག་ཆགས་ལེ་ཤ་ཅིག་ལུ་ གནོད་སྐྱོན་འབྱུང་ནི་ཨིན་པས།
ཆུ་གཅད་ནིའི་ལཱ་དེ་ ས་འོག་ཆུ་ལམ་ལས་ གཙང་ཆུ་གཏངམ་ཅིག་ ལྗིད་ཚད་ཊཱན་༤༠ འབག་མི་ སྣུམ་འཁོར་༤ གིས་ རག་རོག་ཚུ་ སྐྱེལ་འདྲེན་འབད་དེ་ ས་གནས་གཞན་ཁར་ བཀོག་ཡོདཔ་ཨིན་པས།
ས་འོག་ལས་ ཆུ་ཁ་བསྒྱུར་གཏང་ནིའི་ལཱ་དེ་ སྤྱི་ལོ་༢༠༡༡ ཟླ་༥ པའི་ནང་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༥ པའི་ཚེས་༡༡ ལུ་ མཇུག་བསྡུ་ཡོདཔ་ཨིན་པས།
དེ་དང་གཅིག་ཁར་ ས་འོག་ལམ་གཏོན་ནི་དང་ ལཱ་གཞན་ཚུ་གི་དོན་ལུ་ རྒྱ་གར་གྱི་ སྒེར་གྱི་བཟོ་སྐྲུན་ལས་སྡེ་ ཇེ་པི་ལུ་ དངུལ་ཀྲམ་དུང་ཕྱུར་༡༢.༢༤ སྤྲོད་ཡོདཔ་ཨིན་པས།
འགོ་འབྱེད་འབད་བའི་སྐབས་ གནས་སྐབས་གཞུང་གི་ གྲོས་དཔོན་གཙོ་འཛིན་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ཀྱིས་ གསུངས་མིའི་ནང་ གློག་མེ་ལས་འགུལ་ཚུ་ རྒྱལ་ཁབ་ཀྱི་ མི་སྡེའི་དཔལ་འབྱོར་ ཡར་དྲག་གཏང་ནི་ལུ་ ལྷག་པར་དུ་ ལྷན་ཐབས་སྦོམ་ཡོད་ཟེར་ཨིན་པས།
དེ་ཡང་ མི་དབང་ཡབ་སྲས་རྣམ་༢ ཀྱིས་ གོང་འཕེལ་གྱི་ཕྱག་ལཱ་དེ་ རྒྱ་གར་གཞུང་དང་གཅིག་ཁར་ མཐུན་འབྲེལ་ཐོག་ལས་ འགོ་བཙུགསཔ་ལས་ཚུར་ སྔར་ལས་ལྷག་པའི་ གོང་འཕེལ་སོང་སྟེ་ཡོད་ཟེར་ཨིན་པས།
དེ་མ་ཚད་ སྤྱི་ལོ་༢༠༢༠ འི་ ནང་འཁོད་ལུ་ རྒྱལ་ཁབ་ནང་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ཐོན་སྐྱེད་འབད་ནི་ལུ་ དམིགས་གཏད་བསྐྱེད་མི་དེ་ཡང་ རྒྱ་གར་གཞུང་གི་ རྒྱབ་སྐྱོར་ཐོག་ལས་ འགྲུབ་ཚུགས་པའི་རེ་བ་ཡོད་ཟེར་ཨིནམ་ད་ ད་རེས་ རྒྱལ་ཁབ་ཀྱི་འོང་འབབ་བརྒྱ་ཆ་༢༧ གློག་མེ་ལུ་བརྟེན་ བཟོ་ཚུགས་དོ་ཟེར་ གྲོས་དཔོན་གཙོ་འཛིན་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ཀྱིས་གསུངས་ཡི།
གློག་ཤུགས་མེ་ག་ཝཱཊ་༡,༠༢༠ ཐོན་སྐྱེད་འབད་ནི་ཨིན་མི་ སྤུ་ན་གཙང་ཆུ་གློག་མེ་ལས་འགུལ་༢ པ་དེ་ དབང་འདུས་ཟམ་ལས་ རྩི་རང་ཁ་ཐུག་ ཀི་ལོ་མི་ཊར་༣༣ དང་༤༥ ལྷགཔ་ཅིག་གི་བར་ན་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ཨིན་པས།
ལས་འགུལ་དེ་ལུ་ ཟད་འགྲོ་དངུལ་ཀྲམ་དུང་ཕྱུར་༣༧.༧༨ གནས་ནི་ཨིན་མི་ལས་ རྒྱ་གར་གཞུང་གིས་ བརྒྱ་ཆ་༣༠ གྲོགས་རམ་འབད་ཡོདཔ་ད་ ལྷག་ལུས་དེ་ བསྐྱིན་འགྲུལ་གྱི་ཐོག་ལས་ ལེན་ཡོད་པའི་གནས་ཚུལ།

དབང་འདུས་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment