གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྩོམ་སྒྲིག་པའི་སྣངའཆར།

༢༧/༥/༢༠༡༣   སྤྱང་ཁྱིའི་གྱངས་ཁ་ ཚད་འཛིན་འབད་ནི་གི་ ཐབས་ལམ་སྒྲིང་སྒྲིང་བཏོན་གནང་དགོཔ།
༉ ད་རེས་ནངས་པ་ རྒྱལ་ཁབ་ནང་འཁོད་ཀྱི་ཁྲོམ་དང་ གཡུས་སྒོ་ཚུ་ནང་ སྤྱང་ཁྱི་མང་བའི་དཀའ་ངལ་ལུ་བརྟེན་ ཨ་ལུ་ཆུང་ཀུ་ཅིག་ལས་ འགོ་བཟུང་སྟེ་ རྒན་རྒས་ཚུ་ལུ་ སོ་བཏབ་པའི་ལོ་རྒྱུས་ཚུ་གོཝ་ཨིན་མས།


སྤྱང་ཁྱི་ཚུ་གིས་ ཧང་སྟོང་མར་ སྡེ་ཚན་སྦེ་འོང་སྟེ་ ཐ་ན་ སྣུམ་འཁོར་ཚུ་ཡང་ བདའ་རྐྱབ་ནི་དེ་གིས་ དེད་གཡོགཔ་ཨམ་སྲུ་ཚུ་ འཇིགས་སྣང་ལང་བཅུག་པའི་ཁར་ གནམ་ནུབ་མོ་ ཉེན་སྲུང་ལྟ་རྟོག་འབད་མི་ ཁྲིམས་སྲུང་འགག་པ་ཚུ་ཡང་ སོ་བཏབ་པའི་ མངོན་གསལ་བྱུངམ་ཨིན་མས།
འདས་པའི་བདུན་ཕྲག་ནང་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ རོ་ཁྱི་གིས་སོ་བཏབ་མི་ ནདཔ་ལེ་ཤ་འོང་མི་ཚུ་གི་གྲས་ལས་ སྐྱེས་ལོ་༤ ལང་མི་ ཨ་ལུ་ཅིག་དང་ སྐྱེས་ལོ་༢༨ ལང་མི་ ཕོ་སྐྱེས་ཅིག་ གཟུགས་ཁར་རྨ་ལེ་ཤ་བཏོན་ཡོདཔ་ལས་ འཆོལ་ནད་བཀག་ཐབས་ཀྱི་ སྨན་ཁབ་བཙུགས་ནུག།
དེ་མ་ཚད་ ཧཱ་ཆུའི་མཐའ་མར་ སྤྱང་ཁྱི་སྡེ་ཚན་ཅིག་གིས་ མི་རོ་ཅིག་ བཟའ་སར་མཐོང་ཡོདཔ་ད་ རྫོང་ཁག་གི་ རྒེད་འོག་༦ ལས་༥ གི་དོན་ལུ་ གསོ་བའི་ཐོ་བཀོད་བཞག་མི་ བཱ་ལི་སྨན་ཁང་དང་འཁྲིལཝ་ད་ ན་ཧིང་གི་ལོ་ནང་ རྒེད་འོག་དེ་ཚུའི་ནང་ སྤྱང་ཁྱི་ཚུ་གིས་ སོ་བཏབ་མི་༢༥༠ དེ་ཅིག་ལུ་ སྨན་ཁབ་བཙུགས་ནུག།
ཐིམ་ཕུ་ལུ་ སྤྱང་ཁྱི་ཚུ་གིས་ སོ་བཏབ་པའི་དཀའ་ངལ་མང་ཤོས་ར་ སློབ་གྲྭ་ནང་འགྱོ་མི་ ཨ་ལུ་ཚུ་དང་ མི་རྒན་ཤོས་ཚུ་ལུ་ བྱུང་དོ་ཡོདཔ་ཨིན་མས།
ལོ་ངོ་དག་པ་ཅིག་གི་ཧེ་མར་ སྤྱང་ཁྱི་ཚུ་གི་ དཀའ་ངལ་སེལ་ཐབས་ལུ་ གཞུང་མིན་ལས་ཚོགས་ཚུ་གི་ མ་དངུལ་རྒྱབ་སྐྱོར་ཐོག་ལས་ རྫོང་ཁག་ཚུ་ནང་ སྤྱང་ཁྱི་ཚུ་ བཙུགས་བཞག་སའི་ ས་ཁོངས་ཚུ་བཟོ་ནུག།
དེ་ཚུའི་གྲས་ལས་ ཐིམ་ཕུ་མེ་མེ་ལ་ཁ་དང་ ཧཱ་ཨ་ན་ཁ་ཚུ་ནང་ རོ་ཁྱི་གསོ་སྐྱོང་ཁང་ གཞི་བཙུགས་འབད་དེ་ སྤྱང་ཁྱི་ཚུ་ དེ་ནང་བཙུགས་བཞག་ཡོདཔ་ཨིན་རུང་ མཐར་འཁྱོལ་འབྱུང་མ་ཚུགས་པའི་ཤུལ་ལས་ རོ་ཁྱི་ཚུ་ ཚལ་མ་ནང་ ལོག་བཏང་དགོཔ་ཐོན་ནུག།
སྤྱང་ཁྱིའི་གྱངས་ཁ་ ཚད་ལྡན་བཟོ་ནིའི་དོན་ལུ་ རྒྱལ་ཁབ་ནང་ འགོ་དང་པ་ རྒྱལ་སྤྱིའི་བྱམས་སེམས་མི་སྡེ་༢ ཀྱིས་ མཉམ་འབྲེལ་ཐོག་ལས་ སྤྱི་ལོ་༢༠༠༩ ལུ་ ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་དེ་ རོ་ཁྱི་ཚུ་ ཤ་བཏོག་ནི་དང་ སྨན་ཁབ་བཙུགས་ནིའི་ ལས་རིམ་འགོ་བཙུགས་ནུག།
ལས་འགུལ་༢ པམ་དེ་ ནུབ་ཕྱོགས་རྫོང་ཁག་ཚུ་ནང་ འགོ་འདྲེན་འཐབ་ཚར་ཏེ་ ད་རེས་ ལྷོ་མཚམས་དང་ དབུས་ཕྱོགས་རྫོང་ཁག་ཚུ་ནང་ འགོ་འདྲེན་འཐབ་པའི་བསྒང་འདུག།
འབྲེལ་ཡོད་ལས་སྡེ་ཚུ་གིས་ འདི་བཟུམ་མའི་ ཐབས་ལམ་ག་དེམ་ཅིག་ བཏོན་གནང་རུང་ ལོ་བསྟར་བཞིན་དུ་ སྤྱང་ཁྱིའི་གྱངས་ཁ་ ཡར་སེང་འགྱོ་དོ་ཡོདཔ་ལས་ འདི་བ་དྲག་པའི་ ཐབས་ལམ་དམ་སྒྲིང་ཅིག་ བཏོན་གནང་ཚུགས་པ་ཅིན་ སྤྱང་ཁྱི་ཚུ་ལུ་བརྟེན་པའི་ མི་སྡེའི་དཀའ་ངལ་ཚུ་ མར་ཕབ་འབད་མ་ཚུགས་པའི་ དཔེ་མི་སྲིད་ནི་མས་ཟེར་ ཞུ་ནི་ཨིན།

No comments:

Post a Comment