གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་རྗེས་སྒང་-རྩེ་བཟང་གི་བསྐུལ་བསྒྲགས་དེ་ མཇུག་ཨིནམ།

༣༠/༥/༢༠༡༣   ༉ ཕྱི་རུའི་ཆུ་ཚོད་༥ དེ་ཅིག་ཁར་ མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ རྒྱབ་སྐྱོར་འབད་མི་ མི་གྲངས་༧༠ དེ་ཅིག་གིས་ རྫོང་ཁག་ཡར་རྒྱས་ཚོགས་འདུའི་ ཞལ་འཛོམས་ཁང་ནང་འཛོམས་སར་ལྷོད་ཡོདཔ་ཨིན་པས།


ཚོགས་པའི་གཙོ་འཛིན་གྱི་གྲས་ལས་ ད་ཚུན་ལུ་ འབྲུག་རྗེས་སྒང་- རྩེ་བཟང་གི་འདེམས་ཁོངས་ནང་ གསལ་བཤད་འབད་བར་འོང་མི་ ཁོ་རྐྱངམ་གཅིག་ཨིན་པས།
ཁོ་གིས་ མི་སེར་ཚུ་དང་གཅིག་ཁར་ དགའ་འཛུམ་དང་བཅས་པའི་སྒོ་ལས་ ལགཔ་མཐུད་དེ་ གསལ་བཤད་ཚུ་འབད་ཡོདཔ་ཨིན་པས།
ཁོ་གི་བསྐུལ་བསྒྲགས་ཚུ་ མི་སེར་དང་གཅིག་ཁར་བརྗེ་སོར་འབད་མི་དང་འབྲེལ་ ཁོ་གིས་ མི་སེར་དང་ ག་དེ་མང་མང་ཕྱད་ཞིནམ་ལས་ དམངས་གཙོ་ཚོགས་པ་དེ་ག་ཅིག་བཟུམ་ཅིག་ལུ་ ཆ་བཞག་དགོཔ་ཨིན་ནའི་སྐོར་ལས་ དྭངས་གསལ་བཟོ་ནི་ཨིན་ཟེར་ཨིན་པས།
ཁོ་གིས་ མི་སེར་ལུ་བརྡ་བསྐུལ་འབད་མིའི་ནང་ མི་སེར་གྱིས་ ཧ་གོ་དགོཔ་ཅིགཔ་དེ་ སྲིད་དོན་ཚོགས་པ་ཅིགཔ་དེ་ ལེགས་ཤོམ་ཡོད་པའི་རྟགས་མཚན་ཡོད་མི་དེ་ཡང་ ཚོགས་པ་གི་ ཁས་བླངས་གསལ་བསྒྲགས་དང་ ཁོང་གི་ལྕོགས་གྲུབ་ འགན་ཁུར་ག་དེ་སྦེ་འབག་ཚུགསཔ་ཨིན་ན་ཚུ་བལྟ་སྟེ་ཚོགས་རྒྱན་བཙུགས་ནི་ལུ་ འཛོལ་བ་འབད་ནི་མི་འོང་ཟེར་ཨིན་པས།
ཁྱེད་ཀྱིས་ རང་གིས་དགའ་མིའི་ཚོགས་པ་དེ་ལུ་ ཚོགས་རྒྱན་བཙུགས་དགོཔ་ཨིན་རུང་ ཚོགས་པ་དེ་ ག་ཅི་བཟུམ་ཅིག་ཡོདཔ་ཨིན་ན་ རང་གིས་ཧ་གོ་དགོཔ་འདི་ཁག་ཆེ་བའི་ཁར་ ཚོགས་པའི་དམིགས་གཏད་དེ་ག་ཅིག་བཟུམ་ཅིག་ཡོདཔ་ཨིན་ན་ ཤེས་དགོཔ་མ་ཚད་ མི་སེར་དམངས་གཙོ་ཚོགས་པའི་དམིགས་ཡུལ་དེ་ དབང་ཚད་ཕྱིར་སྤེལ་ལུ་ གཙོ་བོ་བཟུང་ནི་དེ་ཨིན་ཟེར་ཨིན་པས།
དམངས་གཙོའི་རིང་ལུགས་ལུ་གྱུར་ཏེ་ འདས་པའི་ལོ་ལྔའི་ནང་འཁོད་ནང་ འབྲུག་རྒྱལ་ཁབ་ཀྱི་མི་སེར་ཚུ་གིས་ དབང་ཚད་འདི་ མི་སེར་གྱི་ལག་པར་ཐོབ་ཡོད་དང་མེད་ རང་གིས་ རིག་ཤིང་དཔྱད་དགོཔ་དེ་་གནམ་མེད་ས་མེད་ གལ་གནད་གྱི་གནས་སྟངས་ནང་ ལྷོད་དེ་ཡོད་ཟེར་ ཁོ་གིས་སླབ་ཨིན་པས།
ཁོ་གིས་ ཁོ་རའི་ཚོགས་པའི་ ཁས་བླངས་སྐོར་ལས་སླབ་ཡོདཔ་མ་ཚད་ ཁོ་གི་ཚོགས་པ་དེ་ བཙག་འཐུ་འགྲུབ་འདྲཝ་ཅིག་འབད་བ་ཅིན་ རྒེད་འོག་རེ་ནང་ ལོ་བསྟར་གྱི་འཆར་དངུལ་ དངུལ་ཀྲམ་ས་ཡ་༢ རེ་བཞག་ནི་ཟེར་ཨིནམ་ད་ ད་ལྟོའི་གཞུང་གིས་འབད་བ་ཅིན་ འཆར་དངུལ་ཚུ་ བརྒྱ་ཆ་༧༠ གཞུང་ལྟེ་བ་ལུ་དང་ བརྒྱ་ཆ་༣༠ ས་གནས་གཞུང་ལུ་སྦེ་བཞག་ཡོད་མི་ཚུ་ཡང་ དགོས་མཁོ་དང་འཁྲིལ་ ཡར་སེང་འབད་ནི་ཨིན་ཟེར་ ཁས་བླངས་གསལ་བསྒྲགས་འབད་ཡོདཔ་ཨིན་པས།
ང་བཅས་ཀྱིས་ དགའ་སྤྲོའི་ཐོག་ལུ་སྡོད་དགོ་པ་ཅིན་ གཙོ་བོ་ར་ མ་དངུལ་དགོཔ་འདི་ ངེས་བདེན་ཨིནམ་ལས་ མ་དངུལ་གྱི་འོང་འབབ་བཟོ་ནི་ལུ་ ཐབས་ལམ་བཏོན་དགོ་མི་དེ་ཡང་ གྲོང་གསེབ་ཀྱི་མི་སེར་ཚུ་ འཚོ་བ་ སོ་ནམ་དང་ སྒོ་ནོར་བརྟེན་དོ་ཡོདཔ་ལས་ འདི་ཚུ་ཡར་དྲག་གཏང་ནི་དེ་ གལ་ཆེ་ཟེར་ཨིན་པས།
དམངས་གཙོ་ཚོགས་པ་གིས་ འབད་བ་ཅིན་ ཐབས་བྱུས་ཚུ་བཏོན་ཐོག་ལས་ འོང་འབབ་ཀྱི་ཐོབ་ལམ་ གསུམ་ལྟབ་ཀྱིས་ ཡར་སེང་འབད་ནིའི་འཆར་གཞི་ཡོད་ཟེར་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་འབད་བ་ཅིན་ གལ་སྲིད་ ཚོགས་པ་དེ་ བཙག་འཐུ་འགྲུབ་ཚུགས་པ་ཅིན་ རྫོང་ཁག་ཚུ་ནང་ གོང་འཕེལ་གྱི་འཆར་གཞི་ལཱ་འབད་ནིའི་ལས་རིམ་ ལེ་ཤ་ཅིག་ར་ཡོད་ཟེར་ བཤདཔ་ཨིན་འཔི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment