གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གྲོས་འཛོམས་ལས་རིམ་ལུ་ བསམ་འཆར་སྣ་ཚོགས།

༢༣/༥/༢༠༡༣   ༉ བུམ་ཐང་རྫོང་ཁག་གི་དོན་ལུ་ སྤྱིར་བཏང་གྲོས་འཛོམས་མཇུག་དེ་ ཁ་ཙ་ སྟང་སི་སྦྱིས་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་ལས་ འདེམས་ངོ་མང་ཤོས་ཅིག་གིས་ གྲོས་འཛོམས་ལུ་བརྟེན་ མི་མང་ཤོས་དང་གཅིག་ཁར་ འབྲེལ་བ་འཐབ་ཚུགསཔ་ལས་ ཕན་ཐོགས་སྦོམ་ཡོད་པའི་ ཚོར་སྣང་བྱུང་ཡི་ཟེར་ཨིན་པས།


ཨིན་རུང་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་ ཌོག་ཊར་ པདྨ་རྒྱ་མཚོ་གིས་འབད་བ་ཅིན་ དེ་བཟུམ་མའི་ གྲོས་འཛོམས་འགོ་འདྲེན་འཐབ་མི་དེ་ ལེགས་ཤོམ་མེནམ་ལས་ བསྐྱར་ཞིབ་འབད་དགོཔ་ འདུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ གྲོས་འཛོམས་དེ་ དཀའ་ངལ་ག་ནི་ཡང་མེདཔ་སྦེ་ མཇུག་བསྡུ་ཡོད་རུང་ ཕན་ཐོགས་ག་དེ་སྦེ་ཡོད་ག་གི་ དྲི་བ་བཀོད་དགོཔ་འདུག་ཟེར་ ཨིན་མི་དེ་ཡང་ ཁོ་གིས་འབད་བ་ཅིན་ གྲོས་འཛོམས་ནང་གསལ་བཤད་འབད་མི་ གནད་དོན་ཚུ་ག་ར་ ཧེ་མ་ལས་ རྒྱང་མཐོང་དང་ རེ་ཌི་འོ་ཚུ་ནང་ལས་ གསལ་བཤད་འབད་དེ་ རྒྱང་བསྒྲགས་འབད་ཡོདཔ་ལས་ བསྐྱར་ལྡོག་འབད་ནི་དེ་གིས་ མི་ཚུ་ལུ་ དབངཔོ་ངལ་ནིའི་ གཞི་ཅིག་འོང་ནི་བཟུམ་འདུག་ཟེར་ཨིན་པས།
པདྨ་རྒྱ་མཚོ་གིས་ ལས་རིམ་དེ་གིས་ མི་སེར་གྱི་དུས་ཚོད་ འཕྲོ་བརླག་བཏང་དོ་བཟུམ་ཅིག་ མཐོང་ཡོདཔ་མ་ཚད་ མི་གིས་ ཚོགས་འདུ་དང་ ཚོགས་སྡེའི་སྐོར་ལས་ དབྱེ་བ་ཕྱེ་དགོཔ་འདུག་ཟེར་ཨིན་པས།
གཞན་མི་འདེམས་ངོ་ཅིག་གིས་ གྲོས་འཛོམས་དེ་ནང་ བསྐུལ་བསྒྲགས་འབད་ནིའི་ གོ་སྐབས་ འདྲན་འདྲ་ཐོབ་མི་དེ་ གོ་སྐབས་བཟང་པོ་ཅིག་ཨིན་པའི་ཁར་ མི་སེར་ཚུ་ཡང་ ཚོགས་པ་སོ་སོའི་གྱི་དོན་ལུ་ ལོགས་སུ་སྦེ་ གྲོས་འཛོམས་ནང་ འགྱོ་དགོཔ་མིན་འདུག་ཟེར་ཨིན་པས།
ང་གིས་ མི་མང་ཤོས་དང་གཅིག་ཁར་ འབྲེལ་བ་འཐབ་ཚུགས་པའི་ཁར་ མི་འཛོམས་ཡོད་པའི་སྦུག་ལུ་ བསྐུལ་བསྒྲགས་འབད་ཚུགས་ཅི་ཟེར་ ཨུ་ར་ཆུ་སྨད་འདེམས་ཁོངས་ཀྱི་ འབྲུག་སྤྱིར་དབང་ཚོགས་པའི་འདེམས་ངོ་ བསོད་ནམས་དབྱངས་འཛོམས་ཀྱིས་ བཤད་ཅི།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་གིས་འབད་བ་ཅིན་ དུས་ཡུན་སྐར་མ་༣༠ གི་རིང་ གསལ་བཤད་འབད་མི་དེ་གིས་ ཚོགས་རྒྱན་གྱི་ རྒྱབ་སྐྱོར་པ་ཚུ་གི་དོན་ལུ་ ཡིད་ཆེས་འདྲོངས་མི་ཚུགས་པས་ཟེར་ཨིན་པས།
བསྐུལ་བསྒྲགས་མཇུག་བསྡུ་ནི་གི་དོན་ལུ་ ཞག་༤ ལས་བརྒལ་མེད་རུང་ འདེམས་ངོ་ཚུ་གིས་ སྒོ་བཤལ་ལྟ་སྐོར་ འབད་དོ་ཡོདཔ་ད་ འབྲུག་ཕུན་སུམ་ཚོགས་པའི་འདེམས་ངོ་༢ ཀྱིས་ སྟབས་གཅིག་ཁར་སོང་སྟེ་ མི་དག་པ་ཅིག་ འཛོམས་བཅུག་ཞིནམ་ལས་ གྲོས་བསྟུན་འབད་ནིའི་ འཆར་གཞི་ཡོདཔ་ཨིན་པས།
བུམ་ཐང་ལས་ ང་བཅས་༢ ཀྱིས་ རྒྱབ་སྐྱོར་ཐོབ་ཚུགས་པའི་ ཡིད་ཆེས་ཡོད་ཟེར་ པདྨ་རྒྱ་མཚོ་གིས་ བཤད་ཡོདཔ་ད་ ཚོགས་པའི་འདེམས་ངོ་ ཀརྨ་དབང་ཕྱུག་གིས་ གྲུབ་འབྲས་དེ་ ག་དེ་སྦེ་ར་འབྱུང་ནི་ཨིན་ན་ མི་སེར་ཚུ་ལུ་ རག་ལས་ནི་ཨིནམ་ལས་ ཚ་གྱང་ལང་དགོཔ་མེད་ཟེར་ཨིན་པས།
འབྲུག་མཉམ་རུབ་ཚོགས་པའི་འདེམས་ངོ་ ཕུན་ཚོགས་རྣམ་རྒྱལ་གྱིས་ ཚོགས་པ་དྲག་ཤོས་དེ་གིས་ རྒྱལ་ཁ་ཐོབ་བཅུག་ཟེར་ཨིན་རུང་ ཁོ་གིས་ཡང་ སྒོ་བཤལ་རྐྱབ་སྟེ་ བསྐུལ་བསྒྲགས་འབད་ནི་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment