གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤེགས་པ་ཤིང་ལུ་ ས་རུད་ཆད་དེ་ འཁོར་ལམ་བསུབས་ཡོདཔ།

༢༥/༥/༢༠༡༣   ༉ སྤྱི་ཟླ་༥ པའི་ཚེས་༢༣ གྱི་ ཕྱི་རུ་ཁམས་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་ལས་ བཀྲ་ཤིས་སྒང་ཁ་ཐུག་ ཀི་ལོ་མི་ཊར་༥༠ དེ་ཅིག་ལུ་ ས་གནས་ཤེགས་པ་ཤིང་ལུ་ ས་རུད་ཆད་མི་དེ་ ཁ་ཙ་ཡང་ སེལ་མ་ཚུགསཔ་ལས་ སྣུམ་འཁོར་བརྒྱ་ལས་བཅད་དེ་ ཐོགས་ལུས་ཡོདཔ་ཨིན་པས།
གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་བསོད་ནམས་སྟོབས་རྒྱས་ཀྱིས་ གསུང་བཤད་གནང་པའི་བསྒང་།


གི་རིཕ་ལམ་སེལ་གྱི་ བཟོ་རིག་འགོ་དཔོན་ སཱན་ཏོཤི་ ཀུ་མར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ ས་རུད་དེ་ ད་ལྟོ་ ལམ་རྒྱ་བསྐྱེད་འབད་བའི་བསྒང་ཡོད་མི་དེ་ནང་ ཆད་ཡོདཔ་ལས་ ས་རྐོ་འཕྲུལ་ཆས་ཀྱིས་ཡང་ སེལ་མ་ཚུགས་པར་ཡོདཔ་ལས་ གས་རྫས་དག་པ་ཅིག་ ལག་ལེན་འཐབ་དགོཔ་བྱུང་བའི་ཁར་ ཁ་ཙ་ ས་རྐོ་འཕྲུལ་ཆས་ཅིག་ ཐེབས་བཙུགས་ཅི་ཟེར་ཨིན་པས།
ཁ་ཙ་ ཕྱི་རུ་ཁམས་ཅིག་ཁར་ གས་རྫས་གས་པའི་སྐབས་ ད་རུང་ ས་དང་རྡོ་ཚུ་ཆད་འོང་སྟེ་ ལམ་བསུབས་ཡོདཔ་ལས་ སྣུམ་འཁོར་ཚུ་ རྒྱུན་འབྲེལ་འཐབ་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ས་ཁོངས་ནང་ཡོད་མི་ གི་རིཕ་ལམ་སེལ་གྱི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ས་རུད་དེ་ཡང་ ཆརཔ་ཤུགས་སྦེ་རྐྱབ་པའི་ཁར་ ལམ་རྒྱ་བསྐྱེད་འབདཝ་ད་ གས་རྫས་ལག་ལེན་འཐབ་པའི་སྐབས་ གག་གྲམ་ཞུགས་ནི་དེ་གིས་ བྱག་ཆད་འོང་ནུག་ཟེར་ཨིན་པས།
བཟོ་རིག་འགོ་དཔོན་གྱིས་ སླབ་མིའི་ནང་ ས་རུད་ཆད་ནི་དེ་ ད་ལས་ཕར་ དེ་སྦེ་ར་སྡོད་འོང་ཟེར་ཨིནམ་ད་ ལམ་ཁར་ སྣུམ་འཁོར་ཐོགས་ལུས་མི་ཚུ་གི་གྲས་ལས་ གཅིག་ ཁ་ཉིནམ་ལས་ར་ མོང་སྒར་ལས་འོང་མི་ མི་མང་སྐྱེལ་འདྲེན་བཱསི་དེ་ཨིནམ་ད་ ཁ་ཙ་ བསམ་གྲུབ་ལྗོངས་མཁར་ལས་འགྱོ་མི་དང་ མོང་སྒར་དང་ བཀྲིས་སྒང་ལས་འོང་མི་ སྐྱེལ་འདྲེན་བཱསི་ཚུ་ཡང་ ཐོགས་ལུས་ཡོདཔ་ཨིན་པས།
ལམ་ཁར་ལུས་མི་ འགྲུལ་པ་ཚུ་གིས་ ས་ཁོངས་དེ་ནང་ལས་ ཀི་ལོ་མི་ཊར་༧ དེ་ཅིག་གི་ས་ཁར་ ནར་ཕུང་ལུ་ སོང་ཡོདཔ་ད་ ནར་ཕུང་ལུ་ བཟའ་ཁང་ཅིག་ལས་མེད་ནི་དེ་གིས་ འགྲུལ་པ་ལ་ལུ་ཅིག་ བཱསི་ནང་ར་ ཞག་ཉལ་དགོཔ་ བྱུང་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ལུ་ཡོད་མི་ ལམ་འགྲུལ་ཉེན་སྲུང་དང་སྐྱེལ་འདྲེན་དབང་འཛིན་གྱི་ བཀྲ་ཤིས་རྣམ་རྒྱལ་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གི་རིཕ་གི་ འགོ་དཔོན་ཚུ་གིས་ ཁ་ཙ་ ཉིན་མ་ཁམས་ཅིག་ལས་ བཀྲ་ཤིས་སྒང་དང་ མོང་སྒར་གྱི་ མི་མང་སྐྱེལ་འདྲེན་བཱསི་ཚུ་ བཏང་ཡི་ཟེར་ཨིན་པས།
ཨིན་རུང་ ལམ་སེལ་མ་ཚུགས་མི་ལུ་བརྟེན་ སྤྱི་ཟླ་༥ པའི་ཚེས་༢༣ གྱི་དྲོ་པ་ བསམ་གྲུབ་ལྗོངས་མཁར་གྱི་ བཙོན་པ་ཅིག་ གྱོངས་ཡོད་མིའི་ཕུངམ་དེ་ཡང་ པདྨ་དགའ་ཚལ་ལུ་ ཁོ་རའི་གཡུས་ཁར་ འབག་འགྱོ་བའི་ལམ་ཁར་ ཐོགས་ལུས་ཡོདཔ་ཨིན་པས།
ཚེ་འདས་ཀྱི་ བུ་དེ་གིས་ ཁ་ཙ་དྲོ་པ་ ཕུངམ་ལེན་ནིའི་དོན་ལུ་ སྣུམ་འཁོར་ཅིག་ གླ་ཁར་ལེན་ཏེ་ ས་རུད་ཆད་སའི་ས་ཁོངས་ནང་ ལྷོད་ཡོད་རུང་ ལམ་དེ་ ཤུགས་སྦེ་ར་ བསུབས་ཡོད་ནི་དེ་གིས་ འབད་ཐབས་ག་ནི་མེད་པར་ ས་གོ་ནང་ར་ ལུས་ཡོདཔ་ད་ ད་རིས་ འགྱོ་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།
སྐྱེས་ལོ་༣༩ ལང་མི་ བཱསི་གི་དེད་གཡོགཔ་ཅིག་གིས་ སླབ་མིའི་ནང་ དེ་བཟུམ་མའི་དཀའ་ངལ་དེ་ གནམ་བྱཱར་གྱི་དུས་ཚོད་ལུ་ ཨ་རྟག་ར་ བྱུངམ་ཨིན་ཟེར་བའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment