གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉེས་འཛུགས་འབད་ཡི་ཟེར་མི་དེ་ལུ་ བདེན་པ་མེདཔ།

༢༥/༥/༢༠༡༣   ༉ ཁ་ཙ་ མི་སེར་དམངས་གཙོ་ཚོགས་པའི་ ལྟ་བ་དང་གཞི་རྩ་ དེ་ལས་ མི་མང་གསལ་བསྒྲགས་ཚུ་གི་སྐོར་ལས་ བརྡ་བརྒྱུདཔ་ཚུ་ལུ་ ཐིམ་ཕུ་སྨད་ཀྱི་འདེམས་ངོ་ རྟ་མགྲིན་དབང་མོ་གིས་ གསལ་བཤད་འབད་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ བུ་ལོན་ལུ་ལྟ་སྟེ་ ཚ་གྱང་ཡོད་ལུགས་ཀྱི་སྐོར་ལས་ བཤད་ཡོདཔ་ཨིན།


མི་སེར་དམངས་གཙོ་ཚོགས་པ་གིས་ ཚོགས་རྒྱན་དགོ་ནིའི་དོན་ལུ་ དམག་མི་ཚུ་གི་ དགོངས་ཞུའི་ཟུར་ཕོགས་ ཡར་སེང་རྐྱབ་བྱིན་ནི་ཨིན་ཟེར་ སླབ་མི་ལུ་བརྟེན་ ཉེས་འཛུགས་འབད་ཡི་ཟེར་མི་དེ་ མི་བདེན་ཟེར་ཨིན་པས།
དམག་མི་ཚུ་ལུ་ སྦྱོང་བརྡར་ཚུ་ ལེགས་ཤོམ་སྦེ་ བྱིན་ནི་ཨིན་ཟེར་ སླབ་མི་དེ་ཡང་ ད་ལྟོ་སྒྲིག་ནང་ཡོད་མི་ དམག་མི་ཚུ་མེན་པར་ དགོངས་ཞུ་འབད་ཚར་མི་ཚུ་ལུ་ཨིནམ་ལས་ ཁོང་ལུ་ སྦྱོང་བརྡར་བྱིན་ཚུགས་པ་ཅིན་ ཤུལ་ལས་ དེ་ལུ་བརྟེན་པའི་ ལཱ་གཡོག་གཞན་ འབད་ཚུགས་ནི་མས་ཟེར་ མནོ་སྟེ་ཨིན་ཟེར་ཨིན་པས།
རྟ་མགྲིན་དབང་མོ་གིས་འབད་བ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་ འདེམས་ངོ་ཚུ་གིས་ རྒྱལ་ཁབ་ལུ་འཁྲི་མི་ བུ་ལོན་དེ་ལུ་ ཚ་གྱང་ལང་དགོཔ་མེད་ཟེར་ སླབ་དོ་ཡོདཔ་ཨིན་རུང་ བུ་ལོན་ཚུ་ གོང་འཕེལ་གྱི་ལཱ་ག་ཅི་བཟུམ་ཅིག་ནང་ བཏང་ཡོདཔ་ཨིན་ན་དང་ ག་ཅི་གི་ དོན་ལུ་ ལེན་ཡོདཔ་ཨིན་ན་ དཀར་པའི་གུ་ གནགཔོ་བཀལ་ཏེ་ སྟོན་ནི་མེདཔ་ལས་ ཚ་གྱང་ལང་དགོཔ་བྱུངམ་མས་ཟེར་ཨིན་པས།
བུ་ལོན་ལེན་པའི་སྐབས་ལུ་ཡང་ རང་གིས་ ལོག་སྤྲོད་ཚུགས་ཧིང་དང་འཁྲིལ་ ལེན་དགོཔ་ཁག་ཆེ་ཟེར་ཨིན་པས།
དེ་མ་ཚད་ སྤྱིར་བཏང་གྲོས་འཛོམས་འགོ་འདྲེན་འཐབ་མི་དེ་ རང་གི་དོན་ལུ་མེན་པར་ རྒྱལ་ཁབ་དང་ མི་སེར་གྱི་མཐའ་དོན་ལུ་ཨིནམ་ལས་ སྤྱིར་བཏང་གྲོས་འཛོམས་ལྟ་མི་ མི་སེར་ཚུ་གིས་ ཚོགས་པ་ག་གིས་ ཁོང་གི་ རེ་དོན་འགྲུབ་ཚུགས་ནི་ཨིན་ན་དང་ ཚོགས་པ་ ག་དེ་ གདམ་ཁ་རྐྱབ་ནི་ཨིན་ན་ ཧ་གོ་ཚུགས་ནི་ཨིནམ་མ་ཚད་ ཚོགས་པ་ག་གིས་ རྒྱལ་ཁབ་ལེགས་ཤོམ་སྦེ་ སྐྱོང་ཚུགས་ནི་ཨིན་ན་ ཧ་གོ་ཚུགས་ཟེར་ཨིན་པས།
མི་སེར་དམངས་གཙོ་ཚོགས་པ་གིས་ ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ ཁོང་ར་གིས་ འབད་ཚུགས་མི་དང་ འགན་ཁུར་ འབག་ཚུགས་མི་ཚུ་ གསལ་བསྒྲགས་འབདཝ་ཨིན་ཟེར་ཨིན་པས།
མི་སེར་ཚུ་གི་དོན་ལུ་ གནམ་གྲུ་ཧེ་ལི་ཀོབ་ཊར་གྱི་ ཞབས་ཏོག་སྤྲོད་ནི་ཨིན་ཟེར་ སླབ་མི་དེ་ཡང་ ཚོང་འབྲེལ་གྱི་ ཧེ་ལི་ཀོབ་ཊར་མེན་པར་ གློ་བུར་གྱི་རྐྱེན་ངན་ཚུ་ འབྱུང་བའི་སྐབས་ལུ་དང་ ན་ཚ་ལ་སོགས་པ་ཚུ་ འབྱུང་བའི་སྐབས་ལུ་ ལག་ལེན་འཐབ་ནིའི་དོན་ལུ་ཨིན་ཟེར་ཨིན་པས།
གནམ་གྲུ་ཧེ་ལི་ཀོབ་ཊར་རེ་ལུ་ གོང་ཚད་ཡུ་ཨེསི་ཌོ་ལར་ས་ཡ་༡.༦ མ་གཏོགས་ མི་གནས་ནི་ཨིནམ་ལས་ ཉོ་མ་ཚུགས་པའི་དཔེ་མི་སྲིད་ཟེར་ཨིན་པས།
འདས་པའི་གཞུང་ འབྲུག་ཕུན་སུམ་ཚོགས་པ་གིས་ མེ་ཀེན་ཛི་ལས་ལྡེ་ལུ་ ཟད་འགྲོ་ཡུ་ཨེསི་ཌོ་ལར་ས་ཡ་༩.༡ བཏང་མི་ལུ་ལྟཝ་ད་ གནམ་གྲུ་ཧེ་ལི་ཀོབ་ཊར་༥ དེ་ཅིག་ ཉོ་ཚུགས་པས་ཟེར་ རྟ་མགྲིན་དབང་མོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment