གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཔག་བསམ་ཁ་ལུ་ རྫས་རླུང་ཧའི་ཌོ་ཇེན་ སཱལ་ཕའིཌི་ ཐོན་ཡོད་པའི་ངོས་འཛིན།

དཔག་བསམ་ཁའི་ བཟོ་གྲྭ་འཕྲུལ་ཁང་།
 ༨/༠༡/༢༠༡༣། ༉ དཔག་བསམ་ཁ་བཟོ་གྲྭ་འཕྲུལ་ཁང་གི་ ས་ཁོངས་ནང་ བཟོ་གྲྭ་འཕྲུལ་ཁང་ཅིག་ལས་ སྒོང་རྡོག་རུལ་རུལཝ་བཟུམ་མའི་ དྲིམ་མནམ་མ་ཚད་ ཉེ་འདབས་ཀྱི་ འཕྲུལ་ཁང་གཞན་ཚུ་གི་ ལྕགས་ཤོག་ཚུ་ཡང་ མེདཔ་བཏང་དོ་ཡོད་པའི་སྐོར་ལས་ རྒྱལ་ཡོངས་རང་བཞིན་གནས་སྟངས་ལྷན་ཚོགས་ལུ་ སྙན་ཞུ་འབད་དེ་ ལོ་ལང་དོ་ཡོདཔ་ཨིན་པས།

ས་ཁོངས་ནང་ ལྟ་རྟོག་འབད་བར་སོང་མི་ ལྷན་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཤེལ་བཟོ་ནིའི་དོན་ལུ་ ལག་ལེན་འཐབ་མི་ སི་ལི་ཀཱོན་ ཀཱར་བའིཌི་ཐོན་སྐྱེད་འབད་མི་ སེནཊི་གོ་བཱེན་ སི་ར་མིག་འཕྲུལ་ཁང་ལས་ རྫས་རླུང་ཧའི་ཌོ་ཇེན་ སཱལ་ཕའིཌི་ ཐོན་དོ་ཡོད་པའི་ ངོས་འཛིན་བྱུང་ཡོདཔ་ཨིན་པས།


སི་ལི་ཀཱོན་ སཱལ་ཕའིཌི་ཐོན་སྐྱེད་ཀྱི་དོན་ལུ་ ཅ་ཆས་ཀཱོཊཟི་དང་ པེ་ཊོ་ལི་ཡམ་ ཀཱོཀ་གཉིས་ བཞུ་བའི་སྐབས་ ཧའི་ཌོ་ཇེན་སཱལ་ཕའིཌི་ ཐོན་དོ་ཡོདཔ་ད་ རྒྱལ་ཁབ་ཀྱི་ མཚན་རིག་མཁས་མཆོག་ཚུ་གིས་ སླབ་མིའི་ནང་ ཧའི་ཌོ་ཇེན་སཱལ་ཕའིཌི་དེ་ ཕྱི་ཁར་ཐོན་འགྱོ་བའི་བསྒང་ལས་ གནོད་ཅན་ཅིག་ལུ་ བསྒྱུར་དོ་ཡོདཔ་མ་ཚད་ ཆུ་དང་སླ་བསྲེས་པ་ཅིན་ སཱལ་ཕེའི་རིག་ ཨེ་སིཌི་ལུ་ འགྱུརཝ་ཨིན་ཟེར་ཨིན་པས།

ལྷན་ཚོགས་ཀྱི་ བསྟར་སྤྱོད་དང་ལྟ་རྟོག་སྡེ་ཚན་གྱི་གཙོ་འཛིན་ འཕྲིན་ལས་རྡོ་རྗེ་གིས་འབད་བ་ཅིན་ ལྷན་ཚོགས་ཀྱིས་ གནད་དོན་དེ་ལུ་ མཚན་རིག་གི་དབྱེ་ཞིབ་ ཡོངས་རྫོགས་འབད་ནི་ལུ་ ནུས་པ་མེདཔ་ལས་ རྒྱ་གར་ ལྡི་ལི་ལུ་ཡོད་པའི་ གཞུང་མིན་ལས་སྡེ་ཅིག་ལས་ རྒྱབ་སྐྱོར་འཚོལ་དོ་ཟེར་ཨིན་པས།


ཁོ་གིས་འབད་བ་ཅིན་ མ་གཞི་ དཔག་བསམ་ཁའི་ བཟོ་གྲྭ་འཕྲུལ་ཁང་གི་ ཇོ་བདག་ཚུ་གིས་ཡང་ དེ་གི་སྐོར་ལས་ དབྱེ་ཞིབ་འབད་ནི་ལུ་ ཁས་བླངས་འབད་ཡོདཔ་ཨིན་རུང་ གལ་སྲིད་ དབྱེ་ཞིབ་དེ་ ཁོང་གིས་འབད་བ་ཅིན་ ཁེ་ཕན་བཏགས་སྤྲོད་འབྱུང་སྲིད་ནི་ཨིནམ་ལས་ གནང་བ་མ་སྤྲོད་ཟེར་ཨིན་པས།


གཞུང་མིན་ལས་ཚོགས་ཀྱི་ འགོ་དཔོན་ཚུ་གིས་ དུས་ཅི་ སྤྱི་ཟླ་༢ པ་དང་༣ པ་ཁམས་ཅིག་ནང་ དཔག་བསམ་ཁའི་ ས་ཁོངས་ནང་ འགྱོ་ནི་ཨིནམ་བཞིན་དུ་ སེནཊི་ གོ་བཱེན་གྱིས་ འཕྲུལ་ཁང་གཞི་བཙུགས་ མ་འབད་བའི་ཧེ་མ་ལས་ རང་བཞིན་གནས་སྟངས་ཀྱི་དབྱེ་ཞིབ་ ལེ་ཤ་ཅིག་ར་འབད་ཡོདཔ་ལས་ གཞུང་མིན་ལས་ཚོགས་ཀྱི་ སྙན་ཞུ་དེ་ དྭངས་གསལ་ཅན་ཅིག་སྦེ་ བཏོན་དགོཔ་ཡོད་ཟེར་ཨིན་པས།


མ་གཞི་ ལྷན་ཚོགས་ཀྱིས་ ན་ཧིང་གི་ ལོ་མཇུག་དེ་ཅིག་ནང་ དཔག་བསམ་ཁའི་ ས་ཁོངས་ནང་ གནོད་སྐྱོན་ཅན་གྱི་ རླུང་དབྱེ་ཞིབ་འབད་བཅུག་ནིའི་དོན་ལུ་ རྒྱ་གར་ལས་ མཚན་རིག་མཁས་མཆོག་ཅིག་ འབོ་ཡོདཔ་ཨིན་རུང་ ཐིམ་ཕུའི་བཙོག་ཆུ་དང་འབྲེལ་བའི་ གཞན་ཡང་ ཞིབ་འཚོལ་འབད་དགོཔ་ ལེ་ཤ་ཐོན་མི་དང་འཁྲིལ་ དུས་ཚོད་མ་ཐོབ་པར་ དཔག་བསམ་ཁ་ལུ་ བཏང་མ་ཚུགས་ཟེར་ཨིན་པས།


སེནཊི་གོ་བཱེན་བཟོ་གྲྭ་འཕྲུལ་ཁང་གི་ ཉེ་འདབས་ལུ་ཡོད་པའི་ བཟོ་གྲྭ་འཕྲུལ་ཁང་ཅིག་གིས་ སླབ་མིའི་ནང་ ཁོ་གིས་ ལོ་ངོ་དག་པ་ཅིག་གི་ ཧེ་མ་ལས་ ཉོ་སྒྲུབ་འབད་དེ་ བཀབ་ཡོདཔ་ཨིན་རུང་ ད་རེས་ མེདཔ་ཐལ་ཡོདཔ་ད་ ད་ལྟོའི་བར་ན་ ག་ཅི་ཡང་ འབད་ནི་མིན་འདུག་ཟེར་ཨིནམ་མ་ཚད་ ཁོ་ར་ བཟོ་གྲྭ་འཕྲུལ་ཁང་ནང་ འགྱོ་བའི་སྐབས་ འཇིགས་སྣང་ལང་དོ་ཡོདཔ་མ་ཚད་ ལཱ་འབད་མི་ཚུ་ལུ་ལྟ་སྟེ་ ཕངསམ་མས་ཟེར་ ཨིན་པའི་གནས་ུལ།

ཉི་མ་དབང་འདུས།
 

No comments:

Post a Comment