གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལོ་༣ གྱི་ཉེས་བྱ་ཡོངས་བསྡོམས་དང་ཕྱདཔ་ད་ ན་ཧིང་གི་ མཐོ་དོ་ཡོདཔ།

༡༦/༡/༢༠༡༣   ༉ ཐིམ་ཕུ་ཁྲིམས་སྲུང་འགག་སྡེའི་ གནད་སྡུད་དང་འཁྲིལཝ་ད་ རྒྱལ་ཁབ་ནང་ སྤྱི་ལོ་༢༠༠༩ ལས་༢༠༡༡ འབདཝ་ད་ ལོ་༣ གྱི་རིང་ སྣུམ་འཁོར་བརྡ་སྟོན་དང་འབྲེལ་བའི་ ཉེས་བྱ་བསྡུ་ལེན་འབད་མི་ཚུ་དང་ཕྱདཔ་ད་ སྤྱི་ལོ་༢༠༡༢ རྐྱངམ་གཅིག་ནང་ བསྡུ་ལེན་འབད་མི་ ཉེས་བྱ་དེ་ མཐོ་དྲགས་སྦེ་ཡོདཔ་ཨིན་པས།


དེ་ཡང་ སྤྱི་ལོ་༢༠༠༩ ལས་༢༠༡༡ ཚུན་ ཉེས་བྱ་བསྡོམས་ དངུལ་ཀྲམ་༢༢,༤༦,༤༠༦༠ བསྡུ་ལེན་འབད་ཡོདཔ་ད་ ན་ཧིང་གི་ལོ་ནང་ དངུལ་ཀྲམ་༣,༡༡,༥༥༠༣༧ བསྡུ་ལེན་འབད་ཡོདཔ་ཨིན་པས།
ན་ཧིང་གི་ལོ་ནང་ སྣུམ་འཁོར་བདའ་སྟོན་གྱི་ ཁྲིམས་ལུགས་དང་འགལ་བའི་ འབྱོར་འཛིན་ཚུ་སྤྲོད་ཐོག་ལས་ ཉེས་བྱ་བསྡུ་ལེན་འབད་མི་དེ་ མཐོ་ཤོས་ར་ སྣུམ་འཁོར་ཆུང་བ་ཚུ་ལས་ཨིནམ་བཞིན་དུ་ དེ་ནང་ དངུལ་ཀྲམ་༡༥,༡༡,༩༩༡༠ བསྡུ་ལེན་འབད་ཡོདཔ་ད་ དེ་གི་འོག་ལས་ར་ སྣུམ་འཁོར་སྦོམ་དང་ བར་མ་ཚུ་ལས་ ཉེས་བྱ་དངུལ་ཀྲམ་༨༥,༠༦༡༤༡ བསྡུ་ལེན་འབད་ནུག།
སྙན་ཞུ་དང་འཁྲིལཝ་ད་ སྣུམ་འཁོར་བདའ་སྟོན་ཁྲིམས་ལུགས་ལས་འགལ་བའི་ གནད་དོན་ཉུང་ཤོས་དེ་ གཞུང་འཁོར་ཚུ་གི་གྲས་ལུ་ཨིནམ་ད་ དེ་ཚུ་ལས་ ཉེས་བྱ་དངུལ་ཀྲམ་༥༨,༦༢༥༠ བསྡུ་ལེན་འབད་ཡོདཔ་ཨིན་པས།
དེ་ལས་ གླ་འཁོར་ཚུ་ལུ་བརྟེན་པའི་ ཉེས་བྱ་དངུལ་ཀྲམ་༤༤,༠༠༥༠༡ དང་ འཁོར་ལོ་གཉིསམ་འབད་བའི་ སྣུམ་འཁོར་ཚུ་ལས་ དངུལ་ཀྲམ་༡༤,༠༨༣༤༧ དེ་ལས་ སྣུམ་འཁོར་གྱི་ རྐྱེན་ངན་ཚུ་ལུ་བརྟེན་པའི་ ཉེས་བྱ་དངུལ་ཀྲམ་༡༡,༣༣༨༩༥ བསྡུ་ལེན་འབད་ནུག།
གནད་སྡུད་དེ་ཡང་ ལུང་ཕྱོགས་ཁག་༡༢ ལུ་ དབྱེ་སྟེ་ཡོདཔ་བཞིན་དུ་ དེ་ཚུའི་གྲས་ལས་ ཉེས་བྱ་མཐོ་ཤོས་དེ་ ཐིམ་ལུང་ཕྱོགས་ལས་ དངུལ་ཀྲམ་༢༡,༠༧,༩༥༥༠ བསྡུ་ལེན་འབད་མི་དེ་ཨིནམ་ད་ དེ་གི་འོག་ལས་ར་ ཕུན་ཚོགས་གླིང་ལུང་ཕྱོགས་ནང་ལས་ དངུལ་ཀྲམ་༢༤,༤༧,༡༥༠ བསྡུ་ལེན་འབད་མི་དེ་ཨིན་པས།
དེ་ལས་ བསམ་རྩེ་ལུང་ཕྱོགས་ནང་ ཁྲིམས་ལུགས་ལས་འགལ་བའི་ གཞུང་འཁོར་དང་ སྣུམ་འཁོར་རྐྱེན་ངན་གྱི་གནད་དོན་ ཕུད་རྡོག་གཅིག་ཡང་ མ་ཐོནམ་ད་ བཀྲིས་སྒང་ལུ་ཡང་ སྣུམ་འཁོར་རྐྱེན་ངན་ ཕུད་རྡོག་གཅིག་ཡང་ མ་ཐོནམ་ཨིན་པས།
ཐིམ་ཕུ་ལུང་ཕྱོགས་ཀྱི་ གནད་སྡུད་ལྟར་དུ་འབད་བ་ཅིན་ ན་ཧིང་གི་ལོ་ནང་ སྣུམ་འཁོར་ཁྲིམས་འགལ་གྱི་ ཉེས་བྱའི་འབྱོར་འཛིན་ བསྡོམས་༡༧,༣༧༧ སྤྲོད་ས་ལས་ སྣུམ་འཁོར་ཚུ་ ཤུགས་ཚད་ལས་བརྒལ་ཏེ་ བཏང་མིའི་གནད་དོན་༢,༥༢༨ ཐོན་མི་དེ་ མཐོ་ཤོས་ཅིག་སྦེ་ ངོས་འཛིན་འབད་ནུག།
དེ་ལས་ སྣུམ་འཁོར་བཏངམ་ད་ འགྲུལ་འཕྲིན་ལག་ལེན་འཐབ་མི་༢,༣༡༢ དང་ དབྱེ་ཞིབ་འབད་སའི་ ས་ཁོངས་ནང་ སྣུམ་འཁོར་གཏང་ཆོག་པའི་ ལག་ཁྱེར་བཏོན་ནི་མེད་མི་༢,༢༠༡༦ ཐོན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༢ ལུ་ རྒྱལ་ཁབ་ནང་ སྣུམ་འཁོར་བརྡ་སྟོན་དང་འབྲེལ་བའི་ ཁྲིམས་འགལ་འབྱོར་འཛིན་༢༦,༤༥༤ བཏོགས་མིའི་གྲས་ལས་༡༧,༣༧༧ ཐིམ་ཕུ་ལུ་ཨིན་པས།
དེ་བཟུམ་སྦེ་ ལོ་དེ་ནང་ སྣུམ་འཁོར་གཏང་ཆོག་པའི་ ལག་ཁྱེར་༦༢༠ ཁྲིམས་འགལ་ངོ་རྟགས་ཀྱི་དོན་ལུ་ དོང་སྤེད་ཡོདཔ་ད་ ལག་ཁྱེར་༦ ཆ་མེད་བཏང་ཡོདཔ་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment