གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྒེར་སྡེ་ཚུ་ནང་ ལཱ་གཡོག་གི་གོ་སྐབས་ ཡར་སེང་འགྱོ་དོ་ཡོདཔ།

༡༥/༡/༢༠༡༣   ༉ གཞུང་དང་ ལས་འཛིན་ དེ་ལས་ གཞུང་མིན་ལས་སྡེ་ཚུ་ནང་ ལཱ་གཡོག་གི་གོ་སྐབས་ཚུ་ དཀོན་སུ་འགྱོ་དོ་ཡོདཔ་ཨིན་རུང་ སྒེར་སྡེ་ཚུ་ནང་ ཡར་སེང་འགྱོ་དོ་ཡོདཔ་ཨིན་པས།


སྤྱི་ལོ་༢༠༠༣ ལུ་ སྒེར་སྡེ་ཚུ་ནང་ ལཱ་གཡོག་གི་གོ་སྐབས་༩༦ བྱིན་ཡོདཔ་ཨིན་རུང་ སྤྱི་ལོ་༢༠༡༡ ལུ་༤,༠༠༠ ལུ་ ཡར་སེང་སོང་ཡོདཔ་ད་ སྤྱི་ལོ་༢༠༡༠ ལུ་ སྒེར་སྡེ་ཚུ་ནང་ གཡོག་གི་གོ་སྐབས་༡,༩༠༠ བྱིན་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༡ ལུ་ གཞུང་གིས་ ལཱ་གཡོག་གི་གོ་སྐབས་༢,༣༩༧ བྱིན་ཡོདཔ་ད་ ལས་འཛིན་ཚུ་ནང་༡,༣༤༩ དེ་ལས་ གཞུང་མིན་ལས་སྡེ་ཚུ་ནང་ གོ་སྐབས་༧༡ བྱིན་ཡོདཔ་ད་ སྤྱི་ལོ་༢༠༡༠ ལུ་ གཞུང་དང་ ལས་འཛིན་ དེ་ལས་ གཞུང་མིན་ལས་སྡེ་༣ ནང་ ལཱ་གཡོག་གི་གོ་སྐབས་༤,༠༠༠ དེ་ཅིག་ བྱིན་ཡོདཔ་ཨིན་པས།
རྒྱལ་ཡོངས་མི་སྟོབས་གོང་འཕེལ་གྲོས་སྟོན་གྱི་ ལས་རིམ་དང་འཁྲིལཝ་ད་ ལཱ་གཡོག་གི་གོ་སྐབས་ཚུ་ གཙུག་ལག་གཞི་རིམ་གྱི་ ཤེས་ཚད་དང་ འཕྲུལ་རིག་གི་སློབ་ཕྲུག་ དེ་ལས་ སློབ་རིམ་༡༢ པ་དང་༡༠ པ་ མཐར་འཁྱོལ་མི་ཚུ་གི་དོན་ལུ་ཨིན་པས།
ལས་གཡོག་ལྷན་ཁག་གི་ མི་སྟོབས་གོང་འཕེལ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ བཤད་མིའི་དང་འཁྲིལཝ་ད་ གཞུང་གཡོག་ནང་ ལཱ་འཐོབ་ནི་དེ་ ལཱ་ཁག་ཅན་ཅིག་ལུ་གྱུར་ཏེ་ ཡོད་ཟེར་ཨིནམ་ད་ གཞུང་གི་གཡོག་ཚུ་ མང་ཤོས་ར་ ཧེ་མ་ལས་ཡོད་མི་ ལས་བྱེདཔ་དགོངས་ཞུ་འབད་མི་ཚུ་གི་ ས་སྟོང་བསུབ་ནིའི་དོན་ལུ་ ཨིན་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ལས་འཛིན་ཚུ་ནང་ཡང་ དེ་བཟུམ་སྦེ་ར་ འགྱོཝ་མས་ཟེར་ཨིན་པས།
འགོ་དཔོན་ཚུ་གིས་འབད་བ་ཅིན་ མ་གཞི་ སྒེར་སྡེ་ཚུ་ནང་ གཡོག་གི་གོ་སྐབས་ཚུ་ ཡར་སེང་འགྱོ་དོ་ཡོདཔ་ཨིན་རུང་ ལས་སྡེ་ཚུ་གིས་ མང་ཤོས་ར་ རིག་རྩལ་ཅན་གྱི་ ལས་བྱེདཔ་ཚུ་ འཚོལཝ་མས་ཟེར་ཨིན་པས།
སྒེར་སྡེའི་ འགོ་དཔོན་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་ལུ་དགོཔ་དེ་ རིག་རྩལ་ཅན་གྱི་ ལས་བྱེདཔ་དེ་ ཨིན་ཟེར་ཨིན་པས།
དེ་འབདཝ་ད་ རིག་རྩལ་ཅན་གྱི་ ལས་བྱེདཔ་འཐོབ་ནི་ལུ་ཡང་ ལཱ་ཁག་འདུག་ཟེར་ཨིན་པས།
རྒྱལ་ཡོངས་མི་སྟོབས་གོང་འཕེལ་གྲོས་སྟོན་གྱི་ ལས་རིམ་དང་འཁྲིལཝ་ད་ ལོ་༥ འི་འཆར་གཞི་༡༡ པ་ མཇུག་བསྡུ་བའི་བསྒང་ལས་ ཁྲོམ་ཁར་ གཡོག་འཚོལ་མི་༢༢,༠༠༠ དེ་ཅིག་གི་དོན་ལུ་ གཡོག་གི་གོ་སྐབས་༡,༢༢,༠༠༠ དེ་ཅིག་ སྤྲོད་དགོ་ནི་མས་ཟེར་ཨིན་པས།
མི་སྟོབས་གོང་འཕེལ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ད་ལྟོ་ བརྡ་དོན་དང་འཕྲུལ་རིག་ནང་ གཙུག་ལག་གཞི་རིམ་ལྷབ་མི་ཚུ་ དགོས་མཁོ་ཉུང་ནི་དེ་གིས་ ཁོང་གི་དོན་ལུ་ གཡོག་གི་གོ་སྐབས་ ཉུང་མས་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ཚུན་ཚོད་ཀྱི་བར་ན་ བརྡ་དོན་དང་འཕྲུལ་རིག་ལྷབ་མི་སློབ་ཕྲུག་ ག་དེམ་ཅིག་ ལཱ་གཡོག་མ་ཐོབ་པར་ལུས་ཡོདཔ་ཨིན་ནའི་སྐོར་ལས་ ཁ་གསལ་བཀོད་དེ་མེད་རུང་ མི་སྟོབས་གོང་འཕེལ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ སླབ་མིའི་ནང་ བརྡ་དོན་འཕྲུལ་རིག་གི་ སློབ་ཕྲུག་ ལོ་༢ དང་༣ དེ་ཅིག་ ལཱ་གཡོག་མ་ཐོབ་པར་ ལུས་མི་ཚུ་ ཡོད་ཟེར་ཨིན་པས།
དེ་འབདཝ་ལས་ ན་གཞོན་གཡོག་མ་ཐོབ་པར་ ལུས་མི་ཚུ་ཡང་ ཁོང་རང་དགོ་མི་ ལཱ་གཡོག་མ་ཐོབ་པའི་ཁར་ ལས་སྡེ་དང་ ལས་འཛིན་ཚུ་གིས་ ལཱ་གཡོག་གི་ ཉམས་མྱོང་མེད་མི་ལུ་བརྟེན་ཏེ་ཨིན་མས་ཟེར་ མི་སྟོབས་གོང་འཕེལ་སྡེ་ཚན་གྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment