གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རིགས་གསུམ་དགོན་པའི་ལྷ་ཁང་ ཨརཝ་ཤོར་ཡོདཔ།

༡༩/༡/༢༠༡༣   ༉ དུས་རབས་༡༨ པའི་ནང་ རྗེ་མཁན་ཁྲི་རབས་༩ པ་ཤཱཀྱ་རིན་ཆེན་གྱི་ཞལ་སློབ་ བླམ་ཚེ་རིང་རྒྱ་མཚོ་གིས་ གདན་ས་ཕྱག་བཏབ་གནང་མི་ བཀྲིས་གཡང་རྩེ་རིགས་གསུམ་དགོན་པའི་ ལྷ་ཁང་ནང་ལས་ གླངམོ་ཆེའི་མཆེཝ་༡ དང་ གཟི་རྫུས་མ་དག་པ་ཅིག་ ཨར་རྐུན་ཤོར་ཡོདཔ་ཨིན་པས།


ཨར་རྐུན་དེ་ཡང་ སྤྱི་ཟླ་༡ པའི་ཚེས་༡༧ གྱི་ནུབ་མོར་ ཤོར་སོ་ནུག་ཟེར་ བཀྲིས་གཡང་རྩེའི་ ཁྲིམས་སྲུང་འགག་པ་གིས་ སླབ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགོ་དཔོན་ཅིག་གིས་ སླབ་མིའི་ནང་ ལྷ་ཁང་གི་ དཀོན་གཉེར་གྱིས་ ངག་བརྗོད་ཕུལ་མི་དང་འཁྲིལཝ་ད་ དེ་ཚེ་ ནུབ་མོའི་ཆུ་ཚོད་༡༠ དེ་ཅིག་ཁར་ ལྷ་ཁང་སྐོར་ར་རྐྱབ་ལྟཝ་ད་ ག་ཅི་ཡང་ མ་འབདཝ་ཨིན་རུང་ དེ་གི་ནངས་པར་ དྲོ་པ་ཆུ་ཚོད་༦ དེ་ཅིག་ཁར་ ལྟ་བའི་བསྒང་ལས་ ལྷ་ཁང་གི་ སྒོའི་རྣལ་ལྕགས་ སྤོག་བཏང་ནུག་ཟེར་ཨིན་པས།
གནད་དོན་དེ་གི་སྐོར་ལས་ དཀོན་གཉེར་གྱིས་ གཡུས་ཁའི་ཚོགས་པ་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ཚོགས་པ་གིས་ རྒཔོ་ལུ་སླབ་སྟེ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
ཨར་རྐུན་འབད་མི་དེ་ ག་ཨིན་ན་ མ་ཤེས་རུང་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་ལས་ ལག་རྗེས་དང་ རྐང་རྗེས་ཚུ་ བསྡུ་ལེན་འབད་དེ་ཡོད་ཟེར་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་ སླབ་པའི་ཁར་ རྐང་རྗེས་ཚུ་ལུ་ལྟཝ་ད་ དོགས་ཅན་ཚུ་གིས་ ཆུ་ལྷམ་བཙུགས་ནུག་ཟེར་ སླབ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ་ད་ གལ་སྲིད་ ཨརཝ་བརྐུ་ཚུ་གི་སྐོར་ལས་ ག་གིས་ར་ སྙན་ཞུ་འབད་རུང་ ཁྲིམས་སྲུང་འགག་པ་གིས་ དགའ་ཚོར་གྱི་ གསོལ་རས་ཚུ་ཡང་ འབོར་ཆེ་ཏོག་ཏོ་སྦེ་ བྱིན་ནི་ཟེར་ བཤདཔ་ཨིན་པས།
རིགས་གསུམ་དགོན་པ་དེ་ འབུམ་སྡེ་གླིང་རྒེད་འོག་ལས་ གྱེན་ལམ་བདའ་སྟེ་ དུས་ཡུན་ཆུ་ཚོད་༣ ལམ་འགྱོ་དགོ་པའི་ ས་ཁར་ཡོདཔ་ཨིན་པས།
ད་ལྟོ་ཚུན་ཚོད་ རྒྱལ་ཁབ་ནང་འཁོད་ཀྱི་ ལྷ་ཁང་༨ ལས་ གླངམོ་ཆེའི་མཆེཝ་༡༤ ཨར་རྐུན་ཤོར་ཡོད་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment