གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚོད་བསྲེ་སྦུང་ཚོང་འཐབ་མི་ཚུ་ལུ་ ཆོག་ཐམ་མེདཔ།

༡༩/༡/༢༠༡༣   ༉ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ རུ་པི་མ་ལང་པའི་དཀའ་ངལ་བསལ་ཐབས་ལུ་ ཐིམ་ཕུ་སོ་ནམ་བརྒྱ་འཁོར་ཚོང་ཁྲོམ་ལུ་ ཚོད་བསྲེ་སྦུང་ཚོང་བཙོང་ཆོག་པའི་ འཐུས་མི་༡༤ ལུ་ གནང་བ་སྤྲོད་ཡོད་རུང་ ད་ལྟོའི་བར་ན་ཡང་ ཆོག་ཐམ་མེད་པར་ སྦུང་ཚོང་འཐབ་ནི་འདུག་ཟེར་ སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ཀྱི་ འགོ་དཔོན་གྱིས་ སླབ་ཨིན་པས།


སྦུང་ཚོང་འཐབ་མི་འཐུས་མི་ཚུ་གིས་ བསིལ་ཚོང་རྐྱབ་མི་ཚུ་ལུ་ ཚོད་བསྲེ་བཀྲམ་སྤེལ་འབད་ཡོདཔ་མ་ཚད་ ཚོང་མགྲོན་པ་ཚུ་ལུ་ བསིལ་ཚོང་རྐྱབ་མི་ཡང་འདུག་ཟེར་ སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ཀྱི་ འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
སོ་ནམ་ཚོང་འབྲེལ་དང་ མཉམ་འབྲེལ་ལས་ཁུངས་ མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ སླབ་མི་དང་འཁྲིལཝ་ད་ ལས་ཁུངས་ཀྱི་ཁ་ཐུག་ལས་ སྦུང་ཚོང་རྐྱབ་མི་ཚུ་ལུ་ ཆོག་ཐམ་སྤྲོད་ཐོག་ལས་ ཚོད་བསྲེ་ཚོང་འབྲེལ་གྱི་ བྱ་སྟབས་བདེ་ཧིང་དང་ ཚོད་བསྲེ་ཡར་དྲག་གཏང་ནི་ལུ་ དམིགས་གཏད་ གྲོས་བསྟུན་འབད་ཡི་ཟེར་ཨིན་པས།
ཐིམ་ཕུ་ཚོད་བསྲེ་ཚོང་ཁྲོམ་ཁར་ ད་རེས་ནངས་པ་ སྦུང་ཚོང་རྐྱབ་མི་ཚུ་གིས་ ཚོང་མགྲོན་པ་ཚུ་ལུ་ ཚོད་བསྲེ་ཚུ་ གོང་ཚད་མར་ཕབ་སྦེ་ བཙོང་དོ་ཡོདཔ་ལས་ བསིལ་ཚོང་རྐྱབ་མི་ཚུ་ལུ་ བྱ་སྟབས་མ་བདེ་བའི་ དཀའ་ངལ་སྦོམ་ཐོན་ཏེ་ཡོད་ཟེར་ ཚོང་འབྲེལ་དང་མཉམ་འབྲེལ་ལས་ཁུངས་ལས་ ཚོང་འབྲེལ་གཙོ་འཛིན་འགོ་དཔོན་ པདྨ་གཡུ་སྒྲོན་གྱིས་ སླབ་ཨིན་པས།
ཚོང་འབྲེལ་ལས་ཁུངས་ཀྱི་ མཉམ་འབྲེལ་མདོ་ཆེན་ རྡོ་ཕུག་ཚེ་རིང་གིས་འབད་བ་ཅིན་ ད་ཚུན་ ལས་ཁུངས་ལས་ ཆོག་ཐམ་མ་བྱིན་པར་བཞག་མི་དེ་ སོ་ནམ་དང་ནགས་ཚལ་ལྷན་ཁག་ལས་ སྦུང་ཚོང་རྐྱབ་མི་ཚུ་ལུ་ ལག་ཁྱེར་བྱིན་ཆོག་པའི་ གྲོས་བསྟུན་ཡིག་ཆས་ལུ་ བསྒུག་སྡོད་ཡོད་ཟེར་ཨིན་པས།
སྦུང་ཚོང་རྐྱབ་ནིའི་དོན་ལུ་ གྲོས་ཐག་བཅད་དེ་ ངོས་ལེན་འབད་ཞིནམ་ལས་ ཆོག་ཐམ་འོང་དགོཔ་ གལ་ཆེ་ཟེར་ཨིནམ་ད་ ལག་ཁྱེར་མེད་པ་ དེ་སྦེ་ར་ཡུན་རིངམོ་སྦེ་བཞག་པ་ཅིན་ བསིལ་ཚོང་རྐྱབ་མི་དང་ ཚོང་མགྲོན་འཐབ་མི་ཚུ་ལུ་ དཀའ་ངལ་སྦོམ་འབྱུང་འོང་ཟེར་ ཨིན་པས།
སྦུང་ཚོང་རྐྱབ་མིའི་གྲངས་སུ་ བརྩི་འཇོག་འབད་བའི་ཤུལ་ལུ་ ཆོག་ཐམ་མེད་མི་ལུ་བརྟེན་ ཁོང་གིས་ཡང་ བསིལ་ཚོང་རྐྱབ་སྡོད་པ་ཅིན་ གོང་ཚད་སྤྱི་མཐུན་མ་འགྱོ་བར་ བྱ་སྟབས་མ་བདེ་བའི་དཀའ་ངལ་ སྦོམ་འཐོན་འོང་ཟེར་ཨིན་པས།
དངུལ་ཁང་ལྟེ་བ་གིས་འབད་བ་ཅིན་ རུ་པིའི་དཀའ་ངལ་བསལ་ཐབས་ལུ་ མི་ག་ར་ སྦུང་ཚོང་རྐྱབ་དགོཔ་མེད་ཟེར་ཨིན་པས།
ཚོད་བསྲེ་སྦུང་ཚོང་རྐྱབ་མི་ དོན་གྲུབ་ཀྱིས་སླབ་མིའི་ནང་ འབྲེལ་ཡོད་ལས་ཁུངས་ཀྱི་འགོ་དཔོན་ཚུ་དང་ གྲོས་བསྟུན་ཞལ་འཛོམས་འཚོགས་ཏེ་ གྲོས་ཐག་བཅད་མི་དང་འཁྲིལཝ་ད་ ཟླཝ་༥ གི་ཧེ་མ་ལས་ ཆོག་ཐམ་ཚུ་གནང་དགོཔ་ཨིན་རུང་ ད་ལྟོའི་བར་ན་ཡང་ ཆོག་ཐམ་འཐོབ་མ་ཚུགས་ཟེར་ཨིན་པས།
བཀྲིས་གཡང་རྩེ་ལས་ཨིན་མི་ བསོད་ནམས་ཀྱིས་ སྦུང་ཚོང་རྐྱབ་མི་ཚུ་གིས་ ཚོད་བསྲེ་ཚུ་ གོང་ཚད་དམའ་ཤོས་ཀྱི་ཐོག་ལུ་ ཚོང་འབྲེལ་འཐབ་ད་ བསིལ་ཚོང་རྐྱབ་མི་ཚུ་ གྱོང་རྒུད་སྦོམ་ཕོག་དོ་ཡོདཔ་ལས་ དཀའ་ངལ་བསལ་ཐབས་ལུ་ འབྲེལ་ཡོད་འགོ་དཔོན་ཚུ་གིས་ ཆོག་ཐམ་གནང་དགོཔ་འདུག་ཟེར་ སླབ་ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment