གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བརྟག་དཔྱད་དོན་ལུ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་བཏང་ཡོདཔ།

༥/༡/༢༠༡༉ བསམ་རྩེ་ རྡོ་རོ་ཁ་ལུ་ སྐྱེས་ལོ་༡༣ ལང་མི་ བུཚ་༡ གིས་ དབང་བཙོང་ལུས་འབྲེལ་འབད་ནི་གི་ དཔའ་བཅམ་མི་ སྐྱེས་ལོ་༥ ལང་མི་ བུམོ་ཅུང་དེ་ བསམ་རྩེ་རྫོང་ཁག་སྨན་ཁང་ནང་ བརྟག་དཔྱད་འབདཝ་ད་ ལུས་འབྲེལ་འབད་ཡོད་པའི་ རྟགས་མཚན་མ་ཐོནམ་ཨིན་པས།


རྫོང་ཁག་གསོ་བའི་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྤྱི་ཟླ་༡༢ པའི་ཚེས་༢༠ ལུ་བྱུང་མི་ བྱུང་རྐྱེན་དེ་ སྤྱི་ལོ་༢༠༡༣ ཟླ་༡ པའི་ཚེས་༢ ལུ་ བརྟག་དཔྱད་འབད་བའི་སྐབས་ ལུས་འབྲེལ་འབད་བའི་ རྟགས་མཚན་ཚུ་ ག་ནི་ཡང་ མ་ཐོན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དེ་བཟུམ་མའི་ བརྟག་དཔྱད་གྲུབ་འབྲས་ ཐོན་དགོ་མི་དེ་ཡང་ ཡང་ཅིན་ ལུས་འབྲེལ་མ་འབདཝ་ཨིནམ་ད་ ཡང་ཅིན་ བྱུང་རྐྱེན་དང་ བརྟག་དཔྱད་ཀྱི་བར་ན་ དུས་ཡུན་ལེ་ཤ་སོང་ནི་དེ་གིས་ ཨིནམ་འོང་ཟེར་ སླབ་ཨིན་པས།
ཨིན་རུང་ བརྟག་དཔྱད་ལེགས་ཤོམ་འབད་ནིའི་དོན་ལུ་ བུམོ་ཅུང་དེ་ སྤྱི་ཟླ་༡ པའི་ཚེས་༣ ལུ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཏང་ཡི་ཟེར་ཨིན་པས།
བྱུང་རྐྱེན་དེ་གི་སྐོར་ལས་ བུམོ་ཅུང་དེ་གི་ ཕམ་ཚུ་གིས་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ སྙན་ཞུ་འབད་ཡོདཔ་ཨིན་པས།
བུཚ་དེ་གི་ ཨ་པ་གིས་ ཀུན་གསལ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ དེ་ཚེ་ཉིན་མ་ བུམོ་ཅུང་དེ་ ཁོང་གི་ཁྱིམ་ནང་ ཨ་ལུ་ཚུ་དང་གཅིག་ཁར་ རྩེདམོ་རྩེ་བར་འོང་ཡོདཔ་བཞིན་དུ་ ཁྱིམ་ཚང་གི་ ཨ་ལུ་ལྟ་མི་ བུམོ་དེ་གིས་ སྐྱེས་ལོ་༥ ལང་མི་ བུམོ་ཅུང་དེ་གི་ ཕམ་ཚུ་ལུ་ བུཚ་དེ་གིས་ བུམོ་ཅུང་དེ་ལུ་ དབང་བཙོང་ལུས་འབྲེལ་འབད་ནི་གི་ དཔའ་བཅམ་དེས་ཟེར་ སླབ་པའི་ཤུལ་ལུ་ བུམོ་ཅུང་གི་ ཕམ་ཚུ་གིས་ ཁོ་གི་བུ་དེ་ འབོ་ཞིནམ་ལས་ དྲི་དཔྱད་འབད་ནུག་ཟེར་ཨིན་པས།
བུཚ་གི་ ཨ་པ་གིས་ སླབ་མིའི་ནང་ ཁོ་གི་བུ་དེ་ ཆ་རོགས་ཚུ་དང་གཅིག་ཁར་ ཕུཊ་བཱོལ་རྩེ་ས་ལས་རང་ ཕམ་ལུ་ བརྡ་ལེན་ག་ཅི་ཡང་མ་འབད་བར་ ཁྲིམས་སྲུང་འགག་པའི་ཡིག་ཚང་ནང་ ཁྱིད་འགྱོ་བའི་ལམ་ཁར་ ཕྱད་ཅི་ཟེར་ཨིནམ་ད་ དེ་བསྒང་ ཁྱོད་ཀྱི་བུ་གིས་ ངེ་གི་བུམོ་ལུ་ དབང་བཙོང་ལུས་འབྲེལ་འབད་ནུག་ཟེར་སླབ་སྟེ་ ཁོ་ཡང་ གཅིག་ཁར་སོང་ཡི་ཟེར་ཨིན་པས།
གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བུམོ་ཅུང་དེ་གི་ ཕམ་ཚུ་གིས་ བུམོ་ཅུང་དེ་ རྡོ་རོ་ཁ་གཞི་རྟེན་སྨན་ཁང་ནང་ བརྟག་དཔྱད་འབད་བར་ བསྐྱལ་ཡོདཔ་བཞིན་དུ་ སྨན་ཁང་གི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ འདོད་སྤྱོད་འབད་ཡོད་པའི་ སྙན་ཞུ་མིན་འདུག་ཟེར་ཨིན་པས།
ཨིན་རུང་ ཁྲིམས་སྲུང་འགག་པའི་ འགོ་དཔོན་གྱིས་འབད་བ་ཅིན་ ད་ལྟོ་ གསོ་བའི་བརྟག་དཔྱད་སྙན་ཞུ་ཚུ་ མ་ལྷོད་ཚུན་ ག་ཅི་ཡང་སླབ་མི་ཤེས་པས་ཟེར་ ཨིན་པའི་གནས་ཚུལ།


ཡེ་ཤེས་སྒྲོལ་མ།

No comments:

Post a Comment