གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བེཊ་མིན་ཊཱོན་རྩེད་འགྲན་ འགོ་འདྲེན་འཐབ་དོ་ཡོདཔ།

༥/༡/༢༠༡༣   ༉ ཁ་ཙ་ ཐིམ་ཕུ་ལུ་ཡོད་པའི་ ན་གཞོན་དཔལ་རིའི་ ས་ཁོངས་ནང་སྦེ་ སྒྲོ་རྩེད་ བེཊི་མིན་ཊཱོན་འགྲན་བསྡུར་ འགོ་བཙུགས་ཡོད་མི་དང་འབྲེལ་ ཁང་མིག་༢ ནང་འབདཝ་ད་ རྩེད་འགྲན་ཁག་༦ འགོ་འདྲེན་འཐབ་ཅི།
འགྲན་བསྡུར་དེ་ནང་ མི་གྲངས་༤༩ གིས་ བཅའ་མར་གཏོགས་མི་ལས་༡༧ ཨམ་སྲུ་ཨིནམ་བཞིན་དུ་ ད་རེས་ སྒེར་སྡེ་གིས་ ཁག་འབག་ཐོག་ རྩེད་རིགས་ཀྱི་ལས་རིམ་ འགོ་འདྲེན་འཐབ་མི་དེ་ འགོ་དང་པ་ཨིན་པས།

ཕོ་མོ་ཟུང་འབྲེལ་གྱི་ རྩེད་འགྲན་འབད་བའི་བསྒང་།


རྩེད་འགྲན་འགོ་འདྲེན་འཐབ་མི་ སྒེར་སྡེའི་ལས་སྡེ་ འོད་ཟེར་ ཨི་བེནཊསི་ལས་ ཀུན་ལེགས་དཔལ་འབྱོར་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ རྩེད་འགྲན་དེ་ ཁོང་གིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་རུང་ རྩེད་འགྲན་གྱི་ཅ་ཆས་དང་ རྩེད་སའི་ཁང་མིག་ཚུ་ འབྲུག་བེཊི་མིན་ཊཱོན་ཚོགས་སྡེ་གིས་ གྲོགས་རམ་འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་རེས་ཀྱི་ རྩེད་འགྲན་ནང་ བཅའ་མར་གཏོགས་མི་ མི་ངོ་རེ་ལས་ འཛུལ་འཐུས་དངུལ་ཀྲམ་༥༠༠ རེ་ བསྡུ་ལེན་འབད་ཡོདཔ་ད་ འབྲུག་བེཊི་མིན་ཊཱོན་ཚོགས་སྡེ་ལས་ ཁག་འབག་ཐོག་ ལེན་མི་དང་འཁྲིལ་ ལོ་༣ གྱི་རིང་ རྩེད་འགྲན་དེ་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།
རྩེད་འགྲན་དེ་ནང་ རྒས་ཤོས་ར་ སྐྱེས་ལོ་༥༡ འབད་མི་དང་ གཞོན་ཤོས་ར་ སྐྱེས་ལོ་༡༦ འབད་མི་ཚུ་གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
འོད་ཟེར་ ཨི་བེནཊིསི་གི་ བདག་སྐྱོང་འགོ་དཔོན་ རྣམ་རྒྱལ་དབང་ཕྱུག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཀཱེར་༢༠༡༣ གྱིས་ ལོ་ངོ་༣ གྱི་རིང་ རྩེད་རིགས་དང་ གཞན་མི་ལས་རིམ་ ཁག་༡༥ དེ་ཅིག་ འགོ་འདྲེན་འཐབ་ནི་ཨིན་མི་དང་འབྲེལ་ ལས་རིམ་ཚུ་ཡང་ འོས་འབབ་དང་འཁྲིལ་ རྒྱལ་སྤྱིའི་ཉིནམ་བརྩི་སྲུང་གི་དོན་ལུ་ འགོ་འདྲེན་འཐབ་འོང་ཟེར་ཨིན་པས།
དཔེ་འབད་ཅིན་ འཛམ་གླིང་ཨམ་སྲུའི་ཉིནམ་ལུ་ ཨམ་སྲུ་ཚུ་གི་བར་ན་ ཁུ་རུའི་རྩེད་འགྲན་ཚུ་ འགོ་འདྲེན་འཐབ་ནི་ཨིན་ཟེར བདག་སྐྱོང་འགོ་དཔོན་གྱིས་ སླབ་ཨིན་པས།
དེ་བཟུམ་མའི་ལས་རིམ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ ལྕོགས་གྲུབ་ཅན་གྱི་ ལས་སྡེ་དང་ ཚོང་མགྲོན་པ་ཚུ་གི་བར་ན་ འབྲེལ་བ་ལེགས་ཤོམ་བཟོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།
རྩེད་འགྲན་དེ་གི་ མཐའ་བཅད་འགྲན་བསྡུར་དེ་ སྤྱི་ཟླ་དང་པའི་ ཚེས་༡༣ ལུ་ འགོ་འདྲེན་འཐབ་ནི་དང་ རྒྱལ་ཁ་འཐོབ་མི་ ངོ་རྐྱང་ལུ་ ཨང་དང་པའི་གསོལ་རས་ ཁྱེགས་སྒྲོམ་རེ་དང་ ཨང་༢ པ་ཐོན་མི་ལུ་ ཊི་བི་ཚུ་ བྱིན་ནི་ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment