གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྕགས་སྐུད་རཝ་སྒོར་ཏེ་ ལམ་བསུབས་བཞག་པའི་བྲེལ་ཟིང་།

༡༥/༡/༢༠༡༣   ༉ སྐྱེས་ལོ་༢༨ ལང་མི་ ཡེ་ཤེས་སྒྲོལ་མ་གི་ ཁྱིམ་ནང་འགྱོ་སའི་ལམ་དེ་ མོ་རའི་ ཁྱིམ་ཚང་ཅིག་གིས་ བསུབས་བཞག་མི་ལུ་བརྟེན་ མོ་དང་ མོ་རའི་ བཟའ་ཚང་ཚུ་ག་ར་ ལྕགས་སྐུད་རཝ་རྐྱབ་བཞག་མིའི་འོག་ལས་ འཛུལ་འགྱོ་དོ་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ལས་ དེ་ཁར་ལས་ཡང་ མ་ཐལཝ་སྦེ་ བཟོ་ཡོདཔ་ཨིན་པས།
ལྕགས་སྐུད་ར་བ་སྒོར་ཏེ་ འགྲོ་འགྲུལ་འབད་མ་བཅུག་པར་བཞག་མི་ སྣུམ་འཁོར་ཀཱར།


དེ་ཡང་ བྱམས་པ་ལྷ་ཁང་གི་ ཉེ་འདབས་ལུ་ཡོད་མི་ ཡེ་ཤེས་སྒྲོལ་མ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་གི་ ཁྱིམ་ནང་འགྱོ་སའི་ལམ་དེ་ ཁྱིམ་ཚང་གི་ ས་ནང་ལས་སྦེ་ འགྱོ་དགོ་ནི་དེ་གིས་ མོ་རའི་ ཨ་ཞེམོ་གི་ནོར་ཚུ་ཡང་ མོ་སྡོད་སའི་ ཉེ་འདབས་ལུ་བཞག་དོ་ཡོདཔ་ལས་ འགྱོ་སའི་ལམ་མེད་པར་ དཀའ་ངལ་བྱུང་ཡོདཔ་ཨིན་པས།
མོ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁྱིམ་ཚང་དེ་གིས་ ད་རེས་རྩིསཝ་ད་ མོ་འགྱོ་སའི་ལམ་དེ་ ཐེངས་༣ བསུབས་བཞག་ཡི་ཟེར་ཨིནམ་ད་ འདས་པའི་ལོ་ནང་ རྫོང་ཁག་སྐྱིད་སྡུག་འགོ་དཔོན་ལུ་ སྙན་ཞུ་འབད་དེ་ ལམ་ཐོབ་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ཁར་ ད་རུང་ བསུབས་བཞག་ཡོདཔ་ལས་ འགྱོ་ས་མེད་པར་ དཀའ་ངལ་བྱུང་སྟེ་ ཡོད་ཟེར་ཨིན་པས།
ཡེ་ཤེས་ཀྱི་ཨ་ཞེམོ་ འཇམ་དཔལ་གྱིས་འབད་བ་ཅིན་ ཁྱིམ་ཚང་དེ་གིས་ མོ་རའི་ སྡོད་ཁྱིམ་གྱི་ཟུར་ཁ་ལས་ཡོད་མི་ མི་ལམ་དེ་ ལྕགས་སྐུད་རཝ་གཉིས་བརྩེགས་རྐྱབ་སྟེ་ བསུབས་བཞག་པའི་ཁར་ ལམ་ཡོད་ས་ལས་ མི་མ་ཚད་ ཐ་ན་ སེམས་ཅན་ཚུ་ཡང་ མ་ཐལཝ་སྦེ་ བསུབས་ཏེ་ཡོདཔ་ལས་ ཁོང་འགྱོ་ནིའི་དོན་ལུ་ ཉེ་འདབས་ལུ་ཡོད་མི་ རོང་ཆུའི་མཐའམ་བདའ་སྟེ་ ལམ་གསརཔ་ཅིག་  གཞུང་ས་ནང་ལས་ བཏོན་ཡོད་མི་དེ་ཡང་ བསུབས་བཞག་ཡི་ཟེར་ཨིན་པས།
དེ་ཡང་ མོ་གིས་འབད་བ་ཅིན་ ལམ་དེ་བཏོནམ་ད་ གཞུང་ས་ནང་ལས་ཨིན་རུང་ དེ་གི་སྦོ་ལོགས་ཁར་ མོ་གི་ ས་ཆ་ཡོདཔ་ལས་ མ་འོངས་པ་ལུ་ ཉེན་ཁ་ཡོད་ནི་དེ་གིས་ ཁོ་ལུ་ བརྡ་ལན་ཅིག་ཡང་ མ་འབད་ཟེར་ སླབ་ཨིན་པས།
འཇམ་དཔལ་གྱི་ བཟའ་ཚང་གིས་འབད་བ་ཅིན་ ཁྱིམ་ཚང་དེ་གིས་ ཁོང་གི་དོན་ལུ་ ལམ་གསརཔ་བཏོན་ཏེ་ ཧེ་མ་ལས་ཡོད་མི་ ཁོང་གི་ས་ལས་ ཐོན་འགྱོ་དགོ་མི་ལམ་དེ་ བསུབས་ཏེ་བཞགཔ་ད་ལུ་ ཁེ་རྒུད་མི་བཏུབ་པས་ཟེར་ཨིན་པས།
ས་གནས་ནང་སྡོད་མི་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྱིམ་ཚང་གཉིས་ ཧེ་མ་ལས་ ས་ཆ་དེ་གི་སྐོར་ལས་ མ་འགྲིག་པར་ཡོདཔ་ལས་ བྱེལཝ་སྦོམ་ཐོན་ཏེ་ཡོད་ཟེར་ཨིནམ་ད་ གནད་དོན་དེ་གི་སྐོར་ལས་ ཧེ་མ་ཡང་ རྒེད་འོག་བདག་སྐྱོང་ནང་ ལྷོད་ཡོད་རུང་ གྲོས་ཐག་ག་ནི་ཡང་ བཅད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ལམ་བསུབས་བཞག་མི་ལུ་བརྟེན་ སློབ་གྲྭ་ནང་འགྱོ་མི་ ཡེ་ཤེས་ཀྱི་ ཨ་ལུ་༢ སློབ་གྲྭའི་སྒྲིག་གོ་ཚུ་ ལྕགས་སྐུད་ར་བ་གིས་ ཧྲལ་ནིའི་ཚ་གྱང་ཡོད་ཟེར་ཨིནམ་ད་ མོ་ར་ ཁྱིམ་རྐྱབ་ནི་གི་ འཆར་གཞི་ཡོདཔ་ལས་ ག་དེ་སྦེ་ འབད་ནི་ཨིན་ན་ མ་ཤེས་ཟེར་ཨིན་པས།
ཨིན་རུང་ ཁྱིམ་ཚང་ཀུན་ལེགས་ཀྱིས་འབད་བ་ཅིན་ ས་ཆ་དེ་ནང་ལས་ཡོད་མི་ལམ་དེ་ གསརཔ་བཏོན་བཏོནམ་ཅིག་ཨིནམ་ལས་ ཁོ་གི་ས་ཆ་ལུ་ ཐོ་ཕོག་ནི་དེ་གིས་ བསུབས་བཞག་ཅི་ཟེར་ཨིནམ་ད་ གཞུང་ས་བརྒྱུད་དེ་ ལམ་བཏོན་མི་དེ་ འབྲེལ་ཡོད་དབང་འཛིན་ཚུ་ལས་ གནང་བ་ཐོབ་སྟེ་ ཡོད་ཟེར་ཨིན་པས།
ཁོ་གིས་ གནད་དོན་དེ་གི་སྐོར་ལས་ འགྲིག་ཚུགས་པར་ལཱ་ཁག་ཡོདཔ་ལས་ རྫོང་ཁག་ཁྲིམས་འདུན་ལུ་ ཞུ་ཡིག་བཙུགས་ནི་ཨིན་ཟེར་ སླབ་ཨིན་པས།
ཟླ་བ་ཐང་མཁར་ཤིང་སྤྱི་འོག་གི་ ཚོགས་ཚེ་དབང་རྡོ་རྗེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ལམ་གསརཔ་དེ་ ཀུན་ལེགས་ཀྱིས་ སྒེར་ས་ནང་ལས་ཡང་ བཏོན་ཏེ་ཡོདཔ་ལས་ ལམ་དེ་ སྤྱོད་ནི་གི་དོན་ལུ་ འཇམ་དཔལ་གྱི་བཟའ་ཚང་ལུ་ རྒུད་འཐུས་སྤྲོད་དགོཔ་སྦེ་སླབ་ད་ ཉེན་མ་བཏུབ་ལས་ དེ་སྦེ་ར་ ལུས་སོ་ཡི་ཟེར་ཨིན་པས།
ཀུན་ལེགས་ཀྱིས་ འཇམ་དཔལ་གྱི་ ཁྱིམ་གྱི་ཟུར་ཁ་ལས་ཡོད་མི་ འཁོར་ལམ་དེ་ ཚེས་༢༩ ལུ་བསུབས་ཡོདཔ་ད་ དེ་ཚེ་ཕྱི་རུ་ར་ འཇམ་དཔལ་གྱི་རྨགཔ་གིས་ ཀུན་ལེགས་ཀྱིས་བཏོན་ཡོད་མི་ ལམ་གསརཔ་དེ་ཡང་ བསུབས་བཞག་ཡོདཔ་ཨིན་པས།
དེ་ཚེ་ར་ ཀུན་ལེགས་ཀྱིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་དེ་ ཀུན་ལེགས་ཀྱི་ ཁྱིམ་གྱི་སྦོ་ལོགས་ཁར་ཡོད་མི་ སྣུམ་འཁོར་ཚུ་ ལོག་བཏོན་བཅུག་ཡོད་རུང་ ལམ་དེ་ བསུབས་བཞག་སྟེ་ ལག་ལེན་འཐབ་མ་བཅུག་པར་ བཞག་ཡོདཔ་ཨིན་པའི་གནས་ཚུལ།

བུམ་ཐང་ལས་ བཀྲ་ཤིས་བསྟན་འཛིན།

No comments:

Post a Comment