གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ཨ་ལུའི་མ་དངུལ་ ཡུ་ནི་སི་ཨེཕི་གི་སྐུ་ཚབ་གསརཔ།

༥/༡/༢༠༡༣   ༉ སྤྱི་ཟླ་༡ པའི་ཚེས་༣ ལུ་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ཨ་ལུའི་མ་དངུལ་ ཡུ་ནི་སི་ཨེཕི་གི་སྐུ་ཚབ་གསརཔ་ ཤ་ཧཱིན་ ནི་ལོ་ཕར་གྱིས་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གི་ སྐུ་མདུན་ལུ་བཅར་ཡི།
འབྲུག་ལུ་ འཛམ་གླིང་སྤྱི་ཚོགས་ཨ་ལུའི་མ་དངུལ་ ཡུ་ནི་སི་ཨེཕི་གི་སྐུ་ཚབ་གསརཔ་ ཤ་ཧཱིན་ ནི་ལོ་ཕར་དང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ མཇལ་ཕྲད་གསུང་གྲོས་གནང་པའི་བསྒང་།


བློན་ཆེན་མཆོག་གིས་ གསུངས་མིའི་ནང་ རྒྱ་གར་ལུ་ ཆ་ཏིསི་གར་མངའ་སྡེའི་ཡིག་ཚང་ནང་ ཡུ་ནི་སི་ཨེཕི་གི་ གཙོ་འཛིན་ཨིན་མི་ ནི་ལོ་ཕར་དེ་ ཧེ་མ་ རྒྱལ་སྤྱིའི་ལས་འགུལ་ཁག་ཚུ་ནང་ ལཱ་འབད་མི་ཅིག་ཨིནམ་ལས་ མོ་རའི་ ཉམས་མྱོང་སྦོམ་ཐོབ་མི་དེ་གིས་ འབྲུག་ལུ་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ཟེར་ཨིན་པས།
སྤྱི་ལོ་༢༠༠༨ ལུ་ ཡུ་ནི་སི་ཨེཕི་ནང་ མ་འཛུལ་བའི་ཧེ་མར་ ནིའུ་ལྡི་ལི་ལུ་ ཨོགསི་ཕཱམ་ཇི་བི་དོན་ལུ་ འགྲོ་བ་མིའི་ལས་རིམ་འཛིན་སྐྱོང་པ་སྦེ་ ལཱ་འབད་མི་ ནི་ལོ་ཕར་གྱིས་ བློན་ཆེན་མཆོག་ལུ་ ཞུ་མིའི་ནང་ སྤྱི་ལོ་༢༠༠༨ ལུ་ དམངས་གཙོའི་རིང་ལུགས་ནང་ སོར་སྒྱུར་འབདཝ་ལས་ཚུར་ འབྲུག་ལུ་ མཐའ་ཟུར་གྱི་གནས་ཚད་ནང་ འདྲ་མཉམ་གྱི་གནད་དོན་ཚུ་ ལེགས་ལྡན་སོང་སྟེ་འདུག་ཟེར་ཨིན་པས།
ནི་ལོ་ཕར་གྱིས་ སླབ་མིའི་ནང་ མ་འོངས་པའི་དོན་ལུ་ ཡི་ནི་སི་ཨེཕི་གི་ གོ་སྐབས་དང་ དོ་འགྲན་གྱི་གནད་དོན་གྲངས་སུ་ ན་གཞོན་དང་ ཕོ་མོ་འདྲ་མཉམ་ ཟད་བཅུད་ ཨ་ལུ་སྐྱེས་མིའི་ཐོ་བཀོད་ མི་སྡེའི་ལམ་ལུགས་ དེ་ལས་ བྱ་སྤྱོད་བསྒྱུར་བཅོས་འབད་ནི་ཚུ་ ཨིན་ཟེར་ཨིན་པས།
གནད་དོན་གཞན་གཅིགཔོ་དེ་ འབྲུག་གི་ བདེ་སྐྱིད་དང་དགའ་སྐྱིད་ཀྱི་ གྲོས་གཞི་ཐོག་ རྗེས་དཔྱད་ལས་རིམ་ཅིག་ འགོ་འདྲེན་འཐབ་ནི་དེ་ཨིན་ཟེར་ཨིནམ་ད་ ནི་ལོ་ཕར་གྱིས་འབད་བ་ཅིན་ ཡུ་ནི་སི་ཨེཕི་གིས་ འབྲུག་གི་ བདེ་སྐྱིད་དང་དགའ་སྐྱིད་ཀྱི་ འཆར་སྣང་བཟང་པོ་ལུ་ རྒྱབ་སྐྱོར་ངེས་བརྟན་འབད་ནི་ཨིནམ་མ་ཚད་ འཕྲོ་མཐུད་དེ་ར་ མཉམ་འབྲེལ་དང་ ཆ་རོགས་འབད་ནི་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ འབྲུག་གིས་ སྤྱི་ལོ་༢༠༡༥ འི་ནང་འཁོད་ལུ་ ལོ་སྟོང་གོང་འཕེལ་དམིགས་ཡུལ་འགྲུབ་ནི་ལུ་ ལཱ་རྩ་འགེངས་ཏེ་ འབད་དོ་ཡོདཔ་མ་ཚད་ ཆ་མཉམ་གྱི་དོན་ལས་ འདྲ་མཉམ་བཟོ་ཐབས་ལུ་ ཡུ་ནི་སི་ཨེཕི་གི་ ལམ་སྟོན་དང་ ལྟ་རྟོག་ཐོག་ལུ་ འཕྲོ་མཐུད་དེ་ར་ གནས་སྡོད་འོང་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment