གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཛམ་གླིང་དངུལ་ཁང་གི་སྐུ་ཚབ་ གནས་ཡུན་ཚང་བའི་ཁར་ སུ་ཡིསི་མཉམ་འབྲེལ་ལས་རིམ་གྱི་ མདོ་ཆེན་གསརཔ་ ལྷོད་ཡོདཔ།

༥/༡/༢༠༡༣   ༉ འཛམ་གླིང་དངུལ་ཁང་གི་སྐུ་ཚབ་ མཱག་ ལེཔ་རའེ་རི་གིས་ རྒྱལ་ཁབ་ནང་ གནས་ཡུན་ལོ་ཕྱེད་དང་༤ གི་རིང་ མཇུག་བསྡུ་སྟེ་ ཁ་ཙ་ རྒྱལ་ཡོངས་ཚོགས་ཁང་ནང་ལུ་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ ཁ་བྲལ་མཇལ་ཕྲད་གནང་ཡོདཔ་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ གནས་ཡུན་ཚང་མི་ འཛམ་གླིང་དངུལ་ཁང་གི་སྐུ་ཚབ་ མཱག་ ལེཔ་རའེ་རི།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་དང་ སུ་ཡིསི་མཉམ་འབྲེལ་ལས་རིམ་གྱི་ མདོ་ཆེན་གསརཔ་ མེ་ཐིསི་མི་ཡིར།


འབྲུག་ལུ་འགོ་དང་པ་ འཛམ་གླིང་དངུལ་ཁང་གི་ སྐུ་ཚབ་སྦེ་འོང་མི་ མཱག་ ལེཔ་རའེ་རི་གིས་ སྤྱི་ལོ་༡༩༩༨ ལུ་ འཛམ་གླིང་དངུལ་ཁང་ནང་ འཛུལ་ཞུགས་འབད་ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ གཞུང་ཚབ་དང་པ་སྦེ་འོང་མི་གིས་ གྲོགས་རམ་སྦོམ་འབད་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ཟེར་ བློན་ཆེན་མཆོག་གིས་ གསུངས་ཡོདཔ་ཨིན་པས།
ཁོ་གིས་ རྒྱལ་ཁབ་ནང་སྡོད་པའི་རིང་ལུ་ རྒྱབ་སྐྱོར་དང་ མཉམ་འབྲེལ་ དེ་ལས་ འཛམ་གླིང་དངུལ་ཁང་དང་ གཞུང་གི་བར་ནའི་ མཐུན་ལམ་རྒྱ་བསྐྱེད་བཏང་མི་ལུ་ བཀའ་དྲིན་དགའ་ཚོར་ཡོད་ལུགས་གསུངས་བའི་ཁར་ རྒྱལ་ཁབ་ནང་ དཔལ་འབྱོར་ཡར་དྲག་གི་ གནས་སྟངས་ནང་ འབྲུག་ལུ་ གོང་འཕེལ་གྱི་གྲོགས་རམ་འབད་མི་དྲག་ཤོས་ཅིག་ འཛམ་གླིང་དངུལ་ཁང་ཨིན་ཟེར་ བློན་ཆེན་གྱིས་གསུངས་ཡི།
ཞལ་འཛོམས་ཀྱི་སྐབས་ལུ་ མཱག་ ལེཔ་རའེ་རི་གིས་ མཉམ་འབྲེལ་བ་ག་ར་ལུ་ རྒྱབ་སྐྱོར་དང་ མཉམ་འབྲེལ་འབད་མི་ལུ་ དགའ་ཚོར་ཡོད་ལུགས་ཚུ་བཤད་པའི་ཁར་ ཁོ་གིས་ འཛམ་གླིང་དངུལ་ཁང་ནང་ འཛུལ་ཞུགས་འབད་ཞིནམ་ལས་ བུ་རིན་ཌི་དང་ འབྲུག་ལུ་ ཡུ་ནི་སེཕ་ཤེས་རིག་ལས་འགུལ་གྱི་འགོ་དཔོན་སྦེ་ ཕྱག་ཞུ་ཡི་ཟེར་ཨིན་པས།
དེ་ལས་ བློན་ཆེན་གྱིས་ ཐིམ་ཕུ་ལུ་ སུ་ཡིསི་མཉམ་འབྲེལ་ལས་རིམ་ཡིག་ཚང་གསརཔ་ གཞི་བཙུགས་འབད་མིའི་ནང་ ལོ་༤ འི་དོན་ལུ་འོང་མི་ མདོ་ཆེན་འགོ་དང་པ་ཨིན་མི་ མེ་ཐིསི་མི་ཡིར་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
མདོ་ཆེན་ མེ་ཐིསི་མི་ཡིར་གྱིས་འབད་བ་ཅིན་ ཁོ་ མདོ་ཆེན་འགོ་དང་པ་སྦེ་ ཕྱག་ཞུ་ནིའི་གོ་སྐབས་ཐོབ་མི་ལུ་ ཁ་རྗེ་བཟང་ཡི་ཟེར་ཨིནམ་ད་ འབྲུག་དང་ སུ་ཡི་ཛར་ལེནཌི་རྒྱལ་ཁབ་གཉིས་ཀྱི་བར་ན་ དམིགས་བསལ་གྱི་ མཉམ་འབྲེལ་དང་ མཐུན་ལམ་ལེགས་ལྡན་བཟོ་ནིའི་དོན་ལུ་ བློན་ཆེན་གྱིས་ འབད་བརྩོན་བསྐྱེད་གནང་མི་ལུ་ བཀའ་དྲིན་ལེགས་སོ་ཞུ་བའི་ཁར་ ཁོ་གིས་འབད་རུང་ རྒྱལ་ཁབ་གཉིས་ཀྱི་བར་ནའི་མཐུན་ལམ་ སྒྲིང་སྒྲིང་བཟོ་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་ཟེར་ཨིན་པས།
བློན་ཆེན་གྱིས་ སུ་ཡི་ཛར་ལེནཌི་ རྒྱལ་ཁབ་དེ་ འབྲུག་ལུ་ གོང་འཕེལ་གྱི་འབྲེལ་གཏོགས་འབད་མི་ རྙིང་ཤོས་ཅིག་ཨིན་ཟེར་ཨིན་པས།
མ་འོངས་པའི་ནང་ཡང་ མཉམ་འབྲེལ་ཚུ་ ཡར་དྲག་གཏང་ཐབས་ལུ་ སྲིད་འཆར་གྱི་གནས་རིམ་ནང་ རྒྱལ་ཁབ་གཉིས་ཀྱི་ སྤྱི་ཚོགས་ལུ་ ཕན་ཚུན་འབྲེལ་གཏུགས་དང་ བརྗེ་སོར་འབད་ནིའི་འཆར་གཞི་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment