གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨེ་ཏོག་མེ་ཏོག་གི་རིགས་ མ་འདྲཝ་གསརཔ་༣ ངོས་འཛིན་འབད་ཡོདཔ།

༡༦/༥/༢༠༡༣   ༉ འཕྲལ་ཁམས་ཅིག་ཁར་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ ཨེ་ཏོག་མེ་ཏོག་རིགས་མ་འདྲཝ་གསརཔ་༣ ངོས་འཛིན་འབད་མི་དེ་གིས་ རྒྱལ་ཁབ་ནང་ ཨེ་ཏོག་མེ་ཏོག་གི་རིགས་མ་འདྲཝ་༥༠ དེ་ཅིག་ ཐོ་བཀོད་འབད་ཡོདཔ་ད་ མེ་ཏོག་དེ་ཚུ་ བུམ་ཐང་རྫོང་ཁག་ ཁྲུམ་ཤིང་ལའི་ས་ཁོངས་ནང་ སྐྱེས་ཡོདཔ་ཨིན་པས།
རིགས་མ་འདྲཝ་༣ ངོས་འཛིན་འབད་མི་ ཨེ་ཏོག་མི་ཏོག་ཚུ།


མ་གཞི་ ཨེ་ཏོག་མེ་ཏོག་གསརཔ་གི་རིགས་ངོ་མ་ ངོས་འཛིན་འབད་མ་ཚུགས་རུང་ མེ་ཏོག་དེ་ རྒྱལ་ཁབ་ནང་ ཡོངས་གྲགས་ཅན་ཅིག་ཨིན་མི་ ཨེ་ཏོག་མེ་ཏོག་ ཚོས་གཞི་དམརཔོ་གི་རིགས་ཅིག་ ཨིནམ་འོང་ནི་མས་ཟེར་ སྔོ་སྨན་མཁས་མཆོག་ རོལ་གླིང་ངག་དབང་འབྲུག་སྒྲ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཨེ་ཏོག་མེ་ཏོག་གི་རིགས་གསརཔ་ཐོབ་སྟེ་ བདུན་ཕྲག་ཅིག་ཡང་ མ་ལང་ནི་དེ་གིས་ ད་ལྟོ་ ཞིབ་འཚོལ་འབད་བའི་བསྒང་ཡོད་ཟེར་ཨིནམ་ད་ ཨེ་ཏོག་མེ་ཏོག་༣ ལས་༡ དེ་ ཚོས་གཞི་ཤ་ཁ་གུ་ དཀརཔོ་དུམ་གྲ་རེ་ཡོདཔ་ད་ གཞན་མི་དེ་ སྨུགཔོ་སྦེ་ཡོདཔ་ད་ དེ་ལས་༡ ཤ་ཁ་སྦེ་ཡོདཔ་ཨིན་པས།
ཨེ་ཏོག་མེ་ཏོག་དེ་ ས་ཁ་དམའ་ས་དང་ མཐོ་ས་༢ ཆ་རའི་ནང་ སྐྱེས་དོ་ཡོདཔ་ད་ ཨེ་ཏོག་མེ་ཏོག་རིགས་གསརཔ་༣ དེ་ ས་ཁ་མཐོ་ཚད་མི་ཊར་༣,༤༠༠ དེ་ཅིག་གི་ ས་ཁོངས་ནང་ལས་ ཐོབ་ཅི་ཟེར་ཨིནམ་ད་ སྤྱིར་བཏང་ལུ་ ཨེ་ཏོག་མེ་ཏོག་ཟེར་ མིང་གཅིག་ལས་བརྒལ་མེད་རུང་ ཚན་རིག་དང་འཁྲིལ་བ་ཅིན་ མེ་ཏོག་རེ་ལུ་ མིང་དང་ཁྱད་ཆོས་ཚུ་ མ་འདྲཝ་སྦེ་ ཡོདཔ་ཨིན་པས།
རྒྱལ་ཁབ་ནང་ ཨེ་ཏོག་མེ་ཏོག་གི་ རིགས་མ་འདྲཝ་༥༠ དེ་ཅིག་ཡོད་མི་ཚུ་ལུ་ ཚན་རིག་གི་མིང་༥༠ ཡོད་པའི་ཁར་ ཚོས་གཞི་ཡང་སོ་སོར་སྦེ་ཡོདཔ་ད་ མང་ཤོས་ཅིག་ ཤིང་བཟུམ་སྦེ་ སྦོམ་འགྱོ་ནི་དེ་གིས་ ངོ་ཤེས་ཚུགས་དོ་ཡོདཔ་ཨིན་པས།
མེ་ཏོག་སྤྱིར་བཏང་དང་ཕྱདཔ་ད་ གཞུང་གིས་ ཨེ་ཏོག་མེ་ཏོག་ལུ་ དམིགས་བསལ་དུ་ ཉམས་སྲུང་འབད་དེ་ དར་ཁྱབ་གཏང་ནི་ལུ་གཙོ་བོར་བཏོན་མི་དེ་ཡང་ ཨེ་ཏོག་མེ་ཏོག་དེ་ སྨན་རིགས་དང་ བསངས་རྫས་སྦེ་ ལག་ལེན་འཐབ་མི་ལུ་བརྟེན་ཨིནམ་ད་ རོལ་གླིང་ངག་དབང་འབྲུག་སྒྲ་གིས་ སླབ་མིའི་ནང་ ནང་པའི་སྨན་རིགས་ཚུ་ནང་ ཨེ་ཏོག་མེ་ཏོག་དེ་ ངེས་པར་དུ་དགོཔ་ལས་ ལོ་བསྟར་བཞིན་དུ་ ནང་པའི་སྨན་པ་ཚུ་གིས་ བསྡུ་ལེན་འབད་དོ་ཟེར་ཨིན་པས།
དེ་ལས་ བསངས་རྫས་ནང་འབད་བ་ཅིན་ མེ་ཏོག་གིས་མ་ཚད་ འདབ་མ་དང་ ཞལ་ལག་ཚུ་ག་ར་ ལག་ལེན་འཐབ་མི་དེ་ཡང་ ཨེ་ཏོག་མེ་ཏོག་གི་ དྲི་ལེགས་ཤོམ་ཡོདཔ་ལས་བརྟེན་ཨིན་པས།
དེ་མ་ཚད་ ཨེ་ཏོག་མེ་ཏོག་ཡོད་པ་ཅིན་ སྐྱེ་ལྡན་རིགས་སྣ་ལེགས་ཤོམ་ཡོད་པའི་ བརྡ་མཚོན་ཨིནམ་ལས་ གལ་སྲིད་ མེ་ཏོག་དེ་མེད་པ་ཅིན་ གནམ་གཤིས་འགྱུར་བགྲོད་དང་ ཡང་ཅིན་ མེ་ཏོག་དེ་ རྒྱ་སྦོམ་སྦེ་ བསྡུ་ལེན་འབད་མི་ལུ་བརྟེན་ ཉམས་འགྱོ་བའི་རྟགས་ཨིན་ཟེར་ཨིན་པས།
ཨེ་ཏོག་མེ་ཏོག་གསརཔ་༣ ངོས་འཛིན་འབད་མི་དེ་ སྤུ་ན་ཁ་རྫོང་ཁག་ བླམ་དཔལ་རི་ རྒྱལ་གཞུང་སྐྱེད་ཚལ་གླིང་ཁ་ནང་ ཨེ་ཏོག་མེ་ཏོག་གི་དུས་སྟོན་སྐབས་ལུ་ འགྲེམས་སྟོན་འབད་ཡོད་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment