གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ཀྱི་ བརྩི་མཐོང་ཚུ་ ཉམས་སྲུང་སྒྲིང་སྒྲིང་འབད་དགོ་པའི་བཀའ་སློབ།

༡༦/༥/༢༠༡༣   ༉ ཁ་ཙ་ དབང་འདུས་ཕོ་བྲང་བསྟན་སྐྱོང་གླིང་ལུ་ བདེ་སྲུངཔ་ཤོ་ཐེངས་༧ པ་དང་ མཇལ་ཕྲད་གནངམ་དང་འབྲེལ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ ཁས་བླངས་པ་ཚུ་ལུ་ ད་ལྟོ་ ང་བཅས་ཆ་ཁྱབ་ གནས་སྟངས་ག་བཟུམ་ཅིག་ནང་ ལྷོད་ཡོདཔ་ཨིན་ན་དང་ མ་འོངས་པ་ལུ་ ག་ཏེ་ལུ་ མདུན་བཟང་འབད་དོ་ཡོདཔ་ཨིན་ན་ དྭངས་གསལ་སྦེ་ ཧ་གོ་ཐབས་ལུ་ ང་བཅས་ཀྱི་ རྒྱལ་རབས་ཤེས་དགོཔ་འདི གལ་ཆེ་ཟེར་ གསུངས་གནང་ནུག།
མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ རྒྱལ་བཙུན་རྣམ་གཉིས་ ཤོ་ཐེངས་༧ པའི་ སྦྱོང་བརྡར་འབད་མི་ བདེ་སྲུངཔ་དང་ དམག་སྦྱོང་འགོ་དཔོན་ཚུ་དང་ ལྷན་བཞུགས་གནང་པའི་བསྒང་།


ང་བཅས་ལུ་ སྙན་གྲགས་ཅན་གྱི་ མཛད་བྱ་བཟང་པོའི་ རྒྱལ་རབས་ཡོདཔ་ལས་ དཔའ་ཉམས་བསྐྱེད་དགོ་མི་དེ་ཡང་ ང་བཅས་རའི་ རྒྱལ་བ་གོངམ་དང་ རྒྱལཔོ་རིམ་བྱོན་ཚུ་གིས་ ང་བཅས་རའི་ རྒྱལ་ཁབ་འདི་ དུས་དང་རྣམ་པ་ཀུན་ཏུ་ བཙན་ཏོག་ཏོ་དང་ ཉེན་སྲུང་ཅན་སྦེ་ གནས་ཐབས་ངེས་བརྟན་བཟོ་ནིའི་དོན་ལུ་ ཕྱག་ལཱ་གང་དྲག་མཛད་གནང་ཡོདཔ་མ་ཚད་ རྒྱལ་ཁབ་ཀྱི་ རང་དབང་རང་བཙན་སྒྲིང་སྒྲིང་བཟོ་གནང་སྟེ་ཡོད་ཟེར་ མི་དབང་མངའ་ཞབས་མཆོག་གིས་ གསུངས་གནང་ཡོདཔ་ཨིན་པས།
མི་དབང་མཆོག་གིས་ གསུངས་མིའི་ནང་ འབྲུག་གི་དྲིན་ཅན་གྱི་ཕམ་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གི་ རྒྱལ་རབས་ནང་ཚུད་པའི་ གྲུབ་འབྲས་སྦོམ་ཤོས་ར་ རྒྱལ་ཁབ་ནང་ དམངས་གཙོའི་རིང་ལུགས་དབུ་འཛུགས་གནང་མི་དེ་ཨིན་ཟེར་ཨིན་པས།
ཨིན་རུང་ མི་དབང་མཆོག་གིས་ བདེ་སྲུང་ཁས་བླངས་པ་ལུ་ཚུ་ དྲན་གསོ་གནང་མིའི་ནང་ དམངས་གཙོའི་རིང་ལུགས་དེ་ དམིགས་དོན་མིན་པར་ མཐར་ཐུག་ལུ་ འབྲུག་རྒྱལ་ཁབ་དང་ མི་སེར་ཚུ་ལུ་ དགའ་སྐྱིད་དང་ ཞི་བདེ་ དཔལ་ཡོན་ ཉེན་སྲུང་ ལྷག་པར་དུ་ འབྱུང་ཐབས་ལུ་ གཞི་བཙུགས་གནང་གནངམ་ཨིན་ཟེར་ཨིན་པས།
མི་དབང་མངའ་ཞབས་མཆོག་གིས་ འབྲུག་འདི་ སྐོབས་ཚུད་རྒྱལ་ཁབ་ཆུང་ཀུ་ཅིག་ཨིནམ་ལས་ གདོང་ལེན་འབད་དགོཔ་ཡོད་མི་ཚུ་གི་སྐོར་ལས་ གསལ་བཤད་གནང་ཡོདཔ་མ་ཚད་ འབྲུག་པའི་མི་སེར་ཚུ་ ང་བཅས་རའི་ གཞི་རྩ་གནད་འགག་ཅན་ཚུ་ལུ་ གཙོ་བོར་བཏོན་ཏེ་ འཕོ་འགྱུར་དང་འཁྲིལ་ ཚུལ་ལྡན་སྦེ་ ངོས་ལེན་འབད་དགོ་པའི་ དྲན་གསལ་གནང་ཡོདཔ་ཨིན་པས།
ང་བཅས་མི་སེར་ཚུ་ སྒྲིང་སྒྲིང་ཡོདཔ་མ་ཚད་ འགྲན་ཟླ་དང་བྲལ་བའི་ གཞི་རྩ་དམ་སྒྲིང་དང་ ནུས་ཤུགས་ཡོདཔ་བཞིན་དུ་ བརྩི་མཐོང་དེ་ཚུ་ ཁྱེད་ཆ་ཁྱབ་ཀྱིས་ ལྷག་པར་དུ་ སྒྲིང་སྒྲིང་དང་ ཉམས་སྲུང་ཐོག་ལས་ མ་འོངས་བུ་བརྒྱུད་ཚུ་ལུ་ རྩིས་སྤྲོད་དགོཔ་སྦེ་  མི་དབང་མཆོག་གིས་ བཀའ་སློབ་གནང་ནུག།
ཤོ་ཐེངས་༧ པའི་ བདེ་སྲུང་སྦྱོང་བརྡར་དེ་ སྤྱི་ཟླ་༤ པའི་ཚེས་༡༡ ལས་ འགོ་བཙུགས་ཏེ་ སྤྱི་ཟླ་༤ པའི་ཚེས་༡༤ ལུ་ མཇུག་བསྡུ་བའི་སྐབས་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་ ཁྲིམས་སྤྱི་བློན་པོ་ བསོད་ནམས་སྟོབས་རྒྱས་ སྐུ་མགྲོན་གཙོ་བོ་སྦེ་ བྱོན་ཡོདཔ་ཨིན་པས།
ཕོ་སྐྱེས་དང་ ཨམ་སྲུ་བསྡོམས་ཏེ་ མི་གྲངས་༡༡༩ ལུ་ བདུན་ཕྲག་༥ གི་རིང་ རྐྱེན་ངན་འཛིན་སྐྱོང་དང་ གློ་བུར་སྨན་བཅོས་དང་ སྲོག་སྐྱབས་འབད་ཐངས་ ལུས་སྦྱོང་གི་ སྦྱོང་བརྡར་བྱིན་ཡོདཔ་ཨིན་པས།
བདེ་སྲུང་སྦྱོང་བརྡར་དེ་ སྤྱི་ལོ་༢༠༡༡ ཟླ་༢ པའི་ནང་ འགོ་བཙུགས་ཞིནམ་ལས་ཚུར་ ད་ཚུན་གྱི་བར་ན་ ཕོ་སྐྱེས་༥༧༡ དང་ ཨམ་སྲུ་༢༥༡ གིས་ སྦྱོང་བརྡར་འབད་ཡོད་པའི་གནས་ཚུལ།

No comments:

Post a Comment