གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱི་ཁས་བླངས་གསལ་བསྒྲགས།

༡༧/༥/༢༠༡༣    ༉ བསམ་རྩེའི་མི་སེར་ཚུ་གིས་ སྲིད་དོན་ཚོགས་པ་ཚུ་གི་སྐོར་ལས་ སྤྱི་ལོ་༢༠༠༨ ལུ་བཟུམ་སྦེ་མེན་པར་ ཤེས་དགོཔ་འདུག་ཟེར་སླབ་སྟེ་ མི་སེར་ཚུ་གིས་ མི་སེར་དམངས་གཙོ་ཚོགས་པའི་ གཙོ་འཛིན་གྱིས. ཁས་བླངས་གསལ་བསྒྲགས་འབད་བའི་སྐབས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ མི་སེར་ཚུ་དང་ ཕྱད་པའི་བསྒང་།


སིབ་སུ་ལུ་ ཁས་བླངས་གསལ་བསྒྲགས་འབད་སར་ བཅའ་མར་གཏོགས་མི་ མི་སེར་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁོང་རའི་ འདེམས་ཁོངས་ནང་ལས་ འདེམས་ངོ་ག་གིས་ བཅའ་མར་གཏོགས་དོ་ཡོདཔ་ཨིན་ན་དང་ འདེམས་ངོ་ཚུ་ དོ་འགྲན་ཅན་ ཡོདཔ་ཤེས་ཟེར་ཨིན་པས།
ཨིན་རུང་ ཚོགས་པ་གི་ ཁ་ཐུག་ལས་ ལོ་༥ འི་ཁས་བླངས་ ག་ཅི་བཟུམ་ར་འབདཝ་་ཨིན་ན་ ཤེས་དགོཔ་ཁག་ཆེ་བས་ཟེར་ཨིན་པས།
ས་གནས་ཀྱི་ མི་༡ གིས་འབད་བ་ཅིན་ མི་སེར་དམངས་གཙོའི་ ཚོགས་པའི་ཁ་ཐུག་ལས་ ཁས་བླངས་ག་ཅི་འབདཝ་ཨིན་ན་ ལྟ་དགོ་པས་ཟེར་སླབ་ད་ སྲིད་དོན་ཚོགས་པ་ གཞན་མི་གི་ ཁས་བླངས་གསལ་བསྒྲགས་ཀྱི་ ཞལ་འཛོམས་ནང་ བཅའ་མར་མི་གཏོགས་ཟེར་མེན་ཟེར་ཨིན་པས།
ཚོགས་པའི་གཙོ་འཛིན་ ཚེ་རིང་སྟོབས་རྒྱས་ཀྱིས་ མི་སེར་ལུ་ གོ་བརྡ་ལེགས་ཤོམ་སྦེ་ སྤེལ་ཚུགས་ནིའི་དོན་ལུ་ མི་སེར་ཚུ་ལས་ གནང་བ་ལེན་ཏེ་ གསལ་བཤད་ཚུ་ རྫོང་ཁ་ནང་ འབད་ཡོདཔ་བཞིན་དུ་ ཚོགས་པའི་འདེམས་ངོ་ རི་ཏུ་རཱཇ་ ཆེ་ཏི་རི་གིས་ ལྷོ་མཚམས་ནང་ སྐད་སྒྱུར་འབད་དེ་ སླབ་བྱིན་ཡོདཔ་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ འདས་པའི་ལོ་༥ འི་རིང་ ལྡོག་ཕྱོགས་ཚོགས་པ་སྦེ་ ལཱ་འབད་བའི་སྐབས་ ཚོགས་པ་ནང་ མི་ཕུད་རྡོག་༢ རྐྱངམ་གཅིག་ འབད་ནི་དེ་གིས་ དོ་འགྲན་ཅན་ཅིག་ བྱུང་ཡི་ཟེར་ ཨིནམ་མ་ཚད་ ཧེ་མ་གི་ གཞུང་སྐྱོང་ཚོགས་པ་གིས་ དུས་ཅི་གི་ བཙག་འཐུ་ནང་ལས་ཡང་ རྒྱལ་ཁ་མི་ཐོབ་ག་ཟེར་བའི་ ཚ་གྱང་ལངམ་མས་ཟེར་ཨིན་པས།
གཙོ་འཛིན་གྱིས་ དབང་ཚད་ཕྱིར་སྤེལ་གྱི་སྐོར་ལས་ གསལ་བཤད་འབད་ཡོདཔ་བཞིན་དུ་ ཁོ་གིས་འབད་བ་ཅིན་ མི་སེར་དམངས་གཙོ་ཚོགས་པའི་ དམིགས་གཏད་ངོ་མ་དེ་རང་ དབང་ཚད་ཕྱིར་སྤེལ་དེ་ ཨིན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ས་གནས་གཞུང་ལུ་ དབང་ཚད་སྤྲོད་དགོཔ་དེ་ ཁག་ཆེ་ཟེར་ཨིནམ་ད་ དེ་ཡང་ རྒེད་འོག་གི་ གནས་རིམ་ནང་ ལཱ་འབད་མི་ཚུ་གིས་ མི་སེར་དང་ འབྲེལ་བ་མངམ་ཡོདཔ་ལས་ མི་སེར་གྱི་གནས་སྟངས་དང་ དཀའ་ངལ་གྱི་སྐོར་ལས་ ཁོང་གིས་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་མི་ལས་བརྟེན་ཏེ་ ཨིན་ཟེར་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ བཤད་མིའི་ནང་ འདེམས་ཁོངས་གོང་འཕེལ་མ་དངུལ་ དངུལ་ཀྲམ་ས་ཡ་༢ འབད་མི་དེ་ཡང་ རྒེད་འོག་ ཚུ་ནང་ བགོ་བཀྲམ་འབད་ཞིནམ་ལས་ རྒེད་འོག་གི་ འགོ་ཁྲིདཔ་ཚུ་གིས་ ག་དེ་སྦེ་སྤྱོད་ནི་ཨིན་ན་གི་ འགན་ཁུར་དེ་ སྤྲོད་ནི་ཟེར་ཨིན་པས།
དེ་གིས་མ་ཚད་པར་ ལྡོག་ཕྱོགས་འགོ་ཁྲིདཔ་བགྲེསཔ་གིས་ ཁོང་གི་ཚོགས་པ་དེ་ གཞུང་སྐྱོང་ནི་ནང་ བཙག་འཐུ་འགྲུབ་པ་ཅིན་ སོ་ནམ་ཞིང་ལམ་ལུ་ རྩི་ནག་གཏང་ནི་ མི་སེར་ཚུ་གིས་ སྣུམ་འཁོར་ཉོ་ནིའི་དོན་ལུ་ བསྐྱིན་འགྲུལ་བྱིན་ནི་དང་ སྤྱི་འོག་ནང་ པ་ཝར་ ཊི་ལར་བྱིན་ནི་གི་ ཁས་བླངས་འབདཝ་ཨིན་པས།
ཚོགས་པ་གིས་ ཞི་གཡོགཔ་གི་ འགྲུལ་འཐུས་དང་ ཉིན་འཐུས་ཚུ་ ཡར་སེང་འབད་ནི་ཟེར་ཨིནམ་མ་ཚད་ ས་གནས་གཞུང་གི་ འགོ་ཁྲིདཔ་གི་ དངུལ་ཕོགས་ ཡར་སེང་རྐྱབ་ནི་ཟེར་ཨིན་པས།
ཚེ་རིང་སྟོབས་རྒྱས་ཀྱིས་ བསམ་རྩེའི་ འདེམས་ཁོངས་གསུམ་ནང་ ལྟ་སྐོར་འབད་ཡོད་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment