གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ རྒྱལ་ཁབ་ནང་ལྷོད་ཡོདཔ།

༡༦/༥/༢༠༡༣   ༉ རྒྱ་གར་གྱི་ ཕྱི་འབྲེལ་དྲུང་ཆེན་ རཱན་ཇཱན་ མ་ཐའེ་དེ་ ཉིན་གྲངས་གསུམ་གྱི་དོན་ལུ་ ཁ་ཙ་ རྒྱལ་ཁབ་ནང་ ལྷོད་ཡོདཔ་ཨིན་པས།


ཕྱི་འབྲེལ་ལྷན་ཁག་ལས་འབྱོར་བའི་ གནས་ཚུལ་གསར་བཏོན་དང་འཁྲིལཝ་ད་ གཞུང་འབྲེལ་ལྟ་སྐོར་སྐབས་ རཱན་ཇཱན་ མ་ཐའེ་གིས་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐུ་མདུན་ལུ་ བཅར་ནི་ཨིནམ་མ་ཚད་ གནས་སྐབས་གཞུང་གི་ གྲོས་དཔོན་སྤྱི་ཁྱབ་དང་ མཇལ་ཕྲད་ཞུ་ནི་གི་ ལས་འཆར་ཡོད་ཟེར་ཨིན་པས།
ཕྱི་འབྲེལ་དྲུང་ཆེན་གྱི་ ལྟ་སྐོར་དེ་ རྒྱ་འབྲུག་རྒྱལ་ཁབ་གཉིས་ཀྱི་བར་ན་ ཆེ་མཐོའི་གནས་རིམ་གྱི་ དུས་རྒྱུན་བརྗེ་སོར་གཟིགས་སྐོར་ལས་རིམ་ཅིག་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་ཡོད་པའི་གནས་ཚུལ།

No comments:

Post a Comment