གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲིད་ཚོགས་ནང་ འབྲེལ་གཏོགས་འབད་མི་ སློབ་དཔོན་༢ དགོངས་ཞུ་བཏང་ཡོདཔ།

༡༦/༥/༢༠༡༣   ༉ ད་རེས་ནངས་པ་ བཙག་འཐུའི་བྱ་རིམ་ འགོ་བཙུགས་པའི་བསྒང་ཡོད་མི་ སྲིད་དོན་ཚོགས་པ་ཚུ་ནང་ འབྲེལ་གཏོགས་ཡོད་མི་ སློབ་གྲྭའི་སློབ་དཔོན་༢ དེ་འཕྲོ་ལས་ ཨིན་ཅི་མིན་ཅི་ དགོངས་ཞུ་འབད་དགོཔ་སྦེ་ ཡིག་ཚང་བཀའ་རྒྱ་བཏོན་ཡོདཔ་ཨིན་པས།


དེ་ཡང་ བདུན་ཕྲག་འདི་གི་ སྔ་ཆ་ལུ་ ཤེས་རིག་ལྷན་ཁག་གིས་ སློབ་དཔོན་༢ ཞི་གཡོག་ནང་ལས་ དགོངས་ཞུ་མ་འབད་བའི་ཧེ་མར་ སྲིད་དོན་ཚོགས་པ་ཚུ་ནང་ འཛུལ་ཡོད་པའི་སྐོར་ ཡིག་ཐོག་ལུ་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ལུ་ སྙན་ཞུ་འབད་ཡོདཔ་བཞིན་དུ་ ལྷན་ཚོགས་ཀྱིས་ བསྐྱར་ཞིབ་འབད་དེ་ ཁ་ཙ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
མོང་སྒར་དང་ དར་དཀར་ནང་ལུ་ སློབ་གྲྭ་ཚུ་ནང་ ལཱ་འབད་མི་ སློབ་དཔོན་༢ ལས་༡ ལྷུན་རྩེ་སྨན་སྦིས་-བཙན་མཁར་འདེམས་ཁོངས་ལས་ འབྲུག་སྤྱིར་དབང་ཚོགས་པའི་ འདེམས་ངོ་ཨིན་པའི་ཁར་ གཞན་མི་དེ་ དར་དཀར་ནང་འབྲུག་རྗེས་སྒང་-བརྩེ་བཟང་འདེམས་ཁོངས་ལས་ མི་སེར་དམངས་གཙོ་ཚོགས་པའི་ འདེམས་ངོ་ཨིན་པས།
སློབ་དཔོན་༢ ཀྱིས་ ཞི་གཡོག་པའི་ ཀུན་སྤྱོད་རྣམ་གཞག་ལས་ འགལ་ནུག་ཟེར་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ལྷན་འཛིན་བ་ཆུ་ཕུརཔ་རྡོ་རྗེ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ མ་གཞི་ ཁོང་གིས་ ལྷན་ཁག་ནང་ དགོངས་ཞུའི་ཡི་གུ་བཙུགས་ཡོད་རུང་ དགོངས་ཞུའི་བྱ་རིམ་ གཏན་འཁེལ་མ་བཟོ་བའི་ཧེ་མར་ ཁོང་གི་མིང་ཚུ་ སྲིད་ཚོགས་ཚུ་ནང་ ཐོ་བཀོད་འབད་ཚར་ནུག་ཟེར་ཨིན་པས།
ཞི་གཡོག་གི་ བཅའ་ཡིག་དང་འཁྲིལཝ་ད་ ཞི་གཡོགཔ་ཚུ་ སྲིད་དོན་འབྲེལ་མེད་གནས་དགོཔ་མ་ཚད་ སྲིད་དོན་ནང་ འཛུལ་བ་ཅིན་ ཟླཝ་༡ གི་ཧེ་མར་ དགོངས་ཞུའི་སྙན་ཞུ་འབད་ཞིནམ་ལས་ དགོངས་ཞུ་འབད་དགོཔ་ཨིན་པས།
བཙག་འཐུ་བཅའ་ཁྲིམས་དང་འཁྲིལཝ་ད་ འདེམས་ངོ་དེ་ སྤྱི་གཡོག་ ཡང་ཅིན་ ལས་འཛིན་ནང་ལས་ དགོངས་གྲོལ་དང་ ཡང་ཅིན་ བཏོན་བཏང་བཏངམ་ཨིན་པ་ཅིན་ བཙག་འཐུའི་ནང་ བཅའ་མར་གཏོགས་ནི་ལས་ ཆ་མེད་གཏང་དགོཔ་སྦེ་ འཁོད་དེ་ཡོདཔ་ཨིན་པས།
སྲིད་ཚོགས་༢ ཀྱི་ ངོ་ཚབ་ཚུ་གིས་ སླབ་མིའི་ནང་ སློབ་དཔོན་༢ ཁོང་གི་ འདེམས་ངོ་སྦེ་ར་ བཞག་ནི་ཨིནམ་ལས་ དགོངས་ཞུ་རྩ་བ་ལས་ བཏང་མི་དེ་གིས་ སྲིད་དོན་ནང་ འབྲེལ་གཏོགས་འབད་ནི་ལུ་ མི་གནོད་ཟེར་ཨིན་པས།
བཙག་འཐུ་ལྷན་འཛིན་སྤྱི་ཁྱབ་ དྲགོས་ཀུན་བཟང་དབང་འདུས་ཀྱིས་ བཤད་མིའི་ནང་ འདེམས་ངོ་དེ་གཉིས་ བཙག་འཐུའི་ནང་ དོ་འགྲན་འབད་ནི་གི་ འོས་འབབ་ཡོད་མེད་ བཀའ་རྒྱའི་ཡི་གུ་ ལྟ་ཞིནམ་ལས་རྐྱངམ་གཅིག་ སླབ་ཚུགས་ནི་མས་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment