༢༥/༠༦/༢༠༡༣ བརྟག་ཤིང་དཔྱད་དགོ་པའི་ དུས་ཚོད་རན་ཡོདཔ།
༉ འབྲུག་རྒྱལ་ཁབ་ནང་ རྒྱལ་རབས་དང་ལྡན་པའི་ སྤྱི་ཚོགས་གཉིས་པའི་བཙག་འཐུ་ འགོ་འདྲེན་འཐབ་ནིའི་ དུས་ཚོད་རན་མི་དང་བསྟུན་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་༢ ཀྱིས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ མི་མང་རྩོད་བསྡུར་ལས་རིམ་འདི་ ང་བཅས་རྒྱང་མཐོང་ལྟ་མི་ཚུ་ལུ་ འདེམས་ཁོངས་སོ་སོའི་ འདེམས་ངོ་ཚུ་གི་ བསྐུལ་བསྒྲགས་དང་ དམིགས་ཡུལ་ དེ་ལས་ གཞུང་ཁ་སླབ་ཐངས་ལས་ འགོ་བཙུགས་ཏེ་ གསལ་སྟོན་འབད་མི་དེ་ལུ་ བཀྲིན་ཆེ་ཟེར་ཞུ་ནི།
དེ་བཟུམ་མའི་ རྩོད་བསྡུར་ལས་རིམ་དེ་གིས་ གྲོང་གཡུས་ལས་ཕར་སྡོད་མི་ གཡུས་སྒོའི་མི་ཚུ་གིས་ ཁོང་རའི་འདེམས་ངོ་ཚུ་ལུ་ ཡིད་ཆེས་འདྲོངས་ནི་ལུ་ ཕན་འདེབས་འབད་བའི་ཁར་ འདེམས་ངོ་ངོ་རྐྱང་གི་ ལྕོགས་གྲུབ་དང་ཡོན་ཏན་ ག་དེམ་ཅིག་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་ཚུགས་པའི་ ཐབས་ལམ་ཅིག་ཨིན་པས་ཟེར་ཞུ་ནི།
འདེམས་ཁོངས་ལ་ལུ་ཅིག་ནང་ འདེམས་ངོ་ཚུ་གིས་ མི་མང་རྩོད་བསྡུར་ནང་ གྲལ་གཏོགས་འབད་ནི་ བཤོལ་བཞག་སྟེ་ གཡུས་ཚན་སོ་སོར་ནང་ སྒོ་བཤལ་རྐྱབ་སྟེ་ བསྐུལ་བསྒྲགས་འབད་ནི་ཟེར་མི་འདི་ གནམ་བྱཱར་ཆར་ཆུ་འབོལ་ཏེ་ སོ་ནམ་ཞིང་ལཱ་འབད་བའི་ ནམ་དུས་ལུ་ བར་ཉེན་རྐྱབ་ནི་ལས་ སྔོན་འགོག་འབད་ཚུགས་རུང་ གཡུས་ཁའི་སོ་ནམ་པ་ལ་ལུ་ཅིག་ ཁོང་རའི་འདེམས་ངོ་ག་ཨིན་ན་ ངོ་མ་ཤེས་མི་ཡང་ཡོདཔ་ལས་ མཁྱེན་རྒྱ་ཆེ་བའི་ འདེམས་ངོ་ཚུ་ གནས་སྟངས་འ་ནི་བཟུམ་ནང་ལྷོདཔ་ད་ ཐུགས་བསམ་ལེགས་ཤོམ་སྦེ་ གནང་དགོཔ་འདུག་ཟེར་ཞུ་ནི།
དེ་བཟུམ་སྦེ་ མི་མང་རྩོད་བསྡུར་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ རང་གི་སྐྱོན་འདི་ རྒྱབ་ཁར་བསྐྱུར་ཏེ་ གཅིག་གིས་གཅིག་ལུ་ གུས་ཞབས་དང་ བརྩི་བཀུར་མ་འབད་བར་ ཁོང་ཁྲོ་དང་ ཞེ་སྡང་བསྐྱེད་དེ་ དྲི་བཀོད་ཀྱི་ ལན་ཕུལ་ས་མཐོངམ་ད་ དཔལ་ལྡན་འབྲུག་པའི་ ནང་པའི་ཆོས་ཀྱི་ ལྟ་བ་དང་ མི་ཆོས་གཙང་མ་བཅུ་དྲུག་གི་ རྒྱུན་འཛིན་གནང་མི་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ལུ་ བློ་ཕམ་པའི་ གཞི་གནད་ཅིག་ཨིན་མས་ཟེར་ཞུ་ནི།
དམངས་གཙོའི་གཞུང་ནང་ གཅིག་གིས་གཅིག་ལུ་ མ་བདེན་པའི་གཏམ་སླབ་ སྐྱོན་བརྗོད་འབད་ནི་དེ་ འགྲོ་ལུགས་ཅིག་ཨིན་རུང་ འབྲུག་རྒྱལ་ཁབ་འདི་ ཆོས་དང་ལམ་སྲོལ་གྱིས་ཕྱུག་པའི་ སྦས་ཡུལ་ཁྱད་པར་ཅན་ཅིག་འབདཝ་ལས་ ཕྱི་རྒྱལ་ཁབ་གཞན་ཚུ་གི་དམངས་གཙོའི་གཞུང་བཟུམ་ མི་སེར་ཚུ་ འཐབ་འཛིང་དང་ སྲིད་དོན་པ་ལུ་ ཁྲོམ་བཤལ་ཏེ་ ངོ་རྒོལ་འགྲེམ་སྟོན་འབད་ནི་ཚུ་ འབྲུག་གི་དམངས་གཙོའི་གཞུང་གི་ གཞི་རྩ་དང་འགལ་བ་ཨིནམ་ལས་ དུས་ནམ་ཡང་ བྱུང་མ་བཅུག་པར་ བཞག་ནི་འདི་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ལུ་ འགན་ཁུར་ཧྲིལ་བུམ་ཕོགཔ་ཨིན།
དེ་བཟུམ་སྦེ་ ད་རེས་ནངས་པ་ གློག་རིག་འཆར་སྒོ་བུ་ཏཱན་ནོ་མིག་གིས་ འདས་པའི་གཞུང་སྐྱོང་ཚོགས་པ་ལུ་ རྩ་ཁྲིམས་ཆེན་མའི་གཞི་རྟེན་ཐོབ་དབང་ལས་འགལ་ཏེ་ བཙོག་ཚིག་དང་ མ་བདེན་པའི་ འབྲི་རྩོམ་བྲིས་ཏེ་ དེ་ནང་པར་སྐྲུན་འབད་མི་དེ་ དམངས་གཙོའི་གཞུང་ལུ་ ངན་ལྷད་དང་ དབང་ཚད་ལོག་སྤྱོད་ དེ་ལས་ ཡིག་ཆ་རྫུས་བཟོ་དང་ མ་དངུལ་སྒེར་སྤྱོད་ལ་སོགས་པའི་ བྱ་ངན་ཚུ་ མར་ཕབ་འབད་ནི་ལུ་ ལྷན་ཐབས་འབད་ནི་ཨིན་རུང་ དེ་བཟུམ་མའི་ པར་སྐྲུན་གྱིས་ རྒྱལ་ཁབ་གཞན་ལུ་ འབྲུག་རྒྱལ་ཁབ་ཀྱི་ མིང་གཏམ་མེདཔ་གཏང་ནིའི་ ཉེན་ཁ་ཡང་འདུག་ཟེར་ཞུ་ནི།
ལྷག་པར་དུ་ མ་འོངས་པ་ལུ་ འབྲུག་མི་ཚུ་ མངའ་སྡེ་དང་ ལུང་ཕྱོགས་སོ་སོར་སྤེལ་འགྱོ་ནི་གི་ ཉེན་ཁ་ཡོདཔ་ལས་ འཕྲལ་ཁམས་ཅིག་ཁར་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ གློག་རིག་འཆར་སྒོའི་སྐོར་ལས་ གནས་སྐབས་གཞུང་སྐྱོང་ལུ་ དང་ལེན་མཛད་གནང་དགོཔ་སྦེ་ ཞུ་ཡིག་བཙུགས་རུང་ གནས་སྐབས་གཞུང་གིས་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འཁྲིལཝ་ད་ འབད་ཐབས་གཞན་མེད་ཟེར་ གསུངས་མི་ལུ་བརྟེན་ གློག་རིག་ཡོངས་འབྲེལ་གྱི་ ཞུན་དག་པ་ལུ་ ཧེང་བཀལ་ར་ བསྐུལ་མ་འབད་དོ་བཟུམ་ཤར་ཡི་ཟེར་ཞུ་ནི།
གནད་དོན་དེ་ལུ་བརྟེན་ མི་སྡེའི་བརྡ་བརྒྱུད་དང་ གློག་རིག་འཆར་སྒོ་ནང་ སྲིད་ཚོགས་དང་ སྲིད་དོན་པའི་སྐོར་ལས་ ངལ་མ་རངས་པར་ བྲིས་མི་ཆ་མཉམ་ བདེན་པ་ཨིནམ་ ཐུགས་བསམ་མ་གནང་པར་ དེ་ཚུ་ ན་འཐན་བརྟག་ཤིང་དཔྱད་དེ་ གཟིགས་དགོཔ་འདི་ གལ་ཆེ་ཤོས་ཅིག་ཨིན་པས་ཟེར་ ཞུ་ནི་ཨིན།
པདྨ་དབང་ཕྱུག། ལྷུན་རྩེ།
༉ འབྲུག་རྒྱལ་ཁབ་ནང་ རྒྱལ་རབས་དང་ལྡན་པའི་ སྤྱི་ཚོགས་གཉིས་པའི་བཙག་འཐུ་ འགོ་འདྲེན་འཐབ་ནིའི་ དུས་ཚོད་རན་མི་དང་བསྟུན་ འབྲུག་གི་བཙག་འཐུ་ལྷན་ཚོགས་དང་ འབྲུག་རྒྱང་བསྒྲགས་ལས་འཛིན་༢ ཀྱིས་ འགོ་འདྲེན་འཐབ་པའི་བསྒང་ཡོད་མི་ མི་མང་རྩོད་བསྡུར་ལས་རིམ་འདི་ ང་བཅས་རྒྱང་མཐོང་ལྟ་མི་ཚུ་ལུ་ འདེམས་ཁོངས་སོ་སོའི་ འདེམས་ངོ་ཚུ་གི་ བསྐུལ་བསྒྲགས་དང་ དམིགས་ཡུལ་ དེ་ལས་ གཞུང་ཁ་སླབ་ཐངས་ལས་ འགོ་བཙུགས་ཏེ་ གསལ་སྟོན་འབད་མི་དེ་ལུ་ བཀྲིན་ཆེ་ཟེར་ཞུ་ནི།
དེ་བཟུམ་མའི་ རྩོད་བསྡུར་ལས་རིམ་དེ་གིས་ གྲོང་གཡུས་ལས་ཕར་སྡོད་མི་ གཡུས་སྒོའི་མི་ཚུ་གིས་ ཁོང་རའི་འདེམས་ངོ་ཚུ་ལུ་ ཡིད་ཆེས་འདྲོངས་ནི་ལུ་ ཕན་འདེབས་འབད་བའི་ཁར་ འདེམས་ངོ་ངོ་རྐྱང་གི་ ལྕོགས་གྲུབ་དང་ཡོན་ཏན་ ག་དེམ་ཅིག་ཡོདཔ་ཨིན་ན་ ཤེས་རྟོགས་བྱུང་ཚུགས་པའི་ ཐབས་ལམ་ཅིག་ཨིན་པས་ཟེར་ཞུ་ནི།
འདེམས་ཁོངས་ལ་ལུ་ཅིག་ནང་ འདེམས་ངོ་ཚུ་གིས་ མི་མང་རྩོད་བསྡུར་ནང་ གྲལ་གཏོགས་འབད་ནི་ བཤོལ་བཞག་སྟེ་ གཡུས་ཚན་སོ་སོར་ནང་ སྒོ་བཤལ་རྐྱབ་སྟེ་ བསྐུལ་བསྒྲགས་འབད་ནི་ཟེར་མི་འདི་ གནམ་བྱཱར་ཆར་ཆུ་འབོལ་ཏེ་ སོ་ནམ་ཞིང་ལཱ་འབད་བའི་ ནམ་དུས་ལུ་ བར་ཉེན་རྐྱབ་ནི་ལས་ སྔོན་འགོག་འབད་ཚུགས་རུང་ གཡུས་ཁའི་སོ་ནམ་པ་ལ་ལུ་ཅིག་ ཁོང་རའི་འདེམས་ངོ་ག་ཨིན་ན་ ངོ་མ་ཤེས་མི་ཡང་ཡོདཔ་ལས་ མཁྱེན་རྒྱ་ཆེ་བའི་ འདེམས་ངོ་ཚུ་ གནས་སྟངས་འ་ནི་བཟུམ་ནང་ལྷོདཔ་ད་ ཐུགས་བསམ་ལེགས་ཤོམ་སྦེ་ གནང་དགོཔ་འདུག་ཟེར་ཞུ་ནི།
དེ་བཟུམ་སྦེ་ མི་མང་རྩོད་བསྡུར་ལས་རིམ་ འགོ་འདྲེན་འཐབ་པའི་སྐབས་ རང་གི་སྐྱོན་འདི་ རྒྱབ་ཁར་བསྐྱུར་ཏེ་ གཅིག་གིས་གཅིག་ལུ་ གུས་ཞབས་དང་ བརྩི་བཀུར་མ་འབད་བར་ ཁོང་ཁྲོ་དང་ ཞེ་སྡང་བསྐྱེད་དེ་ དྲི་བཀོད་ཀྱི་ ལན་ཕུལ་ས་མཐོངམ་ད་ དཔལ་ལྡན་འབྲུག་པའི་ ནང་པའི་ཆོས་ཀྱི་ ལྟ་བ་དང་ མི་ཆོས་གཙང་མ་བཅུ་དྲུག་གི་ རྒྱུན་འཛིན་གནང་མི་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ལུ་ བློ་ཕམ་པའི་ གཞི་གནད་ཅིག་ཨིན་མས་ཟེར་ཞུ་ནི།
དམངས་གཙོའི་གཞུང་ནང་ གཅིག་གིས་གཅིག་ལུ་ མ་བདེན་པའི་གཏམ་སླབ་ སྐྱོན་བརྗོད་འབད་ནི་དེ་ འགྲོ་ལུགས་ཅིག་ཨིན་རུང་ འབྲུག་རྒྱལ་ཁབ་འདི་ ཆོས་དང་ལམ་སྲོལ་གྱིས་ཕྱུག་པའི་ སྦས་ཡུལ་ཁྱད་པར་ཅན་ཅིག་འབདཝ་ལས་ ཕྱི་རྒྱལ་ཁབ་གཞན་ཚུ་གི་དམངས་གཙོའི་གཞུང་བཟུམ་ མི་སེར་ཚུ་ འཐབ་འཛིང་དང་ སྲིད་དོན་པ་ལུ་ ཁྲོམ་བཤལ་ཏེ་ ངོ་རྒོལ་འགྲེམ་སྟོན་འབད་ནི་ཚུ་ འབྲུག་གི་དམངས་གཙོའི་གཞུང་གི་ གཞི་རྩ་དང་འགལ་བ་ཨིནམ་ལས་ དུས་ནམ་ཡང་ བྱུང་མ་བཅུག་པར་ བཞག་ནི་འདི་ འབྲུག་མི་ཆེ་འབྲིང་ཆུང་གསུམ་ལུ་ འགན་ཁུར་ཧྲིལ་བུམ་ཕོགཔ་ཨིན།
དེ་བཟུམ་སྦེ་ ད་རེས་ནངས་པ་ གློག་རིག་འཆར་སྒོ་བུ་ཏཱན་ནོ་མིག་གིས་ འདས་པའི་གཞུང་སྐྱོང་ཚོགས་པ་ལུ་ རྩ་ཁྲིམས་ཆེན་མའི་གཞི་རྟེན་ཐོབ་དབང་ལས་འགལ་ཏེ་ བཙོག་ཚིག་དང་ མ་བདེན་པའི་ འབྲི་རྩོམ་བྲིས་ཏེ་ དེ་ནང་པར་སྐྲུན་འབད་མི་དེ་ དམངས་གཙོའི་གཞུང་ལུ་ ངན་ལྷད་དང་ དབང་ཚད་ལོག་སྤྱོད་ དེ་ལས་ ཡིག་ཆ་རྫུས་བཟོ་དང་ མ་དངུལ་སྒེར་སྤྱོད་ལ་སོགས་པའི་ བྱ་ངན་ཚུ་ མར་ཕབ་འབད་ནི་ལུ་ ལྷན་ཐབས་འབད་ནི་ཨིན་རུང་ དེ་བཟུམ་མའི་ པར་སྐྲུན་གྱིས་ རྒྱལ་ཁབ་གཞན་ལུ་ འབྲུག་རྒྱལ་ཁབ་ཀྱི་ མིང་གཏམ་མེདཔ་གཏང་ནིའི་ ཉེན་ཁ་ཡང་འདུག་ཟེར་ཞུ་ནི།
ལྷག་པར་དུ་ མ་འོངས་པ་ལུ་ འབྲུག་མི་ཚུ་ མངའ་སྡེ་དང་ ལུང་ཕྱོགས་སོ་སོར་སྤེལ་འགྱོ་ནི་གི་ ཉེན་ཁ་ཡོདཔ་ལས་ འཕྲལ་ཁམས་ཅིག་ཁར་ འབྲུག་ཕུན་སུམ་ཚོགས་པའི་ གཙོ་འཛིན་གྱིས་ གློག་རིག་འཆར་སྒོའི་སྐོར་ལས་ གནས་སྐབས་གཞུང་སྐྱོང་ལུ་ དང་ལེན་མཛད་གནང་དགོཔ་སྦེ་ ཞུ་ཡིག་བཙུགས་རུང་ གནས་སྐབས་གཞུང་གིས་ རྩ་ཁྲིམས་ཆེན་མོ་དང་ བཙག་འཐུའི་བཅའ་ཁྲིམས་ཀྱི་དགོངས་དོན་དང་འཁྲིལཝ་ད་ འབད་ཐབས་གཞན་མེད་ཟེར་ གསུངས་མི་ལུ་བརྟེན་ གློག་རིག་ཡོངས་འབྲེལ་གྱི་ ཞུན་དག་པ་ལུ་ ཧེང་བཀལ་ར་ བསྐུལ་མ་འབད་དོ་བཟུམ་ཤར་ཡི་ཟེར་ཞུ་ནི།
གནད་དོན་དེ་ལུ་བརྟེན་ མི་སྡེའི་བརྡ་བརྒྱུད་དང་ གློག་རིག་འཆར་སྒོ་ནང་ སྲིད་ཚོགས་དང་ སྲིད་དོན་པའི་སྐོར་ལས་ ངལ་མ་རངས་པར་ བྲིས་མི་ཆ་མཉམ་ བདེན་པ་ཨིནམ་ ཐུགས་བསམ་མ་གནང་པར་ དེ་ཚུ་ ན་འཐན་བརྟག་ཤིང་དཔྱད་དེ་ གཟིགས་དགོཔ་འདི་ གལ་ཆེ་ཤོས་ཅིག་ཨིན་པས་ཟེར་ ཞུ་ནི་ཨིན།
པདྨ་དབང་ཕྱུག། ལྷུན་རྩེ།
ཀུད་གསལ་རང་སྐྱོང་ལས་འཛིན་དང་ གཞན་ཡང་བརྡ་བརྒྱུད་པའི་ཕྱག་ལཱ་མཛད་མི་ཚུ་གིས་ རང་ལུགས་ཀྱི་སྐད་འདི་གཙོ་བོ་སྟོན་ཏེ་ མི་དམངས་ལུ་གནས་ཚུལ་ལྷག་ནིའི་གོ་སྐབས་ཡོད་མི་འདི་ལུ་བཀའ་དྲིན་དགའ་ཚོར་སྦོམ་ཡོད། ཨིན་རུང་ ད་རིས་ནངས་པའི་གསར་ཤོག་ནང་བལྟ་བ་ཅིན་ ཡིག་འབྲུ་ཚུ་རྫོང་ཁའི་ཐོག་ལས་ཡོད་རུང་ ཚིག་ཚུ་ག་ར་བསྡུ་ཚིག་དང་ དེང་སང་གི་ཚིག་ཙང་ཙ་འབདཝ་ལས་ གནས་ཚུལ་ལྷག་པའི་སྐབས་ཚིག་མང་ཤོས་རང་ ཧ་མ་གོཝ་འབད་མཐོངམ་ཨིན་པས་ཟེར་ཞུ་ནི་ཨིན། ངེ་གི་བསམ་འཆར་ལས་འབད་བ་ཅིན་ འདི་ཚུ་ཚིག་ག་འདེ་འཇམ་འཇམ་དང་ བསྡུ་ཚིག་ཚུ་ག་དེ་དྲག་དྲག་སྤང་ཚུགས་པ་ཅིན་ མི་དམང་ལུ་ཧེང་བཀལ་རང་ཕན་ཐབས་འོང་ནི་མས་ཟེར་ཞུ་ནི་ཨིན།
ReplyDeleteདེ་སྦེ་ཚིག་དོན་ཧ་གོ་མ་ཚུགས་མི་འདི་ ཁྱོད་རང་སྐྱེས་སྦྱངས་ཀྱི་ཡོན་ཏན་ཉུང་པའི་སྐྱོན་འོང་།
ReplyDeleteབཀྲིས་སྒང་ལས་མགོན་པོ་གིས་ བསར་འཆར་བཀོད་མི་ནང་ ད་རེས་ནངས་པ་ འབྲུག་གི་བརྡ་བརྒྱུདཔ་ཚུ་དང་ རྩ་ཁྲིམས་ཅན་གྱི་གོ་གནས་འཆང་མི་ཚུ་གི་ སེམས་ལུ་དམ་སྲི་ཞུགས་ཏེ་ རང་གི་སྐྱོན་རི་བོ་བཟུམ་ཡོད་མི་དེ་ རྒྱབ་ལུ་བཞག་སྟེ་ གཞུང་གི་དབུ་ཁྲིདཔ་ཚུ་ལུ་ དོན་མེད་ཀྱི་སྐྱོན་བརྗོད་དེ་ ཧམ་བཤད་ཐོག་ལུ་ མ་བདེན་པའི་གཏམ་ཚུ་ དར་ཁྱབ་སྤེལཝ་མ་ཚད་ གནས་ཚུལ་གསལ་སྟོན་འབད་མི་འདི་གིས་ དམངས་གཙོའི་གཞུང་ལུགས་ལུ་ བར་ཆད་རྐྱབ་བཅུགཔ་མས་ཟེར་བྲིས་མི་འདིའི་ཐད།
ReplyDelete༡ ཁྱོད་ཡང་འབྲུག་ཕུན་སུམ་ཚོགས་པའི་གྲལ་གཏོགས༌དང༌ རྒྱབ་སྐྱོར་པ་ཨིནམ་ཤུགས་ཀྱིས་ཧ་གོ་བས།
༢ གཞན་གྱི་སེམས་ལུ་དམ་སྲི་ཞུགསཔ་མིན་པར་ ཁྱོད་ཀྱི་རྒྱུད་ལུ་བདག་འཛིན་གྱི་གཞི་རྩ་བཅད་མ་ཚུགས་པའི་རྟགས་བཏོནམ་མས།
༣ རྒྱལ་པོའི་ཞིང་གི་ལོ་རྒྱུས་འདི་མ་བདེན་པ་ཅིན་ དེའི་སྒྲུབ་བྱེད་གསལ་ཏོག་ཏོ་ཅིག་འཁོད་གནང་།
༤ གཞུང་སྐྱོང་མི་དང་གཞན་ག་ར་འབད་རུང་ ངན་ལྷད་ནང་འབྲེལ་བ་ཡོད་པ་ཅིན་ དམར་རྡོག་རྡོག་དང་སེར་རུ་རུ་སྦེ་བཏོན་དགོཔ་འདི་ མི་དམངས་ལུ་ཕོག་པའི་འགན་ཁག་ཅིག་ཨིནམ་ལས་གསང་བཞག་ཐབས་རྩ་ལས་རང་མེད།
༥ ད་རེས་ཀྱི་བྱེལཝ་དེ་ལུ་བརྟེན་ བཀྲིས་སྒང་རྫོང་ཁག་ནང་གོང་འཕེལ་གྱི་གཞི་ལུ་གནོད་པའི་དོགས་པ་རྩ་ལས་ཆགས་དགོཔ་མེད་མི་དེ་ཡང་ མིག་ཏོ་གིས་བལྟ་རྣམ་ཅོག་གིས་ཉན་པ་ཅིན་ཧ་གོ་ཚུགས།
༦ ས་ཆ་བགོ་བཀྲམ་ནང་འབྲེལ་བ་ཡོད་མི་གཞན་ཚུ་བཞག་སྟེ་ ཆེ་མཐོའི་གོ་གནས་འཆང་མི་ཚུའི་མིང་བཏོན་ཏེ་དབྱེ་དཔྱད་འབད་མི་དེ་ཡང་ འགན་ཁྲི་ཅན་ཚུ་གིས་ཤེས་བཞིན་དུ་ཁྱད་སད་མི་དེ་ལུ་ཉེས་ཁྲིམས་ཐེབས་ཕོག་ནི་མས།
བཅུད་བསྡུ་བ་ཅིན་ བརྡ་བརྒྱུད་ཀྱི་འགན་ཁག་རང་ གནད་དོན་གཅིག་གི་ཐོག་ལུ་བཏོན་མི་གནས་ཚུལ་འདི་ ཆགས་སྡང་ཕྱོགས་རིས་མེད་པར་ བདེན་རྫུན་ཕྱེ་སྟེ་གནམ་ཐིག་དྲང་པོ་བཏབ་མི་ཅིག་ལུ་སླབ་ཨིནམ་ལས་དེ་དང་འཁྲིལ་ཏེ་རང་འབད་དེས། མཐར་ཐུག་བསམ་མ་རྫོགས་པ་ཅིན་ཞུ་སར་གཅིག་ལུ་ཞུ་ ཐུག་སར་གཅིག་ཁར་ཐུག་ནིའི་དབང་ཚད་མི་མང་རེ་རེ་བཞིན་ལུ་ཡོདཔ་ལས་ཚ་གྱང་མ་བཞེས། དེ་འབདཝ་ད་ ཁོང་ཉེས་ལས་འཐབ་མི་ཚུ་གཞུང་གིས་ཡངས་ཆག་གནང་ད་པ་ཅིན་ཁྱོད་ཀྱིས་ག་ནེ་ཡང་སླབ་ནི་འོང་སྨོ ?
སངས་བསྟན་འཛིན་གྱིས་ངེ་གི་ལན་གསལ་བཀོད་མི་འདི་ནང་ རྫོང་ཁའི་ཐོགས་ལུ་ཡོད་པའི་གནས་ཚུལ་གྱིས་མ་དོར་བ་ གཞུང་ཆེན་བཅུ་གསུམ་གྱི་ དོན་ག་ཅི་འབད་རུང་ ཧ་གོ་ཚུགས་པའི་ཤེས་བྱ་ང་ལུ་ཡོད་ དེ་མ་ཚད་ དེ་འབདཝ་ད་ ང་གིས་འབྲི་ིམ་དོན་ཚན་འདི་ ཧ་གོ་ནིའི་ཡོན་ཏན་ཁྱོད་ཀྱི་བརྒྱུད་ལུ་ཆུང་སོང་ནུག། ང་གིས་འབད་བ་ཅིན་ རྫོང་ཁ་ཡོན་ཏན་ཡོད་མི་རྐྱངམ་ཅིག་གི་དོན་ལས་མིན་པར་ འབྲུག་མི་ཡོངས་ཀྱི་ཐ་དོན་ལུ་སླབ་ཨིན།
ReplyDeleteམཁའ་འགྲོ་སྟོབས་བཟང་། གཞུང་ཆེན་བཅུ་གསུམ་ག་ཅི་དང་ག་ཅི་ར་སྨོ་།
Deleteསངས་རྒྱས་བསྟན་འཛིན་ ཁྱོད་ཀྱི་བློ་སླབ་སར་བལྟཝ་ད་ ཁྱོད་ཨ་ལོ་ཆུང་ཀུ་བཟུམ་སྦེ་འདུག། གཞུང་ཆེན་བཅུ་གསུམ་གྱི་སྐོས་ལས་ཤེས་དགོ་པ་ཅིན་ ང་བཟུམ་སྦེ་སློབ་དཔོན་ཀུན་ཏུ་འཕགས་པ་ལེ་ཤཱ་བསྟེན་ཏེ་ དཀའ་ཚེགས་ཀི་སྒོ་ལས་ཐོས་སྦྱང་འབད། གཞུང་འདི་ཚུ་གཏུང་ཟབ་དརག་འབདཝ་ལས་ གློག་རིག་གི་ཐོགས་ལས་ཁྱོད་ཀྱིས་ལཧ་བ་མི་ཚར།
Deleteད་རེས་རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ བཅའ་ཁྲིམས་ཀྱི་དེབ་གསར་བཏོན་འབད་མི་འདི་ལུ་བལྟ་བ་ཅིན་ རྒྱལ་ཁབ་ཡར་རྒྱས་ཀྱི་གོམ་པ་མདུན་དུ་སྤོ་བའི་མཐོང་སྣང་ལེགས་ཤོམ་ཅིག་ཡོད་ཡོད་རང་འདྲཝ་སྦེ་མཐོངམ་ཨིན་པས་ ཨིན་རུང་འདི་ནང་ལུ་ལེསག་ཤོས་འབད་གཟིགས་པ་ཅིན་ གཞུང་གཡོགཔ་ཚུ་ཧེ་མ་དང་ཕྱདཔ་ད་ ད་ལས་ཕར་ག་ཅའི་འཐད་ལས་འབད་རུང་ གོ་སྐབས་ཉུང་སུ་ཅིག་འོང་ནི་ཐད་རི་བ་རི་ཨིན་པས། གཞན་དལ་གཞི་རྒྱལ་ཁབ་ཡར་རྒྱས་འདི་ཧེ་མ་དང་ཕྱདཔ་ད་ གོང་འཕེལ་སྦོམ་འགྱོ་ཚར་ཏེ་ཡོད་རུང་ གཞུང་གཡོགཔ་ལུ་ཐོབ་ཁུངས་ཀྱི་དབང་ཆ་ཚུ་ མར་མར་འབབ་འགྱོཝ་ཨིན་པས། མ་གཞི་འདི་བཟུམ་གྱི་འཆར་གཞི་ཟིན་བཀོད་གནང་མི་འདི་འང་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་གཙུག་རྒྱན་བློན་པོ་ འཕྲིན་ལས་རྒྱ་མཚོད་འདི་ཨིན་པས། ཁོ་གི་གཞུང་གཡོག་ནང་ཕྱག་ཞུ་བའི་རིང་ལུ་ཡང་ མི་དམང་ལུ་ཕན་པའི་བསྒྱུར་བཅོས་ག་ནི་ཡང་འབད་མ་ཚུགསཔ་མ་ཚད་ ལྷག་པར་དུ་སློབ་དཔོན་ཚུ་གི་བཀའ་དཔྱད་ལུ་མ་བལྟ་བར་ ཧེ་མ་བློན་པོ་སངས་རྒྱས་དངོས་གྲུབ་ཀྱིས་མཛད་ཡོད་མི་ སློབ་སྟོན་གྱི་འཐུས་ཚུ་ཡང་ ཁོ་གི་སྐབས་ལུ་བཏོག་ཏེ་བཏང་ཡོདཔ་ཨིན། དེ་མ་ཚད་འབྲུག་ནང་འཁོད་ཀྱི་ཤེས་རིག་སྤུས་ཚད་མར་ཕབ་ཡང་འགྱོ་སྟེ་ཡོདཔ་ཨིན། ད་རེས་འབདཝ་ད་ ཞི་གཡོག་ལྷན་ཚོགས་ནང་ཡང་ཁོ་གིས་ཞི་གཡོག་ཀུན་གྱི་ཐ་དོན་ལུ་མ་བལྟ་བར་ གཞུང་གི་འོང་འབབ་ལུ་དམིགས་ཏེ་འབདཝ་ཨིན་ཟེར་ grade /ལོ་གྲངས། སྣུམ་འཁཽར་གྱི་ཐོབ་ཁུངས་ ཕྱི་རྒྱ་ལུ་དཔེ་ཆ་བལྟ་ནིའི་གོ་སྐབས་ ཤེས་ཚད་ཡར་སེང་ ངལ་གསོ་ཚུ་ མར་ཕབ་ཆག་ཏག་ཁེམ་འབད་དེ་ཡོད་མི་འདི་ལུ་ ང་བཅས་གཞུང་གཡོག་དམང་གི་ཁ་ཐུག་ལས་ ང་གིས་ཁོ་ཚེ་ཕྱི་མ་དམྱལ་བའི་གཏིང་ལུ་སྐྱེས་བཅུག་ཟེར་བའི་སྨོན་ལམ་ཡང་ལས་ཡང་དུ་བཏབ་ནི་ཨིན།
ReplyDeleteའཕྲིན་ལས་རྒྱ་མཚོ།
བཀྲ་ཤིས་སྒང་རྫོང་ཁག།
towa du may choe ༢་ sangay and tobdhen.....ཧཧཧཧཧཧཧཧཧ
ReplyDeleteབསམ་འཆར་བཀོད་མི་ལུ་ངལ་རངས་དང་ཡིད་ཆེས་སྦོམ་ཡོད་ཟེར་ཞུ་ནི་ཨིན།།
ReplyDeleteThis comment has been removed by the author.
ReplyDeleteདགའ་སྐྱིད་ཀྱི་དོན་ལུ་དཀའ་ཚེགས་ཆེན་པོ།
ReplyDeleteབསྟན་བཅོས་ཚུ་ནང་ མཐར་ཐུག་གི་མགོན་པོ་འདི སཅྕིདཱནནྡཝིགྲཧའི་ངོ་བོ་སྦེ་བཤད་པ་རྐྱབ་སྟེ་ཡོད། སཏ ཟེར་མི་འདི་ རྟག་པ་གཡུང་དྲུང་དང་ ཅིཏ་ ཟེར་མི་འདི ཡོངས་སུ་རྟོགས་པའི་དོན་དང་ ཨཱནནྡ ཟེར་མི་འདི་ དགའ་བདེ་དང་ ཝི་གྲཧཿ ཟེར་མི་འདི་ མི་ལུ་གོཝ་ཨིན། དེ་འབདཝ་ལས་ མགོན་པོའམ མཐར་ཐུག་གི་ལྷ་འདི་ འགྲན་ཟླ་མེད་པ་ ཡོངས་སུ་མཁྱེན་པ་ དགའ་བདེའི་ངང་དུ་དུས་རྒྱུན་དུ་གནས་པའི་ངོ་བོ་རང་དབང་ཅན་ཅིག་ལུ་ངོས་འཛིན་འབདཝ་ཨིན། དེ་དང་དོ་མཉམ་པའམ་ དེ་ལས་ཆེ་བ་ག་ཡང་མེད། འ་ནི་འདི་མཐར་ཐུག་གི་ལྷའི་ངོས་འཛིན་ཡང་དག་པ་ཨིན།
འགྲོ་བ་ཅི་རིགས་ མཐར་ཐུག་གི་མགོན་པོའི་ཆ་ཤས་ཀྱི་དཔེ་ཚད་ཨིནམ་ལས་ འགྲོ་བ་ཅི་རིགས་ལུ་ དགའ་བདེ་དང་ ཤེས་རབ་དང་ལྡན་པའི་ མྱང་འདས་ཐོབ་པའི་རེ་འདོད་ཡོདཔ་ཨིན། རེ་འདོད་འ་ནི་འདི་ མིའི་སྤྱི་ཚོགས་ནང་དང་ མཐོ་རིས་ཀྱི་གནས་ ༼ལྷ་ཡུལ་ མིའི་འཇིག་རྟེན་ དཀའ་ཐུབ་ཀྱི་འཇིག་རྟེན་ དྲང་སྲོང་གི་འཇིག་རྟེན་དང་ ཚངས་པའི་འཇིག་རྟེན་༽ ཚུ་ནང་ འགྲོ་བ་ཚུ་ ཚེ་རིང་བ་དང་ ཤེས་རབ་བཟང་བ་དང་ དགའ་བདེ་ཆེ་བ་ཡོདཔ་ཨིན། ཨིན་རུང་ འཁོར་བ་འཇིག་རྟེན་ཁམས་གསུམ་འདི་ནང་ མི་ཡུལ་གྱི་མི་ཚེ་དང་བདེ་བ་ལས་ སྟོང་གྱུར་གྱི་མང་རུང་ རྒ་བ་ན་བ་དང་འཆི་བ་ཡོདཔ་ཨིན། མཐར་ཐུག་མྱང་འདས་ཀྱི་གོ་འཕང་ཐོབ་སྟེ་ མཐར་ཐུག་གི་མགོན་པོ་དང་གཅིག་ཁར་མྱོང་བའི་བདེ་བ་དང་འཕྱདཔ་ད་ འཁོར་བའི་དགའ་བདེ་འདི་ ག་ནི་ཡང་མིན། མཐར་ཐུག་མགོན་པོ་ལུ་ཕྱག་མཆོད་ཀྱི་ཞབས་ཏོག་མ་འདྲཝ་མ་འདྲཝ་ཚུ་ལས་བརྟེན་བྱུང་བའི་དགའ་བདེ་འདི་ཡང་ མཐར་ཐུག་གི་བདེ་བ་དང་འཕྱདཔ་ད་ རྒྱ་མཚོ་དང་ཆུ་ཐིག་བཟུམ་འགྲན་ཟླ་མེད་པར་འགྱོཝ་ཨིན།
འགྲོ་བ་ཡོད་ཚད་ཅིག་གིས་ བདེ་བ་མཐོ་ཤོས་སམ་ཚད་མེདཔ་ཐོབ་ནིའི་འདོད་པ་བསྐྱེད་དེ་འབད་རུང་ འགྲོ་ག་ར་སྡུག་བསྔལ་གྱི་ནང་ལུ་གནསཔ་ཨིན། མཐོ་རིས་ཚུ་ནང་ཡང་ ཚེ་རིངམོ་སྦེ་སྡོད་ནི་ཡོདཔ་དང་ དགའ་བ་དང་བདེ་བའི་གནས་ཚད་མཐོན་པོ་སྦེ་ཡོདཔ་མ་གཏོགས་ འ་ནི་སྡུག་བསྔལ་འདི་ཡོདཔ་ཨིན། འ་ནི་འཁོར་བའི་རང་བཞིན་ཨིན། ང་བཅས་ཀྱིས་མི་ཚེ་ཡང་རིངམོ་བཟོ་ཚུགས་རུང་ ཚད་མེད་པའི་བདེ་བ་ཡང་བཟོ་རུང་ འཁོར་བ་ནང་འབད་ནི་འདི་གིས་སྡུག་བསྔལ་ལས་འབྱོག་མི་ཐལ། དེ་སྦེ་ཨིན་དགོ་མི་འདི་ཡང་ མཐར་ཐུག་མྱང་བདེ་ཀྱི་བདེ་བ་དང་ དངོས་པོ་ལས་བརྟེན་ཐོབ་པའི་བདེ་བ་གཉིས་ལུ་ཁྱད་པར་ཡོད་ནི་འདི་གིས་ཨིན། འགྲོ་བ་ཚུ་ སཅྕ་ཅིདཱ་ཨ་ནནྡ་ཝི་གྲཧའི་ སྐུ༌ངོ་བོ་ཨིན་མི་ བླ་ན་མེད་པའི་མཐར་ཐུག་གི་མགོན་པོའི་ཁྱད་དུ་འཕགས་པའི་འཇིག་རྟེན་ལས་འདས་པའི་ནུས་སྟོབས་ཀྱི་ཆ་ཤས་ཅིག་ཨིནམ་ལས་ འགྲོ་བ་ཚུ་ག་ར་བདེ་བ་ལུ་དགའ་ཞིང་འཇུག་པ་ནི་ཆོས་ཉིད་ཨིན། ཨིན་རུང་ ཁོང་ཚུ་ཕྱི་ཁའི་དངོས་པོའི་སྟེང་དུ་བདེ་བ་འཚོལ་མི་འདི་འབད་བརྩོན་དོན་མེད་ཨིན།
ཆུ་ནང་ལས་བཏོན་པའི་ཉ་འདི་ ཆུ་མེད་པའི་ས་ཁ་ལུ་གནས་སྟངས་ག་དེ་སྦེ་ལེགས་ཤོམ་བཟོ་རུང་ ཉ་འདི་ལུ་དགའ་བདེ་འབྱུང་མི་སྲིད་པ་ཨིན། ཁོ་ལུ་ཆུ་འབྱིན་དགོཔ་ཨིན། དེ་བཟུམ་སྦེ་ ས་ཅྕིདཱ་ཨ་ནནྡའི་རྣམ་པ་ཕྲ་མོར་ཞུགས་པའི་འགྲོ་བ་ཚུ་ ལུ་ ཁམས་གསུམ་འཁོར་བ་ནང་ལུ་ རྟོག་བཅས་མ་དག་པའི་སེམས་ཀྱིས་བཟོ་བའི་དགའ་སྐྱིད་ཀྱི་འཆར་གཞི་ག་དེམ་ཅིག་བཟོ་རུང་ དགའ་བ་ཟེར་མི་འདི་འབྱུང་མི་སྲིད་པ་ཨིན། དེ་འབདཝ་ལུ་ ཁོང་ཚུ་ལུ་འཇིག་རྟེན་ལས་འདས་པའི་བདེ་དང་དགའ་བ་མ་འདྲཝ་ཅིག་སྤྲོད་དགོཔ་ཨིན། ང་བཅས་ཀྱི་དམིགས་གཏད་འདི་ མཐར་ཐུག་གི་བདེ་བ་ཐོབ་ནི་མ་གཏོགས་གནས་སྐབས་ཀྱི་བདེ་བ་ལུ་ཞེན་ནི་མི་འོང་། ནང་རིག་མཁས་པ་ལ་ལུ་གིས་ མཐར་ཐུག་གི་བདེ་བ་འདི་ ཕྱི་དངོས་པོ་ལས་བྱུང་བའི་བདེ་བ་དང་ དངོས་པོར་འཛིན་པ་སྤངས་པ་ལས་བྱུངམ་ཨིན་ཟེར་སླབ་ཨིན་པས།
ཤྲཱི༌པཱད ཤཾ༌ཀ༌རཱ༌ཅཱརྱ གིས་གསུངས་པའི་ ཕྱི་དངོས་པོ་སྤངས་དོར་གྱི་ལྟ་བ་འདི་གིས་ མི་ཉུང་ཉུང་ཅིག་ལས་ལྷག་ཕན་མི་ཐོགསཔ་འོང་། སྤྱིར་བཏང་ག་ར་ལུ་མཆོག་གི་བདེ་བ་ངེས་པར་དུ་ ཐོབ་ནིའི་ཐབས་ལམ་འདི་ དད་པའི་ཐོག་ལས་ ཐོབ་ཚུལ་སྐོར་ མགོན་པོ་ཤྲཱི་ཅཻཏནྱ་མ་ཧཱ་པཱྲབྷུ་ གིས་གསུངས་ནུག དད་པའི་ཐོག་ལས་འབད་བའི་བྱ་བ་ཚུ་གིས་ དངོས་པོའི་རང་བཞིན་གྱི་རྣམ་པ་བསྒྱུར་བཏངམ་ཨི།
རིག་གནས་ཀྱི་དོན་ལ་མནོ་བསམ་བཏང་དགོས་འདུག་ལགས།
ReplyDeleteདགའ་སྐྱིད་ཀྱི་དོན་ལུ་དཀའ་ཚེགས་ཆེན་པོ།ཟེར་བཀོད་མི་འདིའི་ཐད་ གནད་དོན་ག་ཅི་ལས་བརྟེན་བཀོདཔ་ཨིན་ན? ཨིན་རུང་ཁྱོད་ཀྱིས་བྲིས་མི་འདི་བརྗོད་དོན་ལེགས་ཤོམ་འདུག དེ་འབདཝ་ད་བརྗོད་ཚིག་གི་སྦྱོར་བ་དང་ཚིག་བཙུགས་ཐངས་ལྷབ་དགོཔ་འདུག་
ReplyDeleteའབྲུག་རྒྱལ་ཁབ་ནང་གཞན་ག་ཡང་ལེགས་ཤོམ་འདུག དེ་འབད་ད་ལུ་གཞུང་མི་སེར་ལུ་འགྲོ་མི་དབང་ཚད་མི་འདི་སེམས་ཕམ་ཤོག་ཅིག་ཨིན་མས། ག་ཅིག་འབད་ཟེར་བ་ཅིན་འབྲུག་མི་ཕྱི་རྒྱལ་ཁབ་ཀྱི་མི་དང་གཉེན་རྐྱབ་ད་པ་ཅིན་འབྲུག་གཞུང་གཉེན་ཐམ་མ་བྱིན་མི་འདི་སེམས་ཕམ་གྱི་ཁྲིམས་ཅིག་ཨིན་མས།
ReplyDeleteད་རེས་ནངས་པར་ སྤྱི་ཚོགས་གཉིས་པའི་བཙགས་འཐུའི་དོན་ལུ་ འདེམས་ངོ་ཚུ་རྩོད་འགྲན་འབད་བའི་སྐབས་ མི་ཚེར་དམང་གཙོ་ཚོགས་པའི་འདེམས་ངོ་ཆ་མཉམ་གྱི་ དེ་པའི་གཞུང་གི་ ངན་ལྷོད་རྩ་མེད་བཏང་ནི་ཕར་བཞག་ བློན་པོ་ཁོང་རང་ཚུ་གྱི་ ངན་ལྷོད་འབད་ཡོདཔ་སྦེ་གསལ་བཤད་འབད་ཡོད་པ་གི་མ་ཚད་ ཧཱ་ སྦྱིས་དཀར་འཚོ་ཨི་སུ་ འདེམས་ངོ་དེ་ཀྱིས་ དྲི་བ་འདྲ་ལེན་སྐབས་ དེ་པའི་གཞུང་གི་བློན་ཆེན་གྱི་རྒྱ་ནག་ལས་འགྲུལ་འཁོར་ཉོཝ་ལས་ ཁྱིམ་ཚང་རྒྱ་གར་དང་ཅིག་ཁར་མཐུན་ལས་ལུ་ཐོ་ཕོགས་ཡོདཔ་ལས་ མ་དངུལ་ཚུ་ཡང་རྒྱ་གར་གཞུང་གི་བཀག་ཆ་སྦེ་ཡོདཔ་འབད་གསལ་བཤད་འབད་དེ་ དེ་ཚུ་བདེན་པ་ག་ཏེ་འབད་ཨིན་ན་ འབྲུག་ཕུན་གསུམ་ཚོགས་པ་གྱི་ཐུག་ཁར་རྣམ་དགོཔ་འདུག་། ང་བཅས་མི་སེར་ཚུ་གྱི་ཁ་ཐུག་ ཕྲང་ཏེ་རང་ཞུ་བ་ཅིན་ བརྡ་བརྒྱུད་ཚུ་གྱི་ཕྱག་ལ་གནང་མི་ལུ་ཡིད་ཆེ་མི་ཚུགས་པས་ཟེར་ཞུ་ནི་། ག་དེ་འབད་སྨོ་ཟེར་བ་ཅིན་ རྒྱལ་པོ་ཞིང་གི་ས་ཆ་སྐོར་ལས་ཨིན་པ་ཅིན་ བརྡ་བརྒྱུདཔ་ཚུ་གྱི་ མི་སེར་ཚུ་ལུ་ལོག་ཅི་ལོག་ཅི་ཁྱབ་བསྒྲགས་འབདཝ་ཨིན་མས་། དབང་འདུས་ ཕོབ་ཇི་ཁ་གྱི་ས་ཆ་དང་སྤུ་ན་ཁ་གི་ས་ཆ་སྐོར་ལས་འབདཝ་ཅིན་ བརྡ་བརྒྱུདཔ་ཚུ་གྱི་ཁ་གསལ་འབད་ཤེས་དེ་འབད་རུང་ ཁུ་སིམ་སི་འབད་སྡོད་མས་ འདི་ག་ཅི་འབད་ཨིན་ན་ ? ང་བཅས་མི་སེར་ཚུ་གྱི་ཧ་དགོ་ཐབ་ལུ་ བརྡ་བརྒྱད་ཁ་ཐུག་ལས་ གསུང་གནང་ཟེར་ཞུ་ནི་ཨིན་།
ReplyDeleteསྔོན་བྱོན་རྒྱལ་བ་གོང་མ་ཆུ་ཡི་འབྲུག་རྒྱལ་ཁབ་འདི་རང་དབང་རང་ཅན་སྐྱིད་ཏོག་ཏོ་འབད་གནས་ནུག དེ་མ་ཚད་འབྲུག་རྒྱལ་བཞི་པའི་མི་སེར་ལུ་བརྩེ་དུངས་བསམ་གྱི་མ་ཁྱབ་པར་གནང་ཡོད་ང་བཅས་གེ་ར་ཡི་མཁྱེན་ས་ཨིན། ཕྱི་རྒྱལ་ཁབ་གཞན་ཁར་ལུ་མི་སེར་གྱི་དམངས་གཙོ་གཞུང་དགོས་ཟེར་མི་སེར་ཡི་ཤུགས་རྐྱབ་ཏེ་འབད་དམང་གཙོ་གཞུང་ཆགསཔ་ཨིན་པས་ཟེར་ཞུ་ནི་ཨིན། ང་བཅས་འབྲུག་ལུ་དཔོན་གྱི་མི་སེར་ལུ་དབང་ཚད་གནང་མི་འདི་མི་སེར་ཡི་ལེགས་ཤོམ་འབད་ལོངས་སྤྱོད་མི་ཚུབས་པས་ཚ་གེ་ངའི་སེམས་ཁར་དེ་འབད་བྱུང་མས་ཟེར་ཞུ་ནས་ཨིན། ཚོགས་པ་གཅིག་གི་ཅིག་ལུ་ཁོང་ཁྲོ་ལོང་སྟེ་སྡོད་ས་ཡང་མཐོང་མས། ངའི་བསམ་ཆར་ཁག་ཆེ་ཤོག་ཅིག་ཞུ་བ་ཅིན་གཞུང་གི་མི་སེར་ལུ་ཕན་པའི་ཁྲིམས་རྩོམ་ནས་དང་མི་སེར་གྱི་གཞུང་ལུ་ཞུ་བ་ཕུལ་དགོས་འདུག་ཟེར་ཞུ་ནས་ཨིན་ལགས། སྤྱི་རྒྱུ་ནོར་ལོངས་སྤྱོད་རྐྱང་ཅིག་ལུ་མ་ཆགས་པར་གཅིག་གི་ཅིག་བྱང་ཆུབ་ཀྱི་སེམས་སམ་ཕན་སེམས་ཀྱི་ཕྱག་ལཱ་གནང་དགོས་འདུག་ཟེར་མནོ་མས་ལགས།
ReplyDeleteསྤྱི་གཏང་བཙག་འཐུ་ནང་ལས་ མི་སེར་དམང་གཙོ་ཚོགས་པ་གིས་ ཁོང་ར་གི་རེ་བ་བསྐྱེད་དོ་བཟུམ་སྦེ་ར་ རྒྱལ་ཁབ་སྐྱོང་ནིའི་གོ་སྐབས་བཟང་པོ་ཐོབ་ཅི། རྒྱལ་ཁབ་ཀྱི་ཞི་བདེ་གི་ཐོག་ལས་ཡར་རྒྱས་གོང་འཕེལ་སྔལ་ལས་ལྷག་སྟེ་ གཏང་གནང་བའི་རེ་ཡོད། ང་བཅས་མི་སེར་ཚུ་གིས་ དུས་རྟག་བུ་ར་ གཞུང་གི་ཕྱག་ལཱ་མཛད་མི་ཚུ་བལྟ་རྟོག་འབད་དེ་ར་སྡོད་འོང་ དེ་མ་ཚད་ ད་ལྟོ་བྱུང་ཞིན་ཡོད་མི་དཀའ་ངལ་ཚུ་ཡང་འཕྲལ་མགྱོགས་འབད་ར་སེལ་གནང་དགོ། ཁོང་རའི་ཁས་བླངས་ཚུ་ཡང་ གཅིག་ཡང་བཀོ་མ་བཞག་པར་རིམ་པ་བཞིན་དུ་འཕྲལ་མགྱོགས་འབད་ར་ ང་བཅས་མི་སེར་ཚུ་གི་རེ་བ་བཀང་ཚུགས་པའི་རེ་བ་ཡོད་ཟེར་ཞུ་ནི་ཨིན།
ReplyDeleteབསམ་འཆར་ སྤྱིར་བཏང་ང་བཅས་མི་སེར་ཚུ་གྱི་ཁོང་ལས་བསམ་འཆར་ཞུ་བ་ཅིན་ མདང་བཞག་སྲིད་ཚོགས་གཉིས་ཀྱིས་ཁོང་ལས་ གཅིག་ཤུལ་གཉིས་སྦེ་ སྐུལ་བསྒྲགས་འབད་བའི་རྣམ་དུས་ལུ་ གནས་སྐབས་གཞུང་གི་ གྲོས་དཔོན་ ཀརྨ་ཨུ་ར་ གིས་ ལམ་ལུགས་དང་མ་འཁྲིལ་བར་ ཁོ་རང་གི་དབང་ཚད་བཙོང་ཏེ་ བརྡ་བརྒྱུད་ལས་ཁང་ནང་སོང་ཏེ་ རང་དབང་ཐོག་ལུ་ འབྲུག་མི་ཡོངས་ལུ་ རྒྱ་གར་རྒྱལ་ཁབ་ཀྱིས་ མེ་རླུང་དང་ ཚོང་ཁྲལ་ འདི་བཟུམ་སྦེ་ གློག་མེ་བཙོང་རིན་མར་འཕབས་སྦེ་ཡོད་པའི་སྐོར་ ནང་གསལ་སྐོར་ལས་ འབྲུག་ཕུན་གསུམ་ཚོགས་པ་གཞུང་ལུ་ཁ་ཉེས་བཀལ་ཏེ་ གསལ་བཤད་འབད་མི་འདི་ ང་བཅས་འབྲུག་མི་གེ་ར་གི་ཤེས་ཟེར་ཞུ་ནི་། གཉིས་པ་ལུ་ མི་སེར་དམང་གཙོ་ཚོགས་པའི་གཙོ་འཛིན་ཁོ་རང་གི་གཙོས་འདེམས་ངོ་ཆ་མཉམ་གྱི་ འབྲུག་ཕུན་གསུམ་ཚོགས་པའི་གཚོ་འཛིན་ འཇིགས་མེད་འོད་ཟེར་འཕྲིན་ལས་ལུ་ རྒྱ་ནག་དང་ཅིག་ཁར་མཐུན་ལམ་བཟོ་ཡོདཔ་ལས་ རྒྱ་གར་གཞུང་གི་ ཁ་ཉེས་བཀལ་བའི་སྐོར་ལས་ ཡང་ལས་ཡང་དུ་འབྲུག་མི་ཚུ་ལུ་གསལ་བཤད་འབད་མི་ཚུ་ བདེན་པ་ག་དེ་འབད་ཨིན་ན་ འབྲུག་ཕུན་གསུམ་ཚོགས་པའི་ཁ་ཐུག་ལས་ ཡོངས་ཁྱབ་ཞལ་འཛོམས་གནང་བའི་སྐབས་ ཁོང་གི་རྒྱབ་ཐག་ལུ་མ་འཚེར་བ་ དེའི་ གྲོས་ཆོད་བཏོན་བཞིནམ་ད་ ཁྲིམས་ཀྱི་འདུན་ས་བཙུགས་སྟེ་ ང་བཅས་མི་སེར་ཚུ་གྱི་དོགས་པ་བསེལ་འོང་མནོ་བའི་རེ་བ་ཡོད་ཟེར་ཞུ་ནི་། དབང་དྲག་བཀྲིས་སྒང་རང་འབྱུང་ཁྲོམ་།
ReplyDeleteམི་སེར་དམང་གཙོ་ཚོགས་པའི་གཙོ་འཛིན་ལས་འགོ་བཟུང་སྟེ་ ཚོགས་པའི་འཐུས་མི་ཚུ་གིས་ ཚོགས་རྒྱན་ཐོབ་ནིའི་དོན་ལུ་ འདས་པའི་གཞུང་ལུ་ མ་བདེན་པའི་ཁ་ཉེས་བཀལ་མི་འདི་ ད་རེས་ང་བཅས་མི་སེར་ཚུ་གིས་ལེགས་ཤོམ་སྦེ་ར་ ཧ་གོ་
ReplyDeleteཚུགས་ཅི་ཟེར་ཞུ་ནི་ཨིན། འདི་ཡང་ རྒྱ་འབྲུག་གི་མཐུན་ལམ་་ལེགས་ཤོམ་མེད་པའི་སྐོར་ལས་ མེ་རླུང་གེས་དང་ས་མར་ཁུའི་གོང་ཚད་ཡར་སེང་འབད་ཡོད་མི་ ཚོང་ཁྲལ་ གློག་མེ་བཙོང་ཁྲལ་ཚུ་ ཡར་སེང་འབད་དེ་ཡོད་ཟེར་མི་འདི་གི་སྐོར་ལས་ ད་རེས་རྒྱ་གར་གཞུང་ཚབ་ཀྱིས་ མི་དམང་ལུ་ཁ་གསལ་འབད་གསུངས་གནང་མི་གིས་ མ་བདེན་པའི་གཏམ་ཨིནམ་ལེགས་ཤོམ་སྦེ་ཧ་གོ་ཚུགས་ཅི། མ་ཞི་ལོ་རྒྱུས་དེ་ཚུ་ སྐུ་ཚབ་ཀྱིས་ སྔ་གོང་ལས་གསུང་གནང་མ་ཅིན་ འབྲུག་མི་ཚུ་ལུ་དོགས་པ་
རང་མོས་རྣམ་དག་གི་ཐོག་ལས་ ཚོགས་རྒྱན་འདི་ལྕགས་གྲུབ་ཅན་གྱི་ཚོགས་པ་གཅིག་གདམ་འཐུ་འབད་ནིའི་འོས་འབབ་སྦོམ་སྡོད་ནུག། དེ་གུར་ གནས་སྐབས་ཀྱི་གྲོས་དཔོན་ དྲགོསཀརྨ་ཨུ་ར་གིས་ཡང་ ཕྱོགས་བཟུང་སྟེ་ མི་དམངས་ལུ་
མ་བདེན་པའི་གཏམ་སྤེལ་གནང་མི་འདི་ ཧ་ལས་སི་སི་ཅིག་ཨིན་པས། ཨིན་རུང་ ཆོས་ནང་ལས་ཐོན་དོ་བཟུམ་ བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་བཟང་ལ་འབད་པར་བྱ། །
རྟག་པར་བསམ་པ་བཟང་ལ་འབད་པར་བྱ། །ཞེས་གསུངས་བཞིན་དུ་ལས་འབྲས་བསླུ་བ་མི་སྲིད་ཟེར་ཞུ་ནི་ཨིན།།
This comment has been removed by the author.
ReplyDeleteཀུན་གསལ་གྱི་ཡོངས་འབྲེལ་འཆར་སྒོ་འདི་ དབྱིན་སྐད་དང་རྫོང་ཁའི་ཤེས་ཚད་ཡོད་མི་ཆ་མཉམ་གྱིས་བརྩི་བཀུར་དགོ་པ་ཅིན་ དབྱིན་སྐད་ཀྱི་ཐོག་ལས་གནས་ཚུལ་ཚུ་ཧེ་མ་དང་ རྫོང་ཁའི་ཐོག་ལས་ཨིན་པ་ཅིན་ ཤུལ་མ་སྦེ་མེན་པ་ དུས་མཉམ་སྦེ་གནང་ཚུགས་པ་ཅིན་ ག་ཅི་དེ་ལེགས་ཞིནམོ་འོང་ནི་མས།
ReplyDeleteང་གིས་འབད་བ་ཅིན་ཀུན་གསལ་གྱི་ཡོངས་འབྲེལ་འཆར་སྒོ་ནང་ བསམ་འཆར་བྲིས་རུང་ གཅིག་གིས་གཅིག་ལུ་ཕོགནི་མ་གཏོགས་ གཞན་འབྲེལ་ཡོད་ལས་སྡེ་ཚུ་གིས་ལན་གསལ་བཀོད་ནི་མི་འདུག།
ReplyDeleteམ་གཞི་ང་རང་འདི་ སྲིད་ཚོགས་༢ག་གི་རྒྱབ་སྐྱོར་པ་ཡང་མེན། ཨིན་རུང་bazarkilikilaya hungfaithགིས་ ལྟག་བཀོད་མི་དེ་ དུམ་གྲ་ཅིག་མི་བདེན་པས་ཟེར་ཞུ་ནི། མ་གཞི་ག་ར་འབད་རུང་ རང་གི་དགའ་མི་ལུ་ཕྱོགས་བཟུང་ནི་དང་ གཞན་ཕྱོགས་ལུ་ཁ་གཏང་ནི་འདི་ མིའི་རང་བཞིན་ཨིནམ་ལས་ ག་དེ་སྦེ་ར་གསལ་ཆ་ཞུ་རུང་ བདེན་འཛིན་རེ་མི་ཚུགས། ཨིན་རུང་གནད་དོན་དེ་གིས་ གཞན་ལུ་སེམས་བསྐུལ་འབད་ནིའི་ཉེན་ཁ་ཡོདཔ་ལས་བརྟེན་ ལན་ཅིག་ཞུ་དགོཔ་འཐོན་མི་ལུ་དགོངས་ཁྲོས་མེདཔ་ཅིག་མཛད་གནང་། ང་གིས་འབད་བ་ཅིན་ སྤྱིར་བཏང་བཙག་འཐུའི་སྐབས་ལུ་ གཅིག་གིས་གཅིག་ལུ་སྐྱོན་བརྗོད་འབད་མི་གངམ་མ་ཐོན་རུང་ འགོ་ཐོག་དར་དཀར་ན་སྦེ་ རྩོད་འགྲན་འགོ་འདྲེན་འཐབ་པའི་སྐབས་ལུ་ འབྲུག་ཕུན་སུམ་ཚོགས་པའི་འདེམ་ངོ་གིས་ མི་སེར་དམངས་གཙོ་ཚོགས་པའི་ཁས་བླངས་གསལ་བསྒྲགས་ལུ་ སྐྱོན་སློང་ནི་འགོ་བཙུགས་པའི་ཤུལ་ལུ་ གཅིག་ཤུལ་གཉིས་ཤུལ་སྐྱོན་བརྗོད་འབད་ཞིནམ་ལས་ ལོ་རྒྱུས་འདི་ཐོན་ཡི། དཔྱེ་འབད་བ་ཅིན་གནམ་གྲུ་ཉོ་ནི། རྒེད་འོག་ལུ་སྣུམ་འཁོར་བྱིན་ནི། མར་ཁུ་བླུགས་ས།དངུལ་ཁང་ཆུང་ཀུ་བཙུགས་ནི་ཚུ་གུ་ ཚ་གྱང་ལང་མི་འདི་ དོན་ལུ་མི་སེར་ལུ་དགོཔ་མེད་ཐབས་མེདཔ་ཅིག་ཨིན་རུང་ དེའི་སྐབས་ལུ་ དགོས་མཁོ་མེདཔ་སྦེ་སླབ་མི་འདི་ མ་བཏུབ་ཅིན་མེན་པས་ག། གཞན་རང་གི་འཆར་གཞི་དང་དམིགས་གཏད་ཚུ་ གོཝ་ཁ་གསལ་སྦེ་མི་སེར་གསལ་བཤད་འབད་ནི་མ་གཏོགས་ དོན་མེད་ཀྱི་རོགས་ལུ་སྐྱོན་བརྗོད་ནི་འདི་ཁྱད་མེདཔ་ཨིན་ན། དེ་ཡང་རྒྱལ་ཁབ་ཀྱི་གནད་དོན་ཅིག་ཨིནམ་ལས་ དུས་ཚོད་ཀྱི་ཁྱད་པར་ཅིག་མ་གཏོགས་ ནམ་མཇུག་ལོ་རྒྱུས་འདི་ཐོན་པའི་བསྒང་ལས་ སྟབས་མ་བདེཝ་འབྱུང་ནི་ཨིནམ་ མགུ་རུལཝ་ཧང་གིས་མ་ཚོར་བ་ཅིན་མི་བཏུབ་ནི་ཨིནམ་ལས་ཚ་གྱང་ལང་དགོ་པའི་དུས་ཚོད་ཕྱིསནི་མ་གཏོགས་མི་ཧག་ནི་ཨིན་པས་ཟེར་ཞུ་ནི། ཤུལ་ལས་ཁ་བཏང་མི་དང་ནག་གསུག་གི་ཐད་ལུ་ སྤྱ་དཀར་ཟེར་བསྟོད་མི་དགོ།སྤྱ་དམར་ཟེར་སྨད་མི་དགོ་པས། གནད་དོན་ལེ་ཤ་ཡོད་པའི་ནང་ལས་དཔྱེ་ཅིག་ཞུ་བ་ཅིན་ བརྡ་རྒྱུད་ག་ཅི་ནང་ལུ་འབད་རུང་ འབྲུག་ཕུན་སུམ་ཚོགས་པའི་འདེམ་ངོ་ག་གིས་འབད་རུང་ རུ་པིའི་དཀའ་ངལ་མེད་ཟེར་གསུངས་མི་འདི་ མི་མང་གི་བསམ་འཆར་ལས་འབད་བ་ཅིན་ ཁོང་གིས་ རྒྱལ་ཁབ་ནང་རུ་པིའི་དཀའ་ངལ་དེ་བྱུང་ཡི། ཨིན་རུང་གཞུང་སྐྱོང་མི་ག་ཨིན་མི་འདི་གིས་ འཕྲལ་རང་མི་མང་ལུ་སྟབས་མ་བདེཝ་མི་འབྱུང་ནིའི་ཐབས་ལམ་བཏོན་འོང་ཟེར་གསུང་ད་པ་ཅིན་ ལེགས་ཤོམ་འོང་ནི་ཨིན་རུང་ དེ་མིན་པ་རུ་པའི་སྟབས་མ་བདེཝ་བཟོ་མི་འདི་ ཚོགས་རྒྱན་དགོ་ནིའི་དོན་ལུ་ཨིན་ཟེར་གསུངསམ་ཨིན་པས། དེ་སྦེ་ཨིན་པ་ཅིན་ འབྲུག་ཕུན་སུམ་ཚོགས་པའི་གཞུང་གིས་ མ་དངུལ་དུང་ཕྱུར་༨གནད་དོན་ག་ཅི་ལུ་བརྟེན་ རྒྱལ་གཞུང་དངུལ་ལས་དབང་འཛིན་གནང་དགོཔ་ཨིན་ན་ ང་གིས་ཧ་མ་གོ།གཞན་ངལ་གཞིར་ འཛོལ་བའི་ལམ་ལོག་པ་སངས།།ཟེར་སླབ་དོ་བཟུམ་སྦེ་ག་ར་གི་མནོ་བསམ་གཏང་ནི་ཅིག་འོང་།
ReplyDeleteThis comment has been removed by the author.
ReplyDeleteསྤུ་ངོ་མ་འབད་བ་ཅིན་ སངས་རྒྱས་བསྟན་འཛིན་གྱིས་བཀོད་མི་བཟུམ་རང་ཨིན་ཟེར་མནོཝ་མས། ཨིན་རུང་འདི་ཚུ་ ཐལ་ཚར་བའི་གཏམ་ཨིནམ་ལས་ ལོག་ཅི་ལོག་ཅི་སློང་དགོཔ་མིན་འདུག། དོན་མཐར་ཐུག་ གཞུང་སྐྱོང་ནིའི་དབང་ཚད་ཐོབ་མི་ཐོབ་དང་ འདེམས་ངོ་རང་སོ་བཙག་འཐུ་གྲུབ་མི་འགྲུབ་འདི་ ཀྲོང་གསར་གྱི་ནུབ་སྦི་སྟངས་སི་སྦྱིས་ཀྱི་འཐུས་མི་དངོས་གྲུབ་བཟང་པོ་གིས་ མི་མང་རྩོད་འགྲན་སྐབས་ མི་མང་ལུ་ཞུ་དོ་བཟུམ་ ཚེ་ཧེ་མའི་ལས་དང་འཁྲིལ་ཏེ་འགྱོ་དགོ་ཟེར་ཞུ་དོ་བཟུམ་རང་ཨིན། དཔྱེ་འབད་བ་ཅིན་ སྤྱི་ལོ་༢༠༠༨་ལུ་མི་སེར་དམངས་གཙོ་ཚོགས་པ་གི་འདེམས་ངོ་ཚུ་ག་ར་ལྕོགས་གྲུབ་དང་འཇོན་སྟངས་ཅན་ཙང་ཙ་རང་འདུག་ ཨིན་རུང་མཇུག་ལཱ་མཇུག་ཁར་ལྷོདཔ་ད་ འདེམས་ངོ་གཉིས་མ་གཏོགས་བཙག་འཐུ་གྲུབ་མ་ཚུགས། འདི་ཚུ་ག་ཅི་ལས་བརྟེན་ཨིནམ་སྨོ?མི་ལ་ལུ་གི་སླབ་པའི་ མི་རེ་རེ་གཉིས་གཉིས་ཀྱི་ཁ་དང་གདོང་ལུ་ལྟ་སྟེ་ཟེར་ དོན་ངོ་མ་ དབུ་ཁྲིད་ཁོ་རང་ རྒྱལ་རབས་ཅན་གྱི་དམངས་གཙོའི་རིང་ལུགས་ཀྱི་ བློན་ཆེན་འགོ་དང་པ་མཛད་ནི་གི་སྐལ་བ་མེདཔ་ལས་བརྟེན་ཨིནམ་འོང་ཟེར་མནོ་མས། འདི་བཟུམ་སྦེ་ ད་རེས་སྤྱི་ཚོགས་གཉིས་པའི་བཙག་འཐུ་གི་སྐབས་ མི་རྗེ་བློན་བགྲེསཔ་ཁོ་རང་ ཐེངས་གཉིས་རེ་བློན་ཆེན་མཛད་ནིའི་ལུང་བསྟན་དང་སྐལ་བ་མེདཔ་ལས་བརྟེན་ བཙག་འཐུ་འགྲུབ་མ་ཚུགས་འོང་ཟེར་མནོཝ་མས། འདི་བཟུམ་སྦེ་ ད་རེས་མི་སེར་དམངས་གཙོ་ཚོགས་པའི་གཙོ་འཛིན་བཟུམ་ཅིག་འབད་རུང་ རྒྱལ་རབས་ཅན་གྱི་འབྲུག་གི་བློན་ཆེན་གཉིས་པ་སྦེ་མཛད་ནི་གིས་ལུང་བསྟན་དང་སྐལ་བ་ཡོདཔ་ལས་བརྟེན་ བཙག་འཐུ་གྲུབ་གྲུབ་འོང། འདི་འབད་ནི་འདི་གིས་ང་བཅས་ར་ག་ར་འབད་རུང་ ལས་རྒྱུ་འབྲས་ལུ་བསླུ་བ་མེད་ཟེར་མི་འདི་ལུ་ ཡིད་ཆེ་དང་བརྩི་མཐོང་སྐྱེད་གེ་ཟེར་ཞུ་ནི་ཨིན།
DeleteThis comment has been removed by the author.
ReplyDeleteསངས་རྒྱས་ཀྱི་བཤད་དོ་བཟུམ་ཨིན་ རང་དགའ་མི་ལུ་ཕྱོགས་བཟུང་ནི་དང་ གཞན་ཕྱོགས་ལུ་འཆར་ཁ་གཏང་ནི་འདི་ འགྲོ་བ་མི་ཚུ་ལུ་རང་བཞིན་ཅིག་ཨིན་། ཨིན་རུང་མི་སེར་དམང་གཙོ་ཚོགས་པའི་འདེམས་ངོ་ཚུ་གྱི་ རྩོད་འགྲན་སྐབས་ མི་གཅིག་དང་གཉིས་ལུ་ དབང་ཚད་བཟུང་བཅུག་ནི་མི་འོང་ ད་རེས་ནངས་པ་འབྲུག་ཕུན་གསུམ་ཚོགས་པ་གཞུང་གི་ དབང་ཚད་ཚུ་ཁོང་རང་འདེམས་ངོ་ཚུ་གྱི་ལག་པ་ལེན་བཞག་ཏེ་ མི་སེར་ཚུ་གྱི་ལག་པ་དབང་ཚད་མ་ལྷོདཔ་ལས་ དཀའ་ངལ་ག་བཟུམ་ཐོན་ཡི་ག་ མི་སེར་ཚུ་གྱི་ཤེས་། དེ་མ་ཚད་ བློན་ཆེན་བགྲེསཔ་ཀྱི་ རྒྱ་ནག་དང་ཅིག་ཁར་མཐུན་ལམ་བཟོ་ཡོདཔ་ལས་ རྒྱ་གར་གཞུང་གི་ འཆར་དངུལ་ཚུ་བཀག་ཆ་འབད་ཡོདཔ་མ་ཚད་ མེ་རླུང་དང་ས་མར་ཁུའི་གོང་ཚད་ཚུ་ཡར་སེང་འབདཝ་གི་མ་ཚད་ ཆུ་ཁ་གློག་མེ་ལས་སྒུལ་གྱི་ཕྲལ་དེ་ཡང་དཔེ་སར་ ༥༥ མར་འཕབ་འབད་ཡོད་པའི་སྐོར་ལས་ ཚོགས་པའི་གཙོ་འཛིན་ཁོ་རང་ལས་འགོ་བཟུང་གསལ་བཤད་འབད་བ་འབྲུག་མི་ཚུ་གྱི་མ་ཚད་ རྫམ་གླིང་རྒྱལ་ཁབ་ཡོངས་ཀྱི་མཁྱེན་ཟེར་ཞུ་ནི་། ད་རེས་འབདཝ་ད་ རྒྱ་གར་གཞུང་གི་སྐུ་ཚབ་ཀྱི་ ཆུ་བསེལ་བ་ཉ་དངམ་སྦེ་ གསུངམ་ལས་ མི་སེར་གམང་གཙོ་ཚོགས་པ་འདེམས་ངོ་ཆ་ཁྱབ་ཀྱི་ ཚོགས་རྒྱན་འཐོབ་བརྗོད་བཀོད་དེ་ འབྲུག་གི་རྩ་བ་ ༣ ལུ་མགུ་སྐོར་རྐྱབ་ཨིནམ་འབྲུག་མི་གེ་ར་གི་ཧ་གོ་ཡི་ཟེར་ཞུ་ནི་། སངས་རྒྱས་ཁྱོད་རང་གི་འབད་རུང་ཧ་གོ་གོཝ་འོང་། འདི་འབདཝ་ལས་ མི་སེར་དམང་གཙོ་ཚོགས་པའི་འདེམ་ངོ་ཆ་ཁྱབ་ཀྱི་ འབྲུག་མི་ཚུ་དང་ལྷག་པར་དུ་ བློན་ཆེན་བགྲེསཔ་ ལུ་མ་བདེན་པའི་གཏམ་ཚུ་སླབ་སྟེ་ ཁ་ཉེས་བཀལཝ་གི་མ་ཚད་ མི་དཀར་ལུ་ཞ་ནཞནཔ་སྤུབས་པ་ ངེས་བདེན་ཨིནམ་ལས་ འབྲུག་ཕུན་གསུམ་ཚོགས་པའི་ཁ་ཐུག་ལས་ མ་འོང་པ་ལུ་འདི་བཟུམ་མི་འབྱུང་ནི་གྱི་ཐབས་ལུ་ ཁྲིམས་སྟུགས་ཞུ་འོང་མནོ་བའི་རེ་བ་དང་ ལྷག་པར་དུ་ ང་བཅས་མི་སེར་ཚུ་གྱི་ཁོང་ལས་ རྒྱབ་སྐྱོར་ཧྲིལ་འབུམ་ཕུལ་ནི་ཨིན་། རྡོ་རྗེ་ བཀྲིས་སྒང་རང་འབྲུང་ཁྲོམ་།
ReplyDeleteམེ་མ་འཕུནི་ས་མི་ཚིགས། མཐུན་ལམ་སྐོར་ལས་ཚ་གྱང་ལང་ནི་འདི་ དུས་ཚོད་ཀྲིག་ཀྲི་ཨིནམ་ག་ར་མཁྱེན་རུང་ ད་ལྟོ་བར་ན་ཡང་དེའི་སྐོར་ལས་མ་མཁྱེན་མི་ཚུ་ལུ་ ངེའི་ཁ་ཐུག་ལས་འགྲེལ་བཤད་རྐྱབ་སྟེ་ཞུ་མི་དེ་བ་འདི་ རང་གིས་ཤེས་མི་ཚུ་ལུ་འདྲི་དགོཔ་འོང་། དེ་མིན་པ་རོགས་སླབ་སར་ཉན་ནི་གཅིག་དང་ རོགས་ཀྱི་ཞོར་ཁར་ཁ་གཏང་སྡོད་པ་གིས་མི་བཏུབ།
ReplyDeleteད་རིས་ནངས་པ་འཛམ་གླིང་ནང་ སྲིད་བྱུས་མཁན་ཚུ་གིས་ ལོ་རྒྱུས་སླབ་ཐངས་ཚུ་ རང་གིས་ཡང་དབྱེ་བ་ཨ་ཙི་རེ་དཔྱད་དགོཔ་འོང་། ངོ་རྐྱང་གི་གདོང་ཁར་སླབ་ཐངས་གཅིག་དང་ རྒྱབ་ལས་སླབ་ཐངས་སོ་སོར་ཡོད་མི་ཚུ་ བློ་སླབ་ལུགས་མི་གཙོ་ཉན་ལུགས་གཙོ། ད་རུང་བློ་སླབ་ལུགས་གཅིག་ལུ་གོ་ལུགས་གཉིས།ཟེར་སླབ་དོ་ཡོདཔ་ཨིན་རུང་ བློ་ཉན་ལུགས་མི་གཙོ་སླབ་ཐངས་མཁས་དགོ་ཟེར་མི་ཚུ་གི་གཏམ་དཔེ་འདི་ ད་རིས་ནངས་པའི་དུས་ལུ་ དངོས་སུ་བྱུང་དོ།
ང་གིས་ལྟ་བ་ཅིན་ ཚོགས་པ་ག་གིས་འབད་རུང་ མི་ངོམ་གཅིག་ལུ་ཡང་ ཚོགས་རྒྱན་འདི་ ཚོགས་པ་འདི་ནང་ལུ་བཙུགས་དགོ་ཟེར་ ལག་པ་བཤེད་འཁྱིད་དེ་བཙུགས་བཅུགཔ་མེན་འོང་མེན་ན།
མི་ངོ་གཅིག་དང་གཉིས་ཀྱི་ཕྱོགས་བཟུང་སྟེ་ལོ་རྒྱུས་སླབ་མི་འདི་གིས་ འབྲུག་མི་ཡོངས་ཀྱི་དོན་ལུ་ ལོ་རྒྱུས་ལེ་ཤ་འཐོན་མི་ཚུ་ཁྱད་མེདཔ་སྦེ་ཨིན་ན། མི་སེར་གྱི་ཧོངས་ལས་རྒྱབ་སྐྱོར་ཁ་ཙ་ཁ་ཉིམ་ཅིག་ཁར་ཕུལ་མི་འདི་གིས་ར་བཏུབ་པས་མེན་ན།
ཀུན་གསལ་རང་སྐྱོང་ལས་འཛིན་ལུ་གསོལ་འདེབས་ཅིག་ཞུ་བ་ཅིན་ ཨིང་ལེཤ་གི་ཀུན་གསལ་ཅོག་གཅིགཔ་སྦེ་རང་ དུས་ཚོད་འགྲན་འདྲ་འབད་བཏོན་ཏེ་ སྟབས་གཅིག་ལུ་ཡོངས་འབྲེལ་ནང་བཙུགས་གནང་པ་ཅིན་བཀྲིན་ཆེ་ནི་མས་ཟེར་ཞུ་ནི་དང་ ག་ཅི་སྨོ་ཟེར་ཞུ་བ་ཅིན་ ང་བཅས་ཨིང་ལེཤ་གི་ཤེས་ཡོན་མེད་མི་ཚུ་ རྒྱལ་ཡོངས་ཀྱིས་གནས་ཚུལ་བལྟ་ནིའི་དོན་ལུ་ཧ་ལམ་དུས་ཡུན་ཆུ་ཚོད་༣དང་༤གི་བར་ན་རྫོང་ཁ་ཀུན་གསལ་ལུ་བསྒུགས་སྡོད་དགོཔ་པས་ཟེར་ཞུ་ནི་ཨིན།
ReplyDelete