གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བེཊ་མིན་ཊན་གྱི་ འགྲན་བསྡུར་མཇུག་བསྡུ་ཡོདཔ།


ཨོ་རྒྱན་རྡོ་རྗེ་དང་ ཧ་རི་གུ་རུང་།
༡༠/༠༡/༢༠༡༣། ༉ ཐིམ་ཕུ་ན་གཞོན་དཔལ་རིའི་ཞལ་འཛོམས་ཁང་ནང་སྦེ་ འོད་ཟེར་ལས་རིམ་འཛིན་སྐྱོང་གིས་ འགོ་འདྲེན་འཐབ་མི་ སྐྱེས་ལོ་༡༥ ལས་༥༠ འི་བར་ན་འབད་མི་ ཕོ་སྐྱེས་དང་ཨམ་སྲུའི་ སྒྲོ་རྩེད་ བེཊ་མིན་ཊན་རྩེད་འགྲན་འབད་མི་དེ་ ཁ་ཙ་ མཇུག་བསྡུ་ཡི།
ཕུན་ཚོགས་ཆོས་སྒྲོན་དང་ རིག་འཛིན་དབང་མོ།

འགྲན་བསྡུར་ནང་ ཕོ་སྐྱེས་༢༠ དང་ ཨམ་སྲུ་༩ གིས་ རྐྱང་འགྲན་འབད་ཡོདཔ་ད་ ཟུང་འགྲན་ནང་ སྡེ་ཚན་༡༦ གིས་ རྩེད་འགྲན་འབད་ཡོད་པའི་གྲས་ལས་ དྲག་ཤོས་ཐོན་མི་ཚུ་གིས་ མཐའ་བཅད་ནང་ རྩེད་འགྲན་འབད་ཡོདཔ་ཨིན་པས།


དེ་ཡང་  སྤྱི་ཟླ་༡ པའི་ཚེས་༣ ལས་འགོ་བཙུགས་ ཚེས་༨ ཚུན་ རྩེད་འགྲན་འབད་དེ་ ཁ་ཙ་ མཐའ་བཅད་འགྲན་བསྡུར་འབད་ཡི།


ཕོ་སྐྱེས་ རྐྱང་འགྲན་ནང་ ཨོ་རྒྱན་རྡོ་རྗེ་དང་ ཧ་རི་གུ་རུང་གཉིས་ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཨྱོན་རྡོ་རྗེ་གིས་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ ཨམ་སྲུ་རྐྱང་འགྲན་ནང་ ཕུན་ཚོགས་ཆོས་སྒྲོན་གྱིས་ རིག་འཛིན་དབང་མོ་ ཕམ་བཏང་ཡོདཔ་ལས་ ཨང་དང་པ་དང་ གཉིས་པ་ཐོན་མི་ལུ་ གསོལ་རས་ ཁྱེགས་སྒྲོམ་རེ་རེ་དང་ རྒྱང་མཐོང་ཊི་བི་ཨིན་ཅི་༢༡ འབད་མི་རེ་བྱིན་ཡི།

དེ་བཟུམ་སྦེ་ ཕོ་སྐྱེས་ཟུང་འགྲན་གྱི་རྩེད་འགྲན་ནང་ལས་ ཀརྨ་འོད་ཟེར་དང་ ཨྱོན་རྡོ་རྗེ་གཉིས་ཀྱིས་ ཧ་རི་གུ་རུང་དང་ དངོས་གྲུབ་རྡོ་རྗེ་ལས་ རྒྱལ་ཁ་ཐོབ་ཡོདཔ་བཞིན་དུ་ ཕོ་མོ་སླ་བསྲེས་རྩེད་འགྲན་ནང་ལས་ ཧ་རི་གུ་རུང་དང་ མུ་ཀུ་དཔལ་སྒྲོན་གཉིས་ཀྱིས་ རིག་འཛིན་དབང་མོ་དང་ ཨྱོན་རྡོ་རྫེ་གཉིས་ལས་ རྒྱལ་ཁ་ཐོབ་ཡོདཔ་ཡོདཔ་ཨིན་པས།


འབྲུག་ སྒྲོ་རྩེད་བེཊ་མིན་ཊན་ཚོགས་སྡེ་དང་ མཉམ་འབྲེལ་ཐོག་ལུ་ སྒེར་སྡེའི་ཁ་ཐུག་ལས་ བེཊ་མིན་ཊན་ལས་རིམ་འགོ་འདྲེན་འཐབ་མི་དེ་ རྒྱལ་ཁབ་ནང་ འགོ་དང་པ་ཨིནམ་ད་ ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ལུ་ འབྲུག་ བེཊ་མིན་ཊན་ཚོགས་སྡེ་གིས་ དགོས་མཁོ་ཆེ་བའི་མཐུན་རྐྱེན་ཚུ་གི་ རྒྱབ་སྐྱོར་འབད་ཡོདཔ་ཨིན་པས།
སྒྲོ་རྩེད་ བེཊ་མིན་ཊན་རྐྱང་འགྲན་ནང་ བཅའ་མར་གཏོགས་མི་ཚུ་ལུ་ འཛུལ་འཐུས་དངུལ་ཀྲམ་༥༠༠ རེ་དང་ ཟུང་འགྲན་དང་ ཕོ་མོ་ སླ་བསྲེས་འགྲན་བསྡུར་ནང་ བཅའ་མར་གཏོགས་མི་ལུ་ འཛུལ་འཐུས་དངུལ་ཀྲམ་༡༠༠༠ རེ་ བཀལ་ཡོདཔ་ཨིན་པས།


འགོ་འདྲེན་འཐབ་མི་འགོ་དཔོན་ཚུ་གིས་ སླབ་མི་དང་འཁྲིལཝ་ད་ བདག་འཛིན་འཐབ་ནི་ཟེར་བའི་བརྗོད་དོན་ཐོག་ལས་ ལས་རིམ་འགོ་འདྲེན་འཐབ་དགོ་པའི་དམིགས་ཡུལ་དེ་ ལས་སྡེ་དང་ ཚོང་མགྲོན་པ་གཉིས་ཀྱི་བར་ན་ མཐུན་ལམ་དམ་ཟབ་བཞག་ནི་དང་ ཚོང་ལམ་ལེགས་ཤོམ་འགྱོ་ནིའི་དོན་ལུ་ ཨིན་ཟེར་ཨིན་པས།


ད་ལས་ཕར་ ལས་སྡེ་དེ་གིས་ བཱསི་ཀེཊ་བཱོལ་འགྲན་བསྡུར་དང་ ཨམ་སྲུ་ཚུ་གི་བར་ན་ ཁུ་རུའི་འགྲན་བསྡུར་ སློབ་གྲྭ་ཁག་གི་བར་ན་ རྩོད་བསྡུར་ དེ་ལས་ ཤིང་བཙུགས་ནི་ཚུ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་འོང་ཟེར་ ཨིན་པའི་གནས་ཚུལ།

བཀྲིས་ཕུན་ཚོགས།

No comments:

Post a Comment