གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱིའི་མ་རྩ་གཞི་བཙུགས་ཐོག་ ལས་འགུལ་༡༣ ཆ་འཇོག་གྲུབ་ཡོདཔ།

༠༩/༠༡/༢༠༡༣། ༉ འབྲུག་གཞུང་གིས་ སྤྱི་ལོ་༢༠༡༠ ལས་ ད་ཚུན་གྱི་བར་ན་ ཕྱིའི་མ་རྩ་གཞི་བཙུགས་ཐོག་ ལས་འགུལ་བསྡོམས་༡༣ དེ་ཅིག་ ཆ་འཇོག་གྲུབ་ཡོདཔ་ཨིན་པས།

ཕྱིའི་མ་རྩ་གཞི་བཙུགས་ཐོག་གི་ ལས་འགུལ་དེ་ཚུ་ སྤྱི་ལོ་༢༠༡༠ གྱི་ ཟླཝ་༥ པའི་ནང་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ ལམ་ལུགས་ཚུ་ བྱ་སྟབས་བདེ་དྲགས་ བཟོ་བའི་ཤུལ་ལུ་ བཟའ་ཁང་དང་ གློག་མེ་ སྨན་རིགས་ཐོན་སྐྱེད་ སྒོ་ནོར་ཐོན་སྐྱེད་ ལྕགས་ཀྱི་བཟོ་གྲྭ་ལ་སོགས་པ་དང་ དངུལ་ཁང་ཚུ་ནང་ ཕྱིའི་མ་རྩ་གཞི་བཙུགས་འབད་མི་ཚུ་རྩིསཝ་ད་ རྒྱལ་ཁབ་ནང་ ཕྱིའི་མ་རྩ་ དངུལ་ཀྲམ་དུང་ཕྱུར་༤.༡ དེ་ཅིག་ བྱུང་ཡོདཔ་ཨིན་པས།


ལས་འགུལ་ཚུ་ནང་ ཕྱིའི་མ་རྩ་གཞི་བཙུགས་འབད་མི་ཚུ་གི་གྲས་ལུ་ མ་རྩ་བརྒྱ་ཆ་༢༠ ལས་༡༠༠ གི་བར་ན་ བཙུགས་མི་ཡོད་པའི་ཁར་ ལས་འགུལ་བསྡོམས་༡༣ དེ་ཅིག་ནང་ ཕྱིའི་མ་རྩ་བཙུགས་མི་ ཐོན་མིའི་ནང་ལས་ ལས་འགུལ་༦ ནང་ ཕྱིའི་མ་རྩ་བརྒྱ་ཆ་༧༠ དང་༨༥ འབད་མི་ཚུ་ཨིནམ་ད་ ཧེ་ཟེལ་ནཊ་ལས་འགུལ་དེ་ བརྒྱ་ཆ་༡༠༠ ཧྲིལ་བུམ་ ཕྱིའི་མ་རྩ་བཙུགས་ཐོག་ལས་ཨིན་པས།

ཕྱིའི་མ་རྩ་གཞི་བཙུགས་ཀྱི་ སྲིད་བྱུས་ལམ་ལུགས་དང་འཁྲིལཝ་ད་ མ་རྩ་བཙུགས་མི་ཚུ་གིས་ ལས་འགུལ་གི་དོན་ལུ་ མ་རྩ་ཉུང་ཤོས་བརྒྱ་ཆ་༢༠ བཙུགས་དགོཔ་ཨིནམ་ད་ ལས་འགུལ་དེ་ཚུའི་ནང་ མ་རྩ་བཙུགས་མི་ཚུ་ཡང་ རྒྱ་གར་དང་ ཧོང་ཀོང་ ཨ་མི་རི་ཀ་ ཇ་པཱན་ སིངྒ་པོར་ སཱ་མོ་བ་ ཕ་རཱནསི་ དེ་ལས་ བེཊ་ནཱམ་ཚུ་ཨིནམ་ད་ ལས་འགུལ་༤ ནང་ མ་རྩ་བཙུགས་མི་ རྒྱ་གར་ལས་ཨིན་པས།


ལས་འགུལ་དེ་ཚུའི་གྲས་ལས་ ཕྱིའི་མ་རྩ་མཐོ་ཤོས་ར་ རྒྱལ་སྤྱིའི་དངུལ་འབྲེལ་ལས་འཛིན་གྱིས་ འབྲུག་རྒྱལ་ཡོངས་དངུལ་ཁང་ལས་ བགོ་བཤའ་བརྒྱ་ཆ་༢༠ ལེན་ཏེ་ མ་རྩ་དངུལ་ཀྲམ་དུང་ཕྱུར་༡.༥ བཙུགས་མི་དེ་ཨིནམ་ད་ དེ་ཡང་ ན་ཧིང་ སྤྱི་ཟླ་༡༢ པའི་ཚེས་༣༡ ལུ་ ཆིངས་ཡིག་བཀོད་མི་དང་འཁྲིལ་ཏེ་ཨིན་པས།


དེ་གི་ཤུལ་ལས་ར་ དུས་ཚོད་ཕྱིས་མི་ གློག་ཤུགས་མེ་ག་ཝཱཊ་༡༡༥ འབད་མི་ དར་དཀར་ཆུ་ གློག་མེ་ལས་འགུལ་དེ་ཨིནམ་ད་ ལས་འགུལ་དེ་ནང་ ཕྱིའི་མ་རྩ་མ་ དངུལ་ཀྲམ་དུང་ཕྱུར་༡.༡ བཙུགས་ཡོདཔ་ཨིན་པས།


བསྟན་རྒྱས་ལྷན་ཁག་གི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ གཞུང་གིས་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ ལས་འགུལ་མང་ཤོས་ར་ ན་ཧིང་གི་ལོ་ནང་ ཆ་འཇོག་གྲུབ་གནང་ཡི་ཟེར་ཨིནམ་ད་ ལས་འགུལ་དེ་ཚུ་ ཤུལ་མའི་ ལོ་ངོ་དག་པ་ཅིག་ནང་ ལག་ལེན་འགོ་བཙུགས་ཚུགས་པའི་ རེ་བ་ཡོད་ཟེར་ཨིན་པས།


སྤྱི་ལོ་༢༠༡༡ ལུ་ ཕྱིའི་མ་རྩ་གཞི་བཙུགས་ཀྱི་ ལས་འགུལ་༩ དང་ སྤྱི་ལོ་༢༠༡༠ ལུ་ ལས་འགུལ་༣ ཆ་འཇོག་འབད་ཡོདཔ་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment