གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་བགྲེསཔ་ལུ་ ཉེས་རྩོད་ཀྱི་ཉེས་འཛུགས།

༠༩/༠༡/༢༠༡༣། ༉ མོང་སྒར་རྫོང་ཁག་ཁྲིམས་ཀྱི་འདུན་སར་ རྒྱལ་པོའི་ཞིང་གི་ ཁྲོམ་ས་བགོ་བཀྲམ་དང་འབྲེལ་བའི་ རྩོད་དོན་ནང་ ཉེས་རྩོད་ཀྱི་ ཉེས་འཛུགས་འབད་མི་ ཧེ་མའི་ ས་ཆ་བགོ་བཀྲམ་ཚོགས་ཆུང་གི་ འཐུས་མི་བགྲེསཔ་ བདེ་ཆེན་སེངྒེ་གི་ བརྒལ་ལན་སྙན་གསན་ཐེངས་༢ པ་དེ་ ཁ་ཙ་ མཛད་གནང་ཡི།

དེ་བསྒང་ ཁོ་གིས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཤེར་ལན་ཕུལ་མིའི་ནང་ ས་ཆ་བགོ་བཀྲམ་ཚུལ་མིན་ཐོག་ གཞུང་ལུ་ མགུ་སྐོར་རྐྱབ་པའི་ལཱ་བྱ་དང་ ངན་ལྷད་ཀྱི་བྱ་བ་འཐབ་འཐབ་མེདཔ་ལས་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཉེས་འཛུགས་འབད་མི་དེ་ མི་བདེན་ཟེར་ཨིན་པས།

ཁོ་གིས་ཞུ་མིའི་ནང་ ཁོ་རའི་སྲིངམོ་ བདེ་ཆེན་བཟང་མོ་གི་མིང་ཐོ་ཁར་ ལག་ཐིའུ་རྐྱབ་སྟེ་ ཞུ་ཡིག་ཕུལ་མི་དེ་ཡང་ ཁོ་རའི་ སྲིངམོ་ བདེ་ཆེན་བཟང་མོ་དེ་ ཁྱིམ་ནང་སྟབས་མ་བདེཝ་ཐོན་ནི་དེ་གིས་ ཁྲོམ་ས་བགོ་སྤྲོད་འབད་བའི་སྐབས་ལུ་ མོ་ར་ ངོ་མ་སྦེ་ འོང་མི་ཚུགས་པས་ཟེར་ འགྲུལ་འཕྲིན་ཐོག་ལས་ སླབ་ཡོདཔ་མ་ཚད་ བྱ་རིམ་ཚུ་ཡང་ ཁོ་གིས་འབད་དགོཔ་སྦེ་ སླབ་ཡོདཔ་ལས་ མོ་གི་མགྲིན་ཚབ་ལུ་ ཞུ་ཡིག་བཙུགས་ཏེ་ མིང་རྟགས་བཀོད་ཅི་ཟེར་ཨིནམ་ད་ དེ་ཡང་ ཚོགས་ཆུང་གི་འཐུས་མི་གིས་བཟོ་མི་ ཚད་གཞི་དང་ ཁྲིམས་མཐུན་ཡོདཔ་ལས་ ལམ་ལུགས་དང་མ་འཁྲིལ་བར་ བྱ་ངན་འཐབ་འཐབ་ མེད་ཟེར་ཨིན་པས།

དེ་མ་ཚད་ ཞུ་ཡིག་གུ་ ལག་ཐིའུ་རྐྱབ་དགོཔ་ཐོན་མི་དེ་ཡང་ ལོ་༡༢ ཀྱི་ ཧེ་མ་ཨིནམ་ལས་ དེ་བསྒང་ ཁྲིམས་མཐུན་ཐོག་ ལག་ཐིའུ་རྐྱབ་ནི་དེ་ ཡོངས་གྲགས་སྦེ་ འདུག་ཟེར་ཨིནམ་ད་ དེ་ཚུ་ལུ་བལྟ་བ་ཅིན་ ང་གིས་འབད་མི་ལཱ་དེ་ ཚུལ་མིན་ཐོག་ལས་ ལག་ལེན་འཐབ་འཐབ་མེདཔ་ད་ སྤྱི་ལོ་༡༩༩༡ ལུ་ གཞུང་ལས་གནང་མི་ བཀའ་རྒྱ་དང་འཁྲིལ་ མོ་རའི་ས་ཆ་དེ་ ཁྲོམ་ས་མེན་པར་ ཁྱིམ་ས་སྦེ་ བགོ་སྤྲོད་འབད་ཡི་ཟེར་ཨིན་པས།


ཁོ་གིས་འབད་བ་ཅིན་ ཁོ་རའི་སྲིངམོ་གི་ ངོ་ཚབ་སྦེ་ ས་ཆ་བགོ་བཀྲམ་ཚོགས་ཆུང་ཚུ་གི་གདོང་ཁར་ ཁ་རྗེ་གི་རྒྱན་ཤོག་དེ་ ཁོ་གི་ཨམ་སྲུ་ རིག་འཛིན་སྒྲོལ་མ་གིས་ འཐུ་ཡོདཔ་ལས་ དེ་བསྒང་ འཐུས་མི་ཚུ་གིས་འབད་རུང་ ཁྲིམས་མཐུན་ཐོག་ལུ་མེད་པའི་ ཆ་མེད་དང་ ཡང་ཅིན་ སྟབས་མ་བདེ་བའི་སྐོར་ལས་ ག་ནི་ཡང་ སླབ་སླབ་མེད་ཟེར་ཨིནམ་ལས་ དེ་ཡང་ ཁྲིམས་མཐུན་ཐོག་ལུ་ ས་ཆ་འཐོབ་འདོད་བསྐྱེད་མི་ལུ་བརྟེན་ ཨིན་ཟེར་པས།


དེ་མ་ཚད་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ ཁོ་གིས་ ས་བཙོང་བའི་ ཉེས་འཛུགས་འབད་མི་ཚུ་ལུ་ཡང་ ཁོ་རའི་ཁ་ཐུག་ལས་ བདེན་དཔྱད་ཀྱི་དོན་ལུ་ ཁྲིམས་འདུན་ལུ་ ཡིག་ཆ་ཚུ་ ཕུལ་ནི་ཟེར་ཨིན་པས།


ཉེས་འཛུགས་པ་ བདེ་ཆེན་སེངྒེ་གིས་ ཁྲིམས་འདུན་ལུ་ ཞུ་མིའི་ནང་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༡༥ ལུ་ ཁོ་ལུ་ དགོངས་ཕོག་བཀའ་རྒྱ་བཏོན་མི་དེ་ རྩོད་ཟླ་གཞན་བཟུམ་སྦེ་ ཆ་མེད་གཏང་ནི་དང་ ཡང་ཅིན་ ཁྲིམས་ཀྱི་ངོས་ལེན་ ཅོག་འཐདཔ་འབད་དགོ་མི་དེ་ཡང་ ཁོང་ག་ར་ རྩོད་དོན་ཅོག་འཐདཔ་འབད་ནི་དེ་གིས་ ཁོ་ལུ་ ཁེ་རྒུད་མ་བཏུབ་ཟེར་ཨིན་པས།


ཁོ་ལུ་ སྤྱི་ལོ་༡༩༥༣ གྱི་ ཁྲིམས་གཞུང་ཆེན་མོའི་ན་༡-༢ པའི་དགོངས་དོན་དང་འཁྲིལ་ གཡོ་སྒྱུ་དང་ ཡིག་ཆ་རྫུས་མ་ དབང་ཚད་ལོག་སྤྱོད་ དེ་ལས་ ཁོ་རའི་སྤུན་ཆ་ཅིག་ལུ་ ས་ཚན་༡ བགོ་བཀྲམ་འབད་བའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།


མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ བདེ་ཆེན་སེངྒེ་གི་ གྲུབ་བྱེད་སྙན་གསན་དེ་ ནངས་པ་ མཛད་གནང་ནི་ཨིན་པའི་གནས་ཚུལ།

མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment