གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དགོས་མཁོ་དང་བསྟུན་པའི་ བདག་དབང་གི་བགོ་བཤའ་ཉོ་མི་མེད་པའི་དཀའ་ངལ།

༡༠/༠༡/༢༠༡༣། ༉ རྒྱལ་ཁབ་ནང་ ཏི་རུ་མ་ལང་པའི་དཀའ་ངལ་བྱུང་མི་ལུ་བརྟེན་ དཔལ་འབྱོར་གྱི་གནས་སྟངས་ མར་ཉམས་འགྱོ་བའི་གནད་དོན་ལེ་ཤ་ཅིག་ར་ བྱུང་ཡོདཔ་བཞིན་དུ་ ད་རེས་ཁམས་ཅིག་ཁར་ དངུལ་འབྲེལ་ལས་སྡེ་ཚུ་གིས་ རང་སོའི་དགོས་མཁོ་དང་བསྟུན་པའི་ མ་དངུལ་བཟོ་ནིའི་དོན་ལུ་ བདག་དབང་གི་ བགོ་བཤའ་བཙོང་པའི་སྐབས་ ཉོ་མི་མེད་པར་ ལཱ་ཁག་རྐྱབ་ཡོདཔ་ཨིན་པས།

དཔལ་འབྱོར་གྱི་གནས་སྟངས་ནང་ ཏི་རུ་མར་ཉམས་འགྱོ་མི་དང་འཁྲིལ་ བདག་དབང་གི་ བགོ་བཤའ་བཙོང་དགོཔ་ ཐོན་པའི་སྐབས་ རང་སོའི་དགོས་མཁོའི་ཚད་གཞི་དང་བསྟུན་ ཉོ་མི་མ་ཐོནམ་ལས་ ལྷག་ལུས་ཚུ་ རང་སོའི་ལས་སྡེ་ཚུ་གི་ ལས་བྱེད་ཚུ་ལུ་ ཨུ་ཚུགས་རྐྱབ་ཐོག་ལས་ བཙོང་དགོཔ་ཐོན་ཡོདཔ་ཨིན་པས།


འཕྲལ་ཁམས་ཅིག་ཁར་ འབྲུག་ཉེན་བཅོལ་ཚད་འཛིན་གྱིས་ ཁོང་རའི་ ལས་སྡེ་ནང་ མ་རྩ་ཉུང་ཤོས་ དངུལ་ཀྲམ་ས་ཡ་༢༠༠ དགོ་པའི་ དགོས་མཁོ་འགྲུབ་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༠༠ གི་བགོ་བཤའ་ བགོ་བཀྲམ་འབད་ཡོདཔ་ད་ དེ་བསྒང་ ཧེ་མའི་ བགོ་བཤའ་ཉོ་སྟེ་ཡོད་མི་ཚུ་ལུ་ཡང་ བགོ་བཤའ་རེ་ ཐེབས་སྤྲོད་ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ དགོས་མཁོ་དང་འཁྲིལ་བ་ཅིན་ འབྲུག་ཉེན་བཅོལ་ཚད་འཛིན་བཟུམ་མའི་ ལས་སྡེ་ཚུ་ནང་ མ་རྩ་ཉུང་ཤོས་ དངུལ་ཀྲམ་ས་ཡ་༢ དགོཔ་ཨིན་ཟེར་ཨིན་པས།


འབྲུག་ཉེན་བཅོལ་ཚད་འཛིན་དེ་ སྤྱི་ལོ་༢༠༠༩ ལུ་ མ་རྩ་དངུལ་ཀྲམ་ས་ཡ་༡༠༠ གི་ཐོག་ལུ་ གཞི་བཙུགས་འབད་ཡོདཔ་ད་ དེ་བསྒང་ རྒྱལ་གཞུང་དངུལ་ལས་དབང་འཛིན་དང་ ལས་འཛིན་༢ ཀྱི་བར་ན་ གཞན་མི་ མ་རྩ་དངུལ་ཀྲམ་ས་ཡ་༡༠༠ སྤྱི་ལོ་༢༠༡༣ ལུ་ བཟོ་ནི་སྦེ་ ཁ་ཚིག་ཡོདཔ་ཨིན་པས།


བགོ་བཤའ་ཡོངས་བསྡོམས་ལས་ བརྒྱ་ཆ་༧༢ མ་གཏོགས་ བགོ་བཤའ་འཆང་མི་ཚུ་གིས་ མ་ཉོཝ་ད་ བགོ་བཤའ་རེ་ལུ་ རིན་གོང་དངུལ་ཀྲམ་༡༠༠ ར་ེསྦེ་ བཙོང་ཡོདཔ་ཨིན་པས།


གཞན་མི་ལྷག་ལུས་ བགོ་བཤའ་བརྒྱ་ཆ་༢༨ པོ་དེ་ རྒྱལ་གཞུང་དངུལ་ལས་དབང་འཛིན་ལས་ གནང་བ་ལེན་ཐོག་ལས་ ལས་འཛིན་གྱི་ ལས་བྱེདཔ་༦༠ དེ་ཅིག་ལུ་ བཙོང་ཡོདཔ་ཨིན་པས།


འབྲུག་ཉེན་བཅོས་ཚད་འཛིན་གྱི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཚེ་རིང་རྒྱལ་མཚན་གྱིས་འབད་བ་ཅིན་ མ་གཞི་ བགོ་བཤའ་ཉོ་མི་ མངམ་མ་ཐོན་མི་དེ་ ཏི་རུ་མ་ལང་པའི་དཀའ་ངལ་ལུ་བརྟེན་ཏེ་ ཨིནམ་སྲིད་ནི་ཨིན་རུང་ ལ་ལུ་ཅིག་ལུ་ གོ་བ་བརྡ་སྤྲོད་འབད་མ་ཚུགས་མི་ལུ་བརྟེན་ཏེ་ ཨིནམ་འོང་ཟེར་ཨིན་པས།


ཚེ་རིང་རྒྱལ་མཚན་གྱིས་འབད་བ་ཅིན་ ལས་འཛིན་གྱི་བགོ་བཤའ་འཆང་མི་ཚུ་ རྫོང་ཁག་ཚུ་ནང་མ་ཚད་ གྲོང་གཡུས་ཚུ་ནང་ལས་ཕར་ཡང་ ཡོདཔ་ལས་ བགོ་བཤའ་བཙོང་མིའི་སྐོར་ལས་ རྒྱང་བསྒྲགས་ཐོག་ལས་ གསལ་བསྒྲགས་འབད་བའི་སྐབས་ ཁོང་གིས་ མ་ཤེསཔ་འོང་ནི་མས་ཟེར་ཨིན་པས།


འབྲུག་ཉེན་བཅོལ་ལས་འཛིན་ལུ་ ཐིམ་ཕུ་མ་རྩིས་བར་ བགོ་བཤའ་འཆང་མིའི་གྱངས་ཁ་ མཐོ་ཤོས་དེ་ བཀྲིས་གཡང་རྩེ་རྫོང་ཁག་ནང་ ཡོདཔ་ཨིན་པས།


དེ་བཟུམ་སྦེ་ དུས་ཅི་ མ་རྩ་དངུལ་ཀྲམ་ས་ཡ་༣༠༠ བཟོ་དགོཔ་སྦེ་ སླབ་ཡོད་མི་ ཊི་དངུལ་ཁང་ལུ་ཡང་ བགོ་བཤའ་ཉོ་མི་ ག་དེ་སྦེ་ ཐོན་འོང་ག་མནོ་བའི་ ཚ་གྱང་ཡོདཔ་ཨིན་པས།


དངུལ་ཁང་དེ་གིས་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༦ ལས་འགོ་བཙུགས་ཏེ་ ད་ལྟོ་ཚུན་ མ་རྩ་དངུལ་ཀྲམ་ས་ཡ་༢༢༠ བཟོ་ཚུགས་ཡོདཔ་ཨིན་རུང་ ད་རུང་ དངུལ་ཀྲམ་ས་ཡ་༨༠ བཟོ་དགོཔ་ཡོདཔ་ཨིན་པས།


དངུལ་ཁང་གི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ཚེ་རིང་རྡོ་རྗེ་གིས་འབད་བ་ཅིན་ གལ་སྲིད་བགོ་བཤའ་ཚུ་ ལངམ་སྦེ་ ཉོ་མི་མ་ཐོན་པ་ཅིན་ ག་བཟུམ་མའི་ ཐབས་ལམ་བཏོན་ནི་ཨིན་ནའི་ འཆར་གཞི་མ་བརྩམ་པར་ ཡོད་ཟེར་ཨིནམ་ད་ ཊི་དངུལ་ཁང་ནང་ བགོ་བཤའ་འཆང་མི་ མི་གྲངས་༧,༠༠༠ དེ་ཅིག་ ཡོདཔ་ཨིན་པའི་གནས་ཚུལ།


ཉི་མ་དབང་འདུས།

No comments:

Post a Comment