གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱལ་ཁབ་ནང་ ཟླཝ་༡༢ པའི་ལོ་གསར་ བརྩི་སྲུང་།

བསམ་བཟང་གིས་ ལོ་གསར་གྱི་དོན་ལུ་ མཛརཝ་བརྔོ་བའི་བསྒང་།
 ༡༢/༠༡/༢༠༡༣། ༉ བཀྲིས་སྒང་རྫོང་ཁག་ བཀང་ལུང་ ཐྲ་སྒོམ་གཡུས་ཚན་ནང་ བསམ་བཟང་གིས་ ད་རིས་ ལོ་གསར་བརྩི་སྲུང་འབད་ནིའི་དོན་ལུ་ གྲ་སྒྲིག་འབད་བའི་ཁར་ ཤར་ཕྱོགས་རྫོང་ཁག་ནང་ ཟླཝ་༡༢ པའི་ལོ་གསར་ བརྩི་སྲུང་འབད་ནི་དེ་ སྔོན་དང་ཕུ་ལས་ར་ ཡོདཔ་ཨིན་པས།

བཀྲིས་སྒང་རྫོང་ཁག་གི་ གཡུས་ཚན་ག་རའི་ནང་ ད་རིས་ལོ་གསར་བརྩི་སྲུང་འབད་ནིའི་དོན་ལས་ འཆར་གཞི་བརྩམས་ཏེ་ ཉིན་དག་པ་ཅིག་གི་ སྔ་གོང་ལས་ ཉིནམ་འདི་ཁར་ སྤྲོ་སྟོན་གྱི་ལས་རིམ་ཚུ་ ག་དེ་སྦེ་འབད་ནི་ཨིན་ན་ཚུ་བཟོཝ་ཨིན་པས།

སྤྱིར་བཏང་ གཡུས་སྒོ་དེ་ སྟོང་ཧ་ཧ་སྦེ་ཡོདཔ་ཨིན་རུང་ ལོ་གསར་གྱི་སྐབས་ལུ་ སྤྲོ་བ་གི་ལས་རིམ་ ཁག་མ་འདྲཝ་ལེ་ཤ་འགོ་འདྲེན་འཐབ་དོ་ཡོདཔ་ལས་ ཞབས་ཁྲ་རྐྱབ་མི་དང་ སྐད་འཐེན་མི་ ལ་ལུ་ཅིག་གིས་ རང་དགའི་ཐོག་ལུ་ འཆམ་རྐྱབ་སྡོད་ས་ མཐོང་ཚུགསཔ་ཨིན་པས།

ལོ་གསར་གྱི་དོན་ལུ་ རང་སོའི་ཁྱིམ་ནང་ ཉིནམ་༣ གྱི་ཧེ་མ་ལས་ ལཱ་འབད་བཞག་དགོ་ཟེར་ བསམ་བཟང་གིས་ སླབ་ ཨིན་པས། 


བསམ་བཟང་གི་རྨགཔ་ ཀརྨ་གིས་འབད་བ་ཅིན་ གནས་ཚང་གིས་ ཁྱིམ་ནང་ལཱ་འབད་བའི་སྐབས་ ང་གིས་ ཕག་ཤ་དང་ ནོར་ཤ་ དེ་ལས་ ཚོང་ཁང་ནང་ལས་ བཟའ་ནིའི་རིགས་ ཚོད་བསྲེ་དང་ ཆང་བི་ཡར་ཚུ་ ཉོ་བར་སོང་ཡི་ཟེར་ཨིན་པས།


ཁོ་གིས་འབད་བ་ཅིན་ གཡུས་ཆང་ ཨ་རག་དེ་ གནམ་མེད་ས་མེད་མ་བཟོ་མི་དེ་ཡང་ ད་རེས་ནངས་པ་ གཡུས་མི་མང་ཤོས་ཅིག་གིས་ར་ ཨ་ར་འཐུང་ནི་དེ་བཞག་སྟེ་ ཆང་བི་ཡར་འཐུང་ནི་ལུ་ཤུགས་བཏོནམ་མས་ཟེར་ཨིན་པས།


ཁོ་གིས་ ད་རིས་ དྲོ་པ་ལས་ལོང་སྟེ་ ཐུགཔ་བསྐོལ་ ཇ་བཟོ་ཐོག་ལས་ སྔོན་དང་ཕུ་གི་ ལམ་ལུགས་སྲོལ་བཟུམ་སྦེ་ དང་པ་ར་ ཐུགཔ་འཐུང་ དེ་གི་ཤུལ་ལས་ ཇ་འཐུང་ དེ་ལས་ རིམ་པ་བཞིན་དུ་སྦེ་ ཉིན་མའི་ལྟོ་བཟའ་ དེ་གི་ཤུལ་ལས་ ཆང་འཐུང་སྦེ་ དགའ་སྤྲོ་བཏོན་ཏེ་སྡོད་འོང་ཟེར་ ཀརྨ་གིས་ སླབ་ཨིན་པས།


ལོ་གསར་བརྩི་སྲུང་འབད་མི་ལས་འགོ་བཙུགས་ ཉིནམ་༣ ཚུན་ མི་སེར་ཚུ་གིས་ དགའ་སྤྲོའི་ལས་རིམ་ཚུ་ འབད་སྡོདཔ་ཨིན་ཟེར་ཨིན་པས།


ཨྱོན་ཚེ་དབང་གི་འབད་བ་ཅིན་ ལོ་གསར་གྱི་ཉིནམ་ལུ་ ཕམ་སྤུན་ཆ་དང་ གཉེན་ཉེཝ་ཚུ་ག་ར་འཛོམས་ཏེ་ དགའ་སྤྲོ་བཏོན་ སྡོད་འོང་ཟེར་ཨིན་པས།


བཀྲིས་སྒང་རོང་འཐུང་ལས་ཨིན་མི་ སངས་རྒྱས་ཡེ་ཤེས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་གསར་གྱི་ཉིནམ་ལུ་ བཞེས་སྒོ་ལེགས་ཤོམ་བཟའ་ཞིནམ་ལས་ གཡུས་བཤལ་རྐྱབ་སྟེ་ཆང་འཐུང་སྦེ་ ཉིནམ་གང་ར་ ཆང་གིས་ར་བཟི་སྟེ་ ཉལ་སྡོདཔ་ཨིན་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment