གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙན་ཁྲིད་གནད་དོན་ནང་ འབྲེལ་གཏོགས་འབད་མི་ ཕོ་སྐྱེས་༢ འཛིན་བཟུང་།

  ༡༢/༠༡/༢༠༡༣། ༉ སྤྱི་ལོ་༢༠༡༢ ཟླ་༡ པའི་ཚེས་༤ ལུ་ གསར་སྤང་ཁྲོམ་ཁ་ལས་ སྐྱེས་ལོ་༡༨ ལང་མི་བུཚ་ཅིག་ མཚོན་ཆ་དཔག་ཐོག་ལས་ བཙན་ཁྲིད་འབད་མིའི་ནང་ འབྲེལ་གཏོགས་ཡོད་མི་ ཨ་སམ་མངའ་སྡེའི་ས་མཚམས་ས་གནས་ ཀོཀ་རཱཇ་ཧར་གྱི་ ཁྲིམས་སྲུང་འགག་པ་ཚུ་གིས་ ཕོ་སྐྱེས་༢ འཛིན་བཟུང་འབད་ཡོདཔ་ཨིན་པས།

ཕོ་སྐྱེས་༢ པོ་དེ་ སྤྱི་ཟླ་༡ པའི་ཚེས་༩ ལུ་ ས་མཚམས་ཀྱི་གཡུས་ཚན་ ས་རཱལ་པ་རི་དང་ ཨུལ་ཏ་པ་ནི་ལས་ འཛིན་བཟུང་འབད་ཡོདཔ་ཨིན་པས།

གསར་སྤར་ཁྲོམ་ཁ་ལས་ ས་རཱལ་པ་རི་དེ་ ཀི་ལོ་མི་ཊར་༣ གྱི་ས་ཁར་ཨིནམ་ད་ དེ་བཟུམ་སྦེ་ ཨུལ་ཏ་པ་ནི་དེ་ ཀི་ལོ་མི་ཊར་༡༠ གྱི་ས་ཁར་ཨིན་པས།

བོ་དོ་ས་ཁོངས་ཚོགས་སྡེའི་ སྤྱི་ཁྱབ་འགོ་དཔོན་འོག་མ་ ཀམ་པ་ བོལ་ཡ་རི་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁྲིམས་སྲུང་འགག་པ་ཚུ་གིས་ ཕོ་སྐྱེས་༢ པོ་དེ་ དྲི་བཀོད་འབད་དོ་ཡོདཔ་ལས་ ཁོང་༢ འཛིན་བཟུང་འབད་མི་ལུ་བརྟེན་ བཙན་ཁྲིད་འབད་མི་ གཙོ་ཅན་ཚུ་ བདའ་ཟུན་ཟེར་ཨིན་པས།


སྐྱེས་ལོ་༣༧ ལང་མི་ གླ་འཁོར་གྱི་དེད་གཡོགཔ་དེ་དང་ སྐྱེས་ལོ་༥༡ ལང་མི་ གཡུས་སྒོའི་རྩིསཔ་དེ་ བཙན་ཁྲིད་འབད་བའི་གནད་དོན་ནང་ འབྲེལ་གཏོགས་ཡོད་མི་ ཕོ་སྐྱེས་༡ འདས་པའི་བདུན་ཕྲག་ནང་ འཛིན་བཟུང་འབད་ཡོདཔ་ཨིན་པས།


ཕོ་སྐྱེས་དེ་གིས་ གླ་འཁོར་དེད་གཡོགཔ་དང་ རྩིསཔ་༢ བཙན་ཁྲིད་འབད་བའི་སྐབས་ འབྲེལ་གཏོགས་ཡོད་མི་ ཕོ་སྐྱེས་༥ ཡོད་པའི་གྲས་༡ ཨིནམ་ད་ གཞན་མི་༤ པོ་དེ་ ཁྲིམས་སྲུང་འགག་པ་ཚུ་གིས་ འཚོལ་བའི་བསྒང་ཡོདཔ་ཨིན་པས།


ཕོ་སྐྱེས་དེ་ རྒྱ་གར་གྱི་ དམག་མི་གིས་ འཛིན་བཟུང་འབད་ཡོདཔ་བཞིན་དུ་ ད་ལྟོ་ཡང་ དོ་དམ་འོག་ལུ་ར་ ཡོདཔ་ཨིན་པས།


སྤྱི་ཁྱབ་འགོ་དཔོན་འོག་མ་ ཀམ་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་གར་གྱི་ དམག་མི་དང་ ཁྲིམས་སྲུང་འགག་པ་ཚུ་གིས་ བྱང་སྟོར་ཤོར་ཡོད་མི་ བུཚ་དེ་དང་ བཙན་ཁྲིད་འབད་མི་ ཕོ་སྐྱེས་ཚུ་ འཚོལ་བའི་བསྒང་ཡོད་ཟེར་ཨིན་པས།


ཁོ་གིས་འབད་བ་ཅིན་ འཛིན་བཟུང་འབད་དེ་ཡོད་མི་ ཕོ་སྐྱེས་༣ གྱི་སྐོར་ལས་ ག་དེ་སྦེ་འབད་ནི་ཨིན་ནའི་སྐོར་ལས་ ད་ལྟོ་ ལྟ་བའི་བསྒང་ཡོད་ཟེར་ཨིན་པས།


མ་གཞི་ ཁོང་༣ གྱིས་ འབྲུག་མི་ བཙན་ཁྲིད་འབད་བ་གིས་མ་ཚད་ འབྲུག་གི་ ཞི་བདེ་དང་སྲུང་སྐྱོབ་ལུ་ ཐོ་རྐྱབ་པའི་ཁར་ རྒྱལ་ཁབ་༢ ཀྱི་མཐུན་ལམ་ནང་ གནོད་པ་བཀལ་ཡོདཔ་ལས་བརྟེན་ འབྲུག་པའི་ ཁྲིམས་ལུགས་དང་འཁྲིལ་ཏེ་རང་ འབད་དགོཔ་ཅིག་འདུག་ཟེར་ཨིན་པས།


ཨིན་རུང་ ཁྲིམས་སྲུང་འགག་པ་དང་ ནང་སྲིད་ལྷན་ཁག་གིས་ ཉེས་ཅན་ཚུ་ རྩིས་སྤྲོད་ལེན་འབད་ནིའི་དོན་ལུ་ བྱ་རིམ་ཚུ་ བཟོ་དོ་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་དང་ ནང་སྲིད་ལྷན་ཁག་གི་ གནས་ཚུལ་བཤད་མི་ཅིག་གིས་ སླབ་མི་དང་འཁྲིལཝ་ད་ ཁྲིམས་སྲུང་འགག་པ་གིས་ ནང་སྲིད་ལྷན་ཁག་ནང་ ཞུ་ཡིག་བཙུགས་ཡོདཔ་ད་ ནང་སྲིད་ལྷན་ཁག་གིས་ ཕྱི་འབྲེལ་ལྷན་ཁག་ནང་ བཏང་ནུག་ཟེར་ཨིན་པས། 


ཕྱི་འབྲེལ་ལྷན་ཁག་གིས་ མངོན་མཐོ་ཁྲིམས་བདུན་གྱིས་སྦེ་ ཨ་སམ་ཁྲིམས་འདུན་ལུ་ ཉེས་ཅན་ཚུ་ རྩིས་ལེན་ཆོག་པའི་ ཞུ་བ་འབད་ནི་མས་ཟེར་ སླབ་ཨིན་པའི་གནས་ཚུལ།


ཡེ་ཤེས་སྒྲོལ་མ།

No comments:

Post a Comment