![]() |
| མི་དབང་རྒྱལ་ཡུམ་ ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་གིས་ ཐགས་རིགས་འགྲེམས་སྟོན་གྱི་ འགོ་འབྱེད་གནང་པའི་བསྒང་། |
འགྲེམས་སྟོན་ལས་རིམ་གྱི་འགོ་འབྱེད་རྟེན་འབྲེལ་ནང་ སྐུ་མགྲོན་གཙོ་བོ་ མི་དབང་རྒྱལ་ཡུམ་ ཨ་ཞེ་སངས་རྒྱས་ཆོས་སྒྲོན་དབང་ཕྱུག་མཆོག་དང་ རྒྱ་གར་ ལམ་སྲོལ་ཚོགས་སྡེའི་གཙོ་འཛིན་ ཌོག་ཊར་ཀ་རཱན་སིང་གཉིས་ བྱོན་ཡོདཔ་ཨིན་པས།
མི་དབང་རྒྱལ་ཡུམ་མཆོག་དང་གཅིག་ཁར་ རྒྱལ་པོའི་སྲསམོ་ ཨ་ཞེ་ཨུཏྤལ་མ་ཆོས་སྒྲོན་དབང་ཕྱུག་མཆོག་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ ཕྱག་ཞུ་སྟེ་ བྱོན་ཡོདཔ་ཨིན་པས།
འགོ་འབྱེད་རྟེན་འབྲེལ་གྱི་སྐབས་ལུ་ མི་དབང་རྒྱལ་ཡུམ་མཆོག་གིས་ ཕྱི་འབྲེལ་དོན་གཅོདཔ་དང་ རྒྱ་གར་གྱི་ཆེ་མཐོའི་འགོ་དཔོན་ཚུ་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ་ཨིན་པས།
ལས་རིམ་དེ་ རྒྱ་གར་ལམ་སྲོལ་ཚོགས་སྡེ་དང་ རྒྱ་འབྲུག་གཞི་ཚེོགས་ དེ་ལས་ འབྲུག་གཞུང་གིས་ རྒྱབ་སྐྱོར་མ་དངུལ་ཐོག་ལས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
འདི་བཟུམ་གྱི་ ལས་རིམ་འགོ་འདྲེན་འཐབ་དགོ་པའི་ དམིགས་དོན་དེ་ཡང་ འབྲུག་གི་ཐགས་རིགས་ཚུ་ དར་ཁྱབ་གཏང་ནི་དང་ རྒྱལ་སྤྱིའི་ཚོང་འབྲེལ་ནང་ ཕྱིར་ཚོང་འཐབ་ནི་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཕན་ཚུན་གྱི་ ལམ་སྲོལ་བརྗེ་སོར་འབད་ནིའི་དོན་ལུ་ཨིན་པས།
འགྲེམས་སྟོན་ལས་རིམ་མཇུག་བསྡུ་བའི་ཤུལ་ལུ་ མི་དབང་རྒྱལ་ཡུམ་མཆོག་ སྤྱི་ཟླ་༡ པའི་ཚེས་༡༨ ལུ་ ལོག་འབྲུག་ལུ་ ཕེབས་ནི་ཨིན་པའི་གནས་ཚུལ།

No comments:
Post a Comment