གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྐྱབས་རྗེ་མཆོག་གིས་ ཞལ་འདེབས་དངུལ་ཀྲམ་ས་ཡ་༡༤ ལྷགཔ་ཅིག་གནང་ཡོདཔ།

༡༡/༠༡/༢༠༡༣། ༉ ཁ་ཙ་ སྤུངས་ཐང་བདེ་བ་ཆེན་པོའི་ཕོ་བྲང་ནང་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་དབང་ཆེན་གྲོལ་བའི་ གཏང་རག་དང་ ཚོགས་འཁོར་བསྐོར་བའི་སྐབས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ལས་སྡེ་ཁག་ལུ་ ཞལ་འདེབས་དངུལ་ཀྲམ་ས་ཡ་༡༤ ལྷགཔ་ཅིག་གནང་ཡི།

དེའི་གྲས་ལས་ མཐོ་ཤོས་ར་ ཐིམ་ཕུ་འཇིགས་མེད་རྡོ་རྗེ་དབང་ཕྱུག་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ལུ་ ཨི་ཀོ་ག་ར་ཕི་འཕྲུལ་ཆས་ཟེར་ ནད་བརྟག་འཕྲུལ་ཆས་ མཁོ་སྒྲུབ་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༠ དང་ མཁལ་རྡོག་མེདཔ་ཐལ་མི་ ནདཔ་ཚུ་གི་ ཁྲག་བཙག་འཕྲུལ་ཆས་ མཁོ་སྒྲུབ་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༣ གནང་ཡོདཔ་ཨིན།


དེ་ལས་ དངུལ་ཀྲམ་འབུམ་༥ མོང་སྒར་ལུང་ཕྱོགས་གཙོ་བསྟེན་སྨན་ཁང་ནང་ ནདཔ་ཉམ་ཆུང་ཚུ་གི་ ཕན་བདེ་མ་དངུལ་གྱི་དོན་ལུ་གནང་ཡི།

གྲྭ་ཚང་ལྷན་ཚོགས་ཀྱི་དྲུང་ཆེན་ ཀརྨ་དཔལ་འབྱོར་གྱིས་ སླབ་མིའི་ནང་ སྐྱབས་རྗེ་མཆོག་གིས་ དེ་བཟུམ་གྱི་ མ་དངུལ་ཞལ་འདེབས་གནང་མི་དེ་ཡང་ གཙོ་བོ་ར་ རྒྱལ་ཁབ་ནང་ ནད་བརྟག་འཕྲུལ་ཆས་ མ་ལང་པའི་དཀའ་ངལ་དང་ ལྕོགས་གྲུབ་མེད་པའི་ནདཔ་ཚུ་གི་ དཀའ་སྡུག་ལུ་གཟིགས་ཏེ་ གནངམ་ཨིན་མས་ཟེར་ཨིན་པས།


དེ་ལས་ སྤུ་ན་ཁ་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ མ་ཆེན་སྐུ་གདུང་ལུ་ དངུལ་ཀྲམ་ས་ཡ་༡.༣༣ ཕུལ་མི་དེ་ སྐྱབས་རྗེ་མཆོག་གིས་ དབང་ཆེན་གནང་མིའི་ ཡོན་འབུལ་དང་ མནྜལ་སྐུ་གསུང་ཐུགས་རྟེན་ཕུལ་མི་ཚུ་གི་ ཕུད་བཟུམ་ཅིག་སྦེ་ ཕུལ་གནང་ཡི་ཟེར་ བཀང་ལུང་བཤད་གྲྭའི་དབུ་འཛིན་ ཀརྨ་རང་གྲོལ་གྱིས་ སླབ་ཨིན་པས།


དབང་ཆེན་གྱི་སྐབས་ལུ་ གཞུང་དང་ ལས་འཛིན་ དེ་ལས་ སྒེར་གྱི་ལས་སྡེ་ཚུ་གིས་ གཞུང་འབྲེལ་གྱི་ཐོག་ལས་ ཕྱག་ཞུ་མི་དང་ ཁས་བླངས་པ་སྦེ་ཕྱག་ཞུ་མི་ མི་སྟོང་ཕྲག་ལས་བཅད་མི་ཚུ་ལུ་ དངུལ་རྐྱང་གི་གསོལ་རས་ དངུལ་ཀྲམ་༡,༠༠༠ རེ་ གནང་ཡོདཔ་ཨིན་པས།


སྐྱབས་རྗེ་མཆོག་ལུ་ བདེ་མཆོག་འཁོར་ལོ་སྡོམ་པའི་དབང་ཆེན་ འགོ་འདྲེན་འཐབ་མི་ སྦྱིན་བདག་ཚུ་གིས་ དངུལ་ཀྲམ་འབུམ་༣༥ དང་གཅིག་ཁར་ སྐུ་གསུང་ཐུགས་ཀྱི་ མནྜལ་གྱི་གྲས་ལས་ སྐུ་རྟེན་ དཔལ་བདེ་མཆོག་འཁོར་ལོ་སྡོམ་པ་དང་ ཚེ་དཔག་མེད་ཀྱི་སྐུ་འདྲ་ རིང་ཚད་ཕིཊ་༣ འབད་མི་ ཟངས་དམར་གུ་གསེར་སྒྲོནམ་དང་ གསུང་རྟེན་ རྒྱལ་བའི་གསུང་རབས་བཀའ་འགྱུར་ཆ་ཚང་ ཐུགས་རྟེན་ རིང་ཚད་ཕིཊ་༣ འབད་མི་ ཟངས་དམར་གུ་གསེར་སྒྲོན་མཆོད་རྟེན་ དེ་ལས་ དངུལ་གུ་གསེར་སྒྲོན་པའི་མནྜལ་ཚོམ་བུ་ དངུལ་གྱི་བུམ་པ་གསེར་སྒྲོན་ཆ་༡ གསེར་ཏོ་ལ་༢ དངུལ་ཀེ་ཇི་༢ ཟོང་ཚན་ འབྲུ་སྣའི་རིགས་ཚུ་ ཕུལ་ཡོདཔ་ཨིན་པས།


དཔལ་བདེ་མཆོག་འཁོར་ལོ་སྡོམ་པའི་ཚོགས་ཆུང་གི་ ཡོངས་ཁྱབ་དྲུང་ཆེན་ དྲང་དཔོན་འཕྲིན་ཐོགས་མེད་ཀྱིས་ སླབ་མིའི་ནང་ ཡོངས་བསྡོམས་དངུལ་ཀྲམ་ས་ཡ་༡༠ དེ་ཅིག་ གནས་ནི་ཨིན་མི་ སྐུ་གསུང་ཐུགས་རྟེན་དང་ གསེར་དངུལ་ལ་སོགས་པའི་ རིན་པོ་ཆེའི་བྱེ་བྲག་ཕུལ་མི་ཚུ་ སྦྱིན་བདག་གི་ཁ་ཐུག་ལས་ མེ་ཏོག་ཆུང་རུང་ མཆོད་པའི་རྫས་བཟུམ་ཅིག་ཨིན་ཟེར་ ཨིན་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment