གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཉིནམ་༣ གྱི་ནང་འཁོད་ལུ་ མི་༢ ལུ་ཤི་རྐྱེན།

༧/༡/༢༠༡༣   ༉ ཁ་ཙ་ སྤུ་ན་ཁ་ བླམ་དཔལ་རིའི་ལྟག་ལུ་ སྣུམ་འཁོར་མ་རུ་ཏི་ཀཱར་ཅིག་ ལམ་འོག་ལས་མར་ མི་ཊར་༡༥༠ དེ་ཅིག་ རྦོབ་རིལ་མིའི་རྐྱེན་ངན་ནང་ སྐྱེས་ལོ་༢༥ ལང་མི་ ཨམ་སྲུ་ཅིག་ ས་གོ་ནང་ར་ ཁ་འཐུམ་མར་བསད་ཡོདཔ་ད་ རྐྱེན་ངན་དེ་ དྲོ་པའི་ཆུ་ཚོད་༨:༡༥ དེ་ཅིག་ལུ་ བྱུང་ཡོདཔ་ཨིན་པས།
ཚེ་འདས་ཨམ་སྲུ་དེ་ ཆུ་ཁ་རྫོང་ཁག་ སྐྱབས་ཆ་དམ་ཆུ་ལས་ཨིནམ་ད་ སྣུམ་འཁོར་ཀཱར་ནང་ མི་༣ ཡོད་ས་ལས་༢ དེ་ཚེ་དྲོ་པ་ར་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བསྐྱལ་ཡོདཔ་ད་ ཁོང་ཆ་ཁྱབ་ སྐྱབས་ཆ་ལས་ དར་དཀར་ནང་ལུ་ འགྱོ་བའི་བསྒང་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་བ་ཅིན་ སྣུམ་འཁོར་དེ་ ཁྱེགས་གུ་ལས་ འགྱེལ་ཏ་རྐྱབ་ཡོད་པའི་ དོགས་པ་ཡོད་ཟེར་ཨིན་པས།
ད་རུང་ སྤྱི་ཟླ་༡ པའི་ཚེས་༤ གི་ ནུབ་མོའི་ཆུ་ཚོད་༩ དེ་ཅིག་ཁར་ སྤུ་ན་ཁ་ འཕྲིན་ལས་བསྒང་ ཨོ་ཀུ་ལུངམ་ཟེར་སར་ སྣུམ་འཁོར་ཅིག་ རྦོལ་རིལ་མིའི་རྐྱེན་ངན་ནང་ རྩི་རང་ ཚོ་གླིང་མཁར་རྒེད་འོག་ལས་ ཚོང་པ་ཅིག་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་གིས་འབད་ཅིན་ སྣུམ་འཁོར་མ་རུ་ཏི་ཀཱར་དེ་ ལམ་འོག་ལས་མར་ མི་ཊར་༡༠ དེ་ཅིག་ རྦོབ་རིལ་སོ་ནུག་ཟེར་ཨིནམ་ད་ སྣུམ་འཁོར་ནང་ མི་༥ ཡོད་ས་ལས་༤ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ བསྐྱལ་ཡོད་པའི་གནས་ཚུལ།

སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment