གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྲིམས་ལེ་ཤ་བཟོ་མི་ལུ་བརྟེན་ ཁྲིམས་བཟོ་ལྷན་སྡེའི་ རང་དབང་ལུ་གནོད་ཉེན།

༧/༡/༢༠༡༣   ༉ རྒྱལ་ཁབ་ནང་ ཁྲིམས་ལུགས་མ་འདྲཝ་༡༣༠ ལས་༡༤༠ དེ་ཅིག་གི་བར་ན་ ཡོད་མི་ལུ་བརྟེན་ རྒྱལ་ཁབ་ཀྱིས་ ཁྲིམས་ལུགས་ལེ་ཤ་བཟོཝ་མས་ཟེར་ དྲང་ཁྲིམས་ལྷན་སྡེ་གིས་ བསམ་འཆར་བཀོདཔ་ཨིན་པས།
སྤྱི་ལོ་༢༠༡༣ ཟླ་༡ པའི་ཚེས་༤ ལུ་ དྲང་ཁྲིམས་ལྷན་སྡེ་གིས་ ལོ་བསྟར་སྙན་ཞུ་བཏོན་ཡོདཔ་བཞིན་དུ་ ལྷན་སྡེའི་ འགོ་དཔོན་ཚུ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ཁྲིམས་ལེ་ཤ་བཟོ་མི་ལུ་བརྟེན་ དཀའ་ངལ་བསལ་ཚུགས་ཟེར་ མནོ་དོ་ཡོདཔ་ཨིན་རུང་ ཁྲིམས་ལེ་ཤ་བཟོ་མི་དེ་གིས་ ཁྲིམས་བཟོ་ལྷན་སྡེའི་རང་དབང་ ནུས་པ་མེདཔ་བཟོཝ་མས་ཟེར་ཨིན་པས།



དྲང་ཁྲིམས་ལྷན་སྡེའི་ འགོ་དཔོན་ཅིག་གིས་ བཤད་མི་དང་འཁྲིལཝ་ད་ ཁྲིམས་ལུགས་ལེ་ཤ་ཡོད་པའི་བསྒང་ལས་ ཁྲིམས་དོན་མང་ཤོས་ར་ ཆ་མཚུངས་སྦེ་ འགྱོ་མི་བཏུབ་དོ་ཡོདཔ་ལས་ ཁྲིམས་ལུགས་དང་ ཁྲིམས་དོན་ཚུ་ དོན་མ་མཐུནམ་སྦེ་ འགྱོཝ་མས་ཟེར་ཨིན་པས།
ཁོ་གིས་ ཏམ་ཁུའི་བཅའ་ཁྲིམས་ལུ་ གཞི་བཞག་སྟེ་ སླབ་དོ་བཟུམ་འབད་བ་ཅིན་ དོན་མ་མཐུན་པའི་ ཁྲིམས་དོན་ཚུ་ལུ་བརྟེན་ ཁྲིམས་བཟོ་མི་ཚུ་གིས་ ཁྲིམས་འདུན་དང་ དྲང་དཔོན་ཚུ་གིས་ ཁོང་རའི་ གོ་དོན་དང་འཁྲིལ་ གོ་བ་ལེན་ནིའི་ གོ་སྐབས་བྱིནམ་མས་ཟེར་ཨིན་པས།
དེ་བཟུམ་མའི་ ལམ་ལུགས་ཡོད་མི་དེ་གིས་ ཁྲིམས་ལུགས་ལུ་ གནོད་དོ་ཡོདཔ་མ་ཚད་ སྤྱི་ཚོགས་ཀྱིས་བཟོ་མི་ ཁྲིམས་ལུགས་ཚུ་ ནུས་པ་མེདཔ་ བཟོཝ་མས་ཟེར་ཨིན་པས།
དྲང་ཁྲིམས་ལྷན་སྡེའི་ ལོ་བསྟར་སྙན་ཞུ་དང་འཁྲིལཝ་ད་ ཁྲིམས་བཟོ་མི་ཚུ་གིས་ ཁྲིམས་འདུན་དང་ དྲང་དཔོན་ཚུ་གིས་ ཁོང་རའི་ གོ་དོན་དང་འཁྲིལ་ གོ་བ་ལེན་ནིའི་ གོ་སྐབས་བྱིན་ནི་དང་ ཁྲིམས་མཐུན་གྱི་གཞི་རྩ་ཚུ་ རྒྱལ་ཁབ་གཞན་ཚུ་ལས་ དཔེ་བལྟ་སྟེ་ བཙུགས་མི་དེ་གིས་ཡང་ རྒྱལ་ཁབ་ཀྱི་ ཁྲིམས་བཟོ་ལྷན་སྡེའི་ རང་བཙན་ལུ་ གནོད་པ་འོང་ཟེར་ཨིན་པས།
རྒྱལ་ཁབ་ནང་རྫོང་ཁག་དང་ དྲུང་ཁག་༣༧ ཡོད་མི་ནང་ལས་ ཆེ་མཐོ་ཁྲིམས་འདུན་དང་ མངོན་མཐོ་ཁྲིམས་འདུན་གྱིས་ སྤྱི་ལོ་༢༠༡༢ ལུ་ མཐོ་གཏུགས་འབད་མི་ གནད་དོན་ཁག་༥༧༨ ལེན་ཡོདཔ་བཞིན་དུ་ དྲང་ཁྲིམས་ལྷན་སྡེའི་ འགོ་དཔོན་ཚུ་གིས་འབད་བ་ཅིན་ རྩ་ཁྲིམས་ཆེན་མོའི་ནང་ མཐོ་གཏུགས་འབད་ཆོག་པའི་ རང་དབང་སྤྲོད་དེ་ཡོདཔ་ལས་བརྟེན་ མི་ལ་ལུ་ཅིག་གིས་ མཐོ་གཏུགས་པའི་ རང་དབང་དེ་ ལོག་སྤྱོད་འབདཝ་མས་ཟེར་ཨིན་པས།
དྲང་ཁྲིམས་ལྷན་སྡེའི་ འགོ་དཔོན་གཅིག་གིས་འབད་བ་ཅིན་ མཐོ་གཏུགས་འབད་ནིའི་དབང་ཚད་དེ་ མི་རེ་རེ་བཞིན་དུ་ལུ་ ཡོད་ཟེར་ཨིནམ་ད་ གནད་དོན་ལ་ལུ་ཅིག་ནང་ དྲང་དཔོན་གྱི་འཛོལ་བ་ བཅོ་ཁ་རྐྱབ་དོ་ཡོདཔ་ཨིན་རུང་ ལ་ལུ་ཅིག་གིས་ བྱང་ཕྱད་དེ་ལུ་ སྡུག་སྦྱོང་བྱིན་ནི་དང་ ལ་ལུ་ཅིག་གིས་ དངུལ་སྤྲོད་ནི་ཚུ་ ཡུན་འགྱངས་ལུས་བཅུག་ནིའི་དོན་ལུ་ ཨིན་མས་ཟེར་ཨིན་པས།
ཨིན་རུང་ ན་ཧིང་གི་ གནད་དོན་གསརཔ་༡༣,༩༧༨ དང་ གནད་དོན་རྙིངམ་༡,༢༢༦ འབདཝ་ད་ ཡོངས་བསྡོམས་༡༥,༢༠༤ ཡོད་པའི་ནང་ལས་༡༤,༡༥༠ མཇུག་བསྡུ་ཡོདཔ་ཨིན་པས།
གཉེན་དང་འབྲེལ་བའི་གནད་དོན་༤,༣༩༣ ཐོན་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ དེ་གི་ཤུལ་ལས་ར་ དངུལ་གྱི་གནད་དོན་༣,༤༡༤ ཐོན་མི་དེ་ཨིན་པས།
ཐིམ་ཕུ་རྫོང་ཁག་གིས་ གནད་དོན་ཁག་༤,༡༢༨ ཐོ་བཀོད་འབད་མི་དེ་ མཐོ་ཤོས་ཅིག་ཨིནམ་ད་ དེ་གི་ཤུལ་ལས་ ཕུན་ཚོགས་གླིང་དྲུང་ཁག་གིས་༨༡༤ ཐོ་བཀོད་འབད་ཡོདཔ་ཨིན་པས།
ཧཱ་དང་ པདྨ་དགའ་ཚལ་ རྩི་རང་ འཇོ་མོ་གཙང་ཁ་ ངང་ལམ་ སག་སྟེང་ སིབ་སུ་ གསང་སྦས་ཁ་ དེ་ལས་ ཝེ་རིང་ལའི་ ཁྲིམས་འདུན་ཚུ་ནང་ བསྣར་བཞག་གནད་དོན་ ཕུད་རྡོག་གཅིག་ཡང་ མེདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment