གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨ་ལུ་བཀོལ་སྤྱོད་དང་ བྱང་སྟོར་ཤོར་མི་ལུ་ བཙོན་ཁྲིམས།

༡/༡/༢༠༡༣     ཆེ་མཐོ་ཁྲིམས་འདུན་ལས་ ཨ་ལུ་ཉོ་བཙོང་འཐབ་མི་ལུ་བརྟེན་ ཕོ་སྐྱེས་༡ ལུ་བཙོན་ཁྲིམས་ལོ་ངོ་༣ བཀལ་ནུག།
༉ ཁ་ཙ་ བསམ་རྩེ་ལས་ སྐྱེས་ལོ་༥༦ ལང་མི་ ཕོ་སྐྱེས་ཅིག་གིས་ ཨ་ལུ་ཉོ་བཙོང་འཐབ་མིའི་བྱ་ངན་ལུ་བརྟེན་ ཆེ་མཐོའི་ཁྲིམས་འདུན་གྱིས་ བཙོན་ཁྲིམས་ལོ་༣ བཀལ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༥ ལུ་ བསམ་རྩེ་ལས་ཨིན་མི་ མགོནམ་རྡོ་རྗེ་དང་ ལམ་སྐྱེད་བཟའ་ཚང་གཉིས་ཀྱིས་ ས་དམར་རྒེད་འོག་ལས་ སྐྱེས་ལོ་༡༠ ལང་མི་ བུམོ་གི་ཕམ་གྱིས་ ནོར་ཤ་ཉོ་བའི་ཤ་རིན་ དངུལ་ཀྲམ་༢,༠༠༠ ཐམ་པ་ སྤྲོད་མ་ཚུགས་མི་ལུ་བརྟེན་ ཤ་རིན་ལས་བཅད་དེ་ ཟླ་ངོ་༦ གི་དོན་ལུ་ འཛོམས་དཔང་བཙུགས་ཏེ་ར་ སྤྱི་ལོ་༢༠༠༧ སྤྱི་ཟླ་༢ པའི་ནང་ བུམོ་དེ་ ལཱ་འབད་ནི་སྦེ་ བཏང་ཡོདཔ་ཨིན་པས།



མགོནམ་ཚེ་རིང་བཟའ་ཚང་གཉིས་ བསམ་རྩེ་ལས་ཨིནམ་ད་ ཁོང་གཉིས་ད་ལྟོ་ ཧཱ་བྱེང་ཀ་ནང་ལུ་ སྡོད་དོ་ཡོདཔ་ཨིན་པས།
ཟླ་ངོ་༦ གི་ཤུལ་ལས་ བུམོ་གི་ ཨ་ཞང་དང་ཨ་ནེ་གཉིས་ཀྱིས་ ཧཱ་བྱེང་ཀ་ནང་ མགོནམ་ཚེ་རིང་སྡོད་ས་ལས་ བུམོ་ལེན་པར་སོང་བའི་སྐབས་ བུམོ་དེ་ བསམ་རྩེ་ལུ་ཨིན་ཟེར་སླབ་སྟེ་ རྩིས་སྤྲོད་འབད་མ་བཏུབ་མ་ཚད་ ཧེ་མ་ བུམོ་རྩིས་ལེན་པའི་སྐབས་ རྟ་མགྲིན་རྡོ་རྗེ་བར་མི་བཙུགས་ཏེ་ཨིནམ་ལས་ ཁོ་ཁྱིད་འོངམ་ད་གཏང་ནི་ཟེར་ སླབ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༨ སྤྱི་ཟླ་༥ པའི་ནང་ ད་རུང་བུམོ་གི་ ཨ་ཞང་དང་ཨ་ནེ་གཉིས་ཀྱིས་ བུམོ་ལེན་པར་སོང་བའི་སྐབས་ སྤྱི་ཟླ་༧ པའི་ནང་ལེན་པར་ཤོག་ཟེར་སླབ་ལས་ ད་རུང་ རྟ་མགྲིན་རྡོ་རྗེ་ཁྱིད་དེ་ སྤྱི་ཟླ་༧ པའི་ནང་སོང་བའི་བསྒང་ལས་ ཏི་རུའི་རྩིས་ཀྱི་སྐོར་ལས་ ཉོགས་བཤད་བཀོད་དེ་ རྩིས་སྤྲོད་འབད་མ་བཏུབ་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ བུམོ་གི་ཨའི་ ནཱ་སྟེ་ཡོད་ཟེར་སླབ་རུང་ ཨ་ལུ་དེ་བཏང་མ་བཏུབ་པའི་ཁར་ སྤྱི་ལོ་༢༠༡༡ སྤྱི་ཟླ་༡༢ པའི་ཚེས་༣ ལུ་ རྟ་མགྲིན་རྡོ་རྗེ་གིས་ བུམོ་ལེན་པར་སོང་བའི་བསྒང་ལས་ བུམོ་དེ གར་སོང་མེད་པར་ བྱང་སྟོར་ཤོར་སོང་ཡི་ཟེར་ དེ་བསྒང་རྐྱངམ་གཅིག་ བུམོ་གི་ཕམ་༢ ཀྱི་གདོང་ཁར་སླབ་མ་གཏོགས་ བུམོ་དེ་ སྤྱི་ལོ་༢༠༠༩ སྤྱི་ཟླ་༡༡ པའི་ཚེས་༤ ལས་ར་ བྱང་སྟོང་ཤོར་སོཔ་ཨིན་པས།
ཧཱ་རྫོང་ཁག་ཁྲིམས་འདུན་གྱིས་ འཁྲུན་ཆོད་གནང་བའི་སྐབས་ བུམོ་རྩིས་སྤྲོད་པའི་སྐབས་ གན་རྒྱ་མེད་པའི་ཁར་ མི་གསུམ་དཔང་པོ་མ་བཙུགསཔ་མ་ཚད་ བུམོ་ལེན་པར་སོང་རུང་ རེ་གཏོགས་མེད་པའི་མི་ཁྱིད་དེ་སོང་བའི་ཁར་ འབྲེལ་ཡོད་ལས་ཁུངས་ལུ་ཡང་ སྙན་ཞུ་མ་འབདཝ་ལས་ རྩོད་ཉོགས་དེ་ ཉེས་རྩོད་དང་འབྲེལ་བ་མེདཔ་ལས་ དབྱེ་བ་ལོགས་སུ་གནང་ཐབས་མིན་འདུག་ཟེར་ རྩོད་ཉོགས་ཕྱིར་འབུད་མཛད་དེ་ འཁྲུན་ཆོད་གནང་ཡོདཔ་ཨིན་རུང་ ཨ་ལུ་དེ་ བྱང་སྟོར་ཤོར་བ་ངེས་བདེན་ཨིནམ་ལས་ བུམོ་དེ་ ཧེ་མ་མི་སྦེ་རྩིས་ལེན་ཡོད་མི་དེ་ ལོག་སྟེ་ཡང་ མི་སྦེ་ར་རྩིས་སྤྲོད་དགོཔ་སྦེ་ སླབ་ཡོདཔ་ཨིན་པས།
བུམོ་ཅུང་གི་ ཨ་ཞང་གིས་ བུམོ་དེ་ ཧེ་མ་ མི་སྦེ་རྩིས་སྤྲོད་འབད་ཡོདཔ་བཞིན་དུ ད་རུང་ མགོནམ་ཚེ་རིང་དང་ ལམ་སྐྱེད་བཟའ་ཚང་༢ ཀྱིས་ མི་སྦེ་ར་ རྩིས་སྤྲོད་གནང་དགོཔ་ཅི་ཟེར་ ཆེ་མཐོ་ཁྲིམས་འདུན་ལུ་ མཐོ་གཏུགས་འབད་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ ཧེ་མ་མགོནམ་ཚེ་རིང་གིས་ ཧཱ་རྫོང་ཁག་ཁྲིམས་འདུན་ནང་ ཕུལ་མི་ ངག་བརྗོད་དང་འཁྲིལཝ་ད་ ཨ་ལུ་དེ་ ཁོ་གི་ལེནམ་ངེས་བདེན་ཨིནམ་མ་ཚད་ ཁོ་དང་གཅིག་ཁར་ སྡོད་པའི་སྐབས་ བྱང་སྟོར་ཤོར་སོཔ་ཨིནམ་ ངེས་བདེན་ཨིནམ་སྦེ་ བཤད་ཡོདཔ་ཨིན་པས།
ཨ་ལུ་དེ་ བྱིས་པ་ཨིན་མི་ལུ་ མགོནམ་ཚེ་རིང་གིས་ ཁྲིམས་དང་མ་མཐུན་པའི་ མི་སེར་ཉམ་ཆུང་ལས་ ཤ་རིང་དངུལ་ཀྲམ་༢,༠༠༠ ལས་བཅད་དེ་ ལཱ་གཡོག་བཀོལ་བ་མ་ཚད་ ཨ་ལུ་ཐེངས་མང་རབས་ཅིག་ ལེན་པ་འོང་རུང་ རྩིས་སྤྲོད་མ་བཏུབ་པའི་ཁར་ ཨ་ལུ་འདི་ ལོ་ངོ་༢ དང་ཟླཝ་༩ ཉིན་གྲངས་༤ བཅས་ ཁྲིམས་དང་མ་མཐུན་པའི་ ལཱ་གཡོག་བཀོལ་ཏེ་ ཨ་ལུ་ལུ་སྡུག་རྩུབ་འབདཝ་མ་ཚད་ ཕ་མ་ལུ་རྩིས་སྤྲོད་ནི་མེདཔ་ལས་བརྟེན་ མགོནམ་ཚེ་རིང་ལུ་ ཉེས་ཁྲིམས་ལོ་ངོ་གསུམ་ བཀལ་ཡོདཔ་ཨིན་པའི་གནས་ཚུལ།


ཡེ་ཤེས་སྒྲོལ་མ།

 

No comments:

Post a Comment