གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཙོན་ཁྲིམས་ཟླཝ་༣ ལས་༡༤ ཚུན་སྨིན་དགོཔ།

༡/༡/༢༠༡༣    ༉ མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ ཁ་ཙ་ སྐྱེངས་མཁར་རྒེད་འོག་ གདུང་མཁར་དགོན་པ་ལས་ སྐྱེས་ལོ་༤༥ ལང་མི་ ཁ་འབགཔ་ པདྨ་དབང་གྲགས་ལུ་ ཡིག་ཆ་རྫུས་མ་བཟོ་མི་དང་ གཡོ་སྒྱུ་ དེ་ལས་ ནང་གསུག་གི་འབྲེལ་བ་ལུ་བརྟེན་ ཉེས་ཁྲིམས་ ལོ་༡ དང་ཟླཝ་༢ སྨིན་དགོ་པའི་ འཁྲུན་ཆོད་བཏོན་ཡོདཔ་ཨིན་པས།


དེ་ཡང་ ཉེས་འཛུགས་ཅན་ པདྨ་དབང་གྲགས་ཀྱིས་ སྐྱེངས་མཁར་རྒེད་འོག་ ཡུ་ད་རི་ མི་སྡེ་སློབ་གྲྭའི་ སློབ་དབུ་འཛིན་གྱི་ སྡོད་ཁྱིམ་རྐྱབ་པའི་སྐབས་ལུ་ རྩིས་ཐོ་རྫུས་མ་བཟོ་མི་དང་ གཡོ་སྒྱུའི་ལག་ལེན་ དེ་ལས་ ནང་གསུག་བྱིན་པའི་སྐོར་ལས་ ན་ཧིང་ རྩོད་དཔོན་ཡོངས་ཁྱབ་ཡིག་ཚང་གིས་ མོང་སྒར་ཁྲིམས་འདུན་ལུ་ བཀལ་མི་དང་འཁྲིལ་ཨིན་རུང་ ཉེས་འཛུགས་ཅན་དེ་གིས་ ཁྲིམས་འཐུས་བཏབ་ཆོགཔ་ཨིན་པས།
ཉེས་ཅན་ པདྨ་དབང་གྲགས་ཀྱིས་ གཡོ་སྒྱུའི་ལག་ལེན་ཐོག་ མོང་སྒར་རྫོང་ཁག་བདག་སྐྱོང་ལས་ ལཱ་མ་འབད་བའི་དངུལ་དང་ དངུལ་ཐེབས་བསྡོམས་ དངུལ་ཀྲམ་༡,༨༡,༨༩༠.༢༠ ལེན་ཡོདཔ་ལས་ ཉེས་ཅན་ པདྨ་དབང་གྲགས་ཀྱིས་ དངུལ་ཀྲམ་༡,༣༩,༦༧༧.༡༦ འབྲུག་གི་ ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ གཞུང་ལུ་ སོར་ཆུད་འབད་དགོཔ་ཨིན་པས།
ད་རུང་ ཉེས་ཅན་དེ་གིས་ ས་ཁོངས་ཀྱི་བཟོ་རིག་འགོ་དཔོན་ཅིག་ལུ་ དངུལ་ཀྲམ་༡༥༠,༠༠༠ ནང་གསུག་བྱིན་ཏེ་ ཁག་འབག་གི་ལཱ་འབད་ཡོདཔ་ལས་བརྟེན་ ཉེས་ཁྲིམས་ལོ་༡ དང་ཟླཝ་༢ སྨིན་དགོ་མི་དེ་ཡང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ དོན་ཚན་༢༨ པའི་དགོངས་དོན་དང་འཁྲིལ་ ཁྲིམས་འཐུས་བཏབ་ཆོགཔ་ཨིནམ་ད་ དེ་ཡང་ འཁྲུན་ཆོད་བཏོན་པའི་ཉིནམ་ལས་ ཉིན་གྲངས་༡༠ གྱི་ནང་འཁོད་ལུ་ ཕུལ་དགོཔ་ད་ དེ་བཙུགས་མ་ཚུགས་པ་ཅིན་  བཙོན་ཁྲིམས་སྨིན་དགོཔ་ཨིན་པས།
མོང་སྒར་རྫོང་ཁག་ཁྲིམས་འདུན་གྱིས་ མོང་སྒར་ ན་རང་རྒེད་འོག་ས་ཁོངས་ཀྱི་ ལྟ་རྟོག་བཟོ་རིག་འགོ་དཔོན་འོག་མ་ ཚེ་རིང་ནོར་བུ་གིས་ ན་རང་གསོ་བའི་སྨན་ཁང་གི་ སྟེགས་རྩིག་རྐྱབ་པའི་སྐབས་ ཡིག་ཚང་གི་བྱ་སྤྱོད་ངན་པ་དང་ ནང་གསུག་དང་འབྲེལ་བཏོགས་འབད་ཡོདཔ་ལས་ ཉེས་ཁྲིམས་ལོ་༡ དང་ ཟླཝ་༡ སྨིན་དགོ་པའི་ འཁྲུན་ཆོད་གནང་ཡི།
བཟོ་རིག་འགོ་དཔོན་ ཚེ་རིང་ནོར་བུ་གིས་ མནོ་བཞིན་བསམ་བཞིན་དུ་ རྟའུ་པོ་བཟོ་སྐྲུན་ལས་སྡེའི་ སྦྱིན་བདག་ རྟའུ་པོ་ལས་ དངུལ་ཀྲམ་༣༠,༠༠༠ ནང་གསུག་ལེན་ཡོད་མི་དེ་ ལོག་གཞུང་ལུ་སོར་ཆུད་འབད་དགོ་པའི་ཁར་ ཉེས་འཛུགས་ཅན་ ཚེ་རིང་ནོར་བུ་ཁོ་ར་ རྟའུ་པོ་བཟོ་སྐྲུན་ལས་སྡེའི་ ས་ཁོངས་བཟོ་རིག་འགོ་དཔོན་ཨིན་རུང་ མཐའ་བཅད་ཀྱི་རྩིས་ཐོ་དེ་ ཉེས་འཛུགས་ཅན་ ཚེ་རིང་ནོར་བུ་གི་ བཟོ་བྱིན་ཡོད་མི་ལུ་བརྟེན་ཨིན་པས།
ཉེས་འཛུགས་ཅན་ ཚེ་རིང་ནོར་བུ་ཁོ་ར་ དང་པ་ གཞུང་འབྲེལ་གྱི་འགོ་འཛིན་ཨིན་པའི་ཁར་ ས་ཁོངས་བཟོ་རིག་འགོ་དཔོན་ཡང་ཨིནམ་ལས་ ས་ཁོངས་དེ་ནང་གི་ལཱ་ཚུ་ ལྟ་རྟོག་འབད་བའི་མཐའ་མར་ ཁ་འབག་པའི་རྩིས་ཐོ་ཡང་ ཁོ་གིས་བཟོ་སྟེ་བདེན་དཔྱད་འབད་བའི་ཤུལ་ལུ་ དངུལ་སྤྲོད་ནིའི་གནང་བ་ཡང་ བྱིན་ཡོདཔ་ལས་ ཁོ་གིས་ནང་གསུག་ལེནཔ་ངེས་བདེན་ཨིན་པའི་ ཐེ་ཚོམ་ལས་གྲོལ་བའི་རྒྱུ་མཚན་ཅན་གྱི་ མངོན་རྟགས་བཏོན་ཡོདཔ་ལས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ ཉེས་ཁྲིམས་སྨིན་དགོཔ་ཨིན་པས།
མོང་སྒར་ ན་རང་སྨན་ཁང་གི་ སྟེགས་རྩིག་རྐྱབ་མི་ རྟའུ་པོ་བཟོ་སྐྲུན་ལས་སྡེ་གི་སྦྱིན་བདག་ རྟའུ་པོ་ཁོ་ར་གིས་ ས་ཁོངས་ཀྱི་བཟོ་རིག་འགོ་དཔོན་ལུ་ ནང་གསུག་དངུལ་ཀྲམ་༣༠,༠༠༠ སྤྲོད་དེ་ ཁག་འབག་གི་ ལཱ་འབད་མི་ལུ་བརྟེན་ ཁོ་ར་ཡང་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་དང་འཁྲིལ་ ཉེས་ཁྲིམས་ཟླཝ་༣ སྨིན་དགོ་པའི་ འཁྲུན་ཆོད་གནང་ཡོད་པའི་གནས་ཚུལ།


མོང་སྒར་ལས་ བདེ་ཆེན་ཚེ་རིང་།

No comments:

Post a Comment