གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཨིན་ཊར་ནེཊ་བེང་ཀིང་རྩིས་ཁྲ་ནང་ལས་ དངུལ་བཏོན་མི་ལུ་ བཙོན་ཁྲིམས་ལོ་༥ བཀལ་ཡོདཔ།

༡/༡/༢༠༡༣   ༉ ཡོངས་འབྲེལ་དངུལ་ཁང་ལས་དོན་ཞབས་ཏོག་ ཨིན་ཊར་ནེཊ་བེང་ཀིང་ཟེར་མིའི་ཐོག་ལས་ ཏི་རུ་བྱང་སྟོར་ཤོར་ཡོད་པའི་རྩོད་དོན་དེ་ ཁ་ཙ་ ཆེ་མཐོ་ཁྲིམས་ཀྱི་འདུན་ས་ལས་ འཁྲུན་ཆོད་གནང་སྟེ་ ཡོངས་འབྲེལ་ཞབས་ཏོག་ལག་ལེན་ཐོག་ ཏི་རུ་བཏོན་འབག་མི་ དོགས་ཅན་དེ་ལུ་ བཙོན་ཁྲིམས་ལོ་༥ དང་ ཉམས་རྒུད་པའི་ བྱང་སྟོར་ཤོར་མི་ཏི་རུ་སྐྱེད་དང་སྦྲགས་ཏེ་ དངུལ་ཁང་གིས་ བཏབ་དགོ་པའི་བཀའ་རྒྱ་གནང་ནུག།


རྫོང་ཁག་ཁྲིམས་འདུན་ལས་ གནང་མིའི་འཁྲུན་ཆོད་ནང་འབད་བ་ཅིན་ དོགས་ཅན་དེ་ལུ་ བཙོན་ཁྲིམས་ལོ་༦ བཀལ་ཡོདཔ་མ་ཚད་ ཁོ་གིས་ ཚུལ་མིན་ཐོག་ དངུལ་བཏོན་འབག་ཡོད་མིའི་ ཏི་རུ་སྐྱེད་དང་སྦྲགས་ཏེ་ ཉམས་རྒུདཔ་ལུ་བཏབ་དགོཔ་སྦེ་ཨིན་རུང་ ཉམས་རྒུདཔ་གིས་ ཁོ་གི་ཏི་རུ་དེ་ བྱང་སྟོར་ཤོར་མི་དངུལ་ཁང་ལུ་འཁྲི་འགན་ཕོགཔ་ལས་ ཏི་རུ་དེ་ དངུལ་ཁང་གིས་ སྤྲོད་དགོཔ་སྦེ་ མཐོ་གཏུགས་ཞུ་ཡོདཔ་ཨིན་པས།
ཆེ་མཐོ་ཁྲིམས་འདུན་གྱི་ འཁྲུད་ཆོད་གནང་མིའི་ནང་ འབྲུག་གི་དངུལ་ཁང་གི་ཞབས་ཏོག་གི་ འགན་འཁྲིའི་ནང་ འཐུས་ཤོར་བྱུང་བའི་གནད་དོན་ལུ་བརྟེན་ དོགས་ཅན་ སངས་རྒྱས་བསྟན་འཛིན་གྱིས་ ཡོངས་འབྲེལ་ཞབས་ཏོགས་ལག་ལེན་ཐོག་ ཉམས་རྒུདཔ་བསྟན་འཛིན་དབང་འདུས་ཀྱི་ ཁེ་དབང་ལུ་ཡོད་པའི་ དངུལ་ཁང་རྩིས་དེབ་ནང་ལས་ དངུལ་བཏོན་པའི་ རྩོད་དོན་ བྱུང་ནུག་ཟེར་ཨིན་པས།
དོགས་ཅན་དེ་གིས་ བདག་དབང་མེད་པའི་གཞན་གྱི་མ་དངུལ་རྩིས་ཁྲ་ནང་ལས་ ཨར་རྐུན་འབད་ཡོད་པའི་ ཁས་ལེན་གྱི་སྒྲུབ་བྱེད་ བྱུང་ཡོདཔ་ལས་ དོགས་ཅན་དེ་ལུ་ མ་བྱིན་ལེན་པའི་ཉེས་འཛུགས་ཐོག་ ཉེས་འགེལ་ཁྲིམས་དེབ་ དོན་ཚན་༢༤༠ པ་དང་༢༤༤ པའི་དགོངས་དོན་ལྟར་ རིན་ཐང་དང་བསྟུན་པའི་ ཁྲིམས་ཚད་ ཉེས་འགེལ་ཁྲིམས་དེབ་ཀྱི་དོན་ཚན་༡༠ པ་དང་༡༨ པའི་ཀ་པ་ལྟར་ ཉེས་ཁྲིམས་ལོ་༥ བཙོན་དུ་སྨིན་དགོ་པའི་ འཁྲུན་ཆོད་གནང་ནུག།
དེ་ལས་ སངས་རྒྱས་བསྟན་འཛིན་གྱིས་ ཚུལ་མིན་ཐོག་ དངུལ་ཀྲམ་ས་ཡ་༢.༢༣༠ བཏོན་འབག་མི་དེ་དང་  སྐྱེད་དངུལ་ཀྲམ་༢,༢༣,༣༣༠.༩༦ དེ་ བྱང་སྟོར་ཤོར་བའི་རྒྱུ་རྐྱེན་ དངུལ་ཁང་གི་འགན་འཁྲིའི་ནང་ འཐུས་ཤོར་བྱུང་མི་ལུ་བརྟེན་ཨིནམ་ལས་ དངུལ་བྱང་སྟོར་ཤོར་མི་དངུལ་བསྡོམས་ སྐྱེད་དང་སྦྲགས་ཏེ་ དངུལ་ཁང་གིས་ བསྟན་འཛིན་དབང་འདུས་ལུ་ འཁྲུན་ཆོད་བཏོན་པའི་ཉིནམ་ལས་ དུས་ཡུན་ཞག་གྲངས་༣༠ གི་ནང་འཁོད་ལུ་ སྤྲོད་དགོཔ་ད་ དངུལ་ཁང་གིས་ ཉེས་དོགས་ཅན་ སངས་རྒྱས་བསྟན་འཛིན་ལས་ ལེན་དགོ་པའི་བཀའ་རྒྱ་གནང་ནུག།
དངུལ་ཁང་གིས་འབད་བ་ཅིན་ དངུལ་ཁང་རྩིས་དེབ་དང་འབྲེལ་བའི་ ཁེ་དབང་གི་ལག་ལེན་ཆ་མེད་གཏང་ནི་དེ་ ཡིག་ཐོག་ལུ་ཞུ་བ་འབད་དེ་ ཆ་མེད་བཏང་ནི་མ་གཏོགས་ དངུལ་ཁང་ལུ་དབང་ཆ་མེདཔ་སྦེ་ ཞུཝ་ཨིན་རུང་ ཁྲིམས་འདུན་ལས་དབྱེ་དཔྱད་སྐབས་ རྩོད་ཟླ་གིས་ དངུལ་ཁང་ནང་ སྤྱི་ལོ་༢༠༡༡ ཟླཝ་༦ པའི་ཚེས་༢༠ ལུ་ ཞུ་ཡིག་བཙུགས་ནུག་ཟེར་ཨིན་པས།
དངུལ་ཁང་གིས་ ཞུ་ཡིག་དེ་དང་བསྟུན་ བསྟར་སྤྱོད་མ་འབད་བར་ དུས་ཡུན་ཟླ་ངོ་༦ ལྷག་ཙམ་གྱི་ཡུན་འགྱངས་ལུས་ཡོད་མི་ལུ་བརྟེན་ བསྟན་འཛིན་དབང་འདུས་ཀྱི་ ཁེ་དབང་ལུ་ཡོད་པའི་ རྩིས་དེབ་ནང་ལས་ དངུལ་ཀྲམ་ས་ཡ་༢.༢༣༠ སྤྱི་ལོ་༢༠༡༡ ཟླཝ་༡༡ པའི་ཚེས་༧ ལུ་ ཚུལ་མིན་ཐོག་ བཏོན་འབག་ཞིནམ་ལས་ དུས་ཅི་ སྤྱི་ཟླ་༡ པའི་ཚེས་༤ ལུ་རྐྱངམ་གཅིག་ ཡོངས་འབྲེལ་དངུལ་ཁང་ཞབས་ཏོག་དེ་ བཀག་ཆ་འབད་ནུག་ཟེར་ཨིན་པས།
རྩོད་དོན་དེ་ཡང་ ལྷ་འཛིན་པར་སྐྲུན་ལས་ཁང་དེ་ སངས་རྒྱས་བསྟན་འཛིན་གྱི་མིང་ཐོག་ལས་ བསྟན་འཛིན་དབང་འདུས་ཀྱི་ མིང་ཐོག་ཁར་སྤོ་ཡོད་རུང་ རྩིས་དེབ་དེ་དང་འབྲེལ་བའི་ ཡོངས་འབྲེལ་དངུལ་ཁང་ཞབས་ཏོག་ཡོདཔ་ བསྟན་འཛིན་དབང་འདུས་ཀྱིས་ མ་ཤེས་པའི་ཁར་ སངས་རྒྱས་བསྟན་འཛིན་གྱིས་ གསང་བཞག་སྟེ་ ཡོངས་འབྲེལ་ཞབས་ཏོག་གི་ གསང་ཡིག་ཚུ་ ཇོ་བདག་གསརཔ་ལུ་ རྩིས་སྤྲོད་མ་འབད་བར་ ལག་ལེན་འཐབ་ཡོདཔ་ཨིན་པས།
ཉེས་དོགས་ཅན་ སངས་རྒྱས་བསྟན་འཛིན་གྱིས་ རྩིས་དེབ་དེ་ནང་ལས་ ཚུལ་མིན་ཐོག་བཏོན་འབག་མིའི་ཏི་རུ་ཚུ་ཡང་ བསྟན་འཛིན་དབང་འདུས་ཀྱིས་ པར་སྐྲུན་ལས་ཁང་གི་དོན་ལུ་ འབྲུག་གི་དངུལ་ཁང་ལས་ བསྐྱིན་འགྲུལ་ དངུལ་ཀྲམ་ས་ཡ་༣.༩༦༧ དེ་ཅིག་ལེན་ཐོག་ལས་ བཙུགས་བཞག་མི་དེ་ཨིན་པས།
འཁྲུན་ཆོད་དེ་ལུ་ རྩོད་རྩ་ཚུ་གི་སེམས་དང་མ་ལྡན་པ་ཅིན་ འཁྲུན་ཆོད་བཏོན་པའི་ཉིནམ་ལས་ ཞག་གྲངས་༡༠ གྱི་ནང་འཁོད་ལུ་ མཐོ་གཏུགས་འབད་ཆོག་ནི་ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment