གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་བརྡུང་རྫོབ་འབད་བའི་གནད་དོན་ ཞིབ་དཔྱད་འབད་བའི་བསྒང་ཡོདཔ།

༢/༡༢/༢༠༡༣   ༉ སྤྱི་ཟླ་༡༢ པའི་ཚེས་༢༧ གྱི་ ཉིན་མའི་ཆུ་ཚོད་༢:༡༥ དེ་ཅིག་ཁར་ ཐིམ་ཕུ་ལུ་ སྐྱེས་ལོ་༡༩ ལང་མི་ ཨྱོན་རིག་པའི་འབྱུང་གནས་ཀྱི་ སློབ་རིམ་༡༢ པའི་ སློབ་ཕྲུག་ཅིག་ ཁོ་རའི་ ཆ་རོགས་ཚུ་གིས་ བརྡུང་རྫོབ་འབད་ཡོདཔ་མ་ཚད་ གྱིམ་ཙེ་གིས་ གསོབ་བྱིན་ཡོདཔ་ཨིན་པས།


དོགས་ཅན་༥ གི་གྲས་ལས་ ངོ་མ་༢ ཉིནམ་དེ་ལུ་ར་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཕོ་སྐྱེས་༡ འཛིན་བཟུང་མ་འབད་མི་དེ་ཡང་ དོགས་ཅན་ངོ་མ་ཚུ་གིས་ ཁོ་ འབྲེལ་གཏོགས་མེད་ཟེར་ སླབ་ནི་དེ་གིས་ཨིན་པས།
དོགས་ཅན་༥ པ་ཨིན་མི་ སྐྱེས་ལོ་༢༦ ལང་མི་ རང་དབང་ལམ་སྟོན་པ་དེ་ལུ་ བཀག་འཛིན་ཅན་གྱི་ སྨྱོ་རྫས་ཚུ་ འཆང་སྤྱོད་འབད་མི་ལུ་བརྟེན་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པ་ཚུ་གིས་ ལྟ་བཤལ་ལམ་སྟོན་པ་དེ་ གྱིམ་ཙེ་གིས་ གསོབ་ཡོད་པའི་གནད་དོན་ནང་ འབྲེལ་གཏོགས་ཡོད་མེད་ཀྱི་ ཞིབ་དཔྱད་རྐྱབ་པའི་བསྒང་ཡོདཔ་ཨིན་པས།
དོགས་ཅན་ངོ་མ་ཅིག་ཨིན་མི་ སྐྱེས་ལོ་༡༨ ལང་མི་ ཨྱོན་རིག་པའི་འབྱུང་གནས་ཀྱི་ སློབ་ཕྲུག་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་མིའི་ནང་ སློབ་གྲྭ་ནང་འབདཝ་ད་ ཉམས་རྒུདཔ་དེ་ སློབ་རིམ་མཐོ་ནི་དེ་གིས་ ཁོ་ལུ་ བརྙས་བཅོས་འབད་ཡི་ཟེར་ཨིན་པས།
བྱུང་རྐྱེན་དེ་གི་སྐོར་ལས་ ཉམས་རྒུད་པའི་ ཆ་རོགས་ཅིག་གིས་ ཉམས་རྒུདཔ་དེ་ སྨན་ཁང་ནང་ བསྐྱལ་བའི་ཤུལ་ལས་ ཕྱི་རུའི་ཆུ་ཚོད་༣:༢༥ ལུ་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡོདཔ་ཨིན་པས།
གསོ་བའི་སྙན་ཞུ་ནང་ ཉམས་རྒུད་པའི་ སྒལ་ཏོ་ཁར་ གཏིང་ཚད་སེན་ཊི་མི་ཊར་༡ རེ་འབད་མི་ རྨ་ཁ་༢ བཏོན་ཡོདཔ་མ་ཚད་ རྣམ་ཅོག་དང་ ཕྱི་གཟུགས་གཞན་ཁར་ཡང་ རྨ་སྐྱོན་དུམ་གྲ་རེ་ བཏོན་ཡོདཔ་ཨིན་པས།
བད་ཀན་ཊི་བི་ནད་གཞི་ ཐོབ་སྟེ་ཡོད་མི་ ཉམས་རྒུདཔ་གིས་ སླབ་མིའི་ནང་ དོགས་ཅན་ཚུ་གིས་ ཧང་སྟོང་མར་ སྣུམ་འཁོར་མ་རུ་ཏི་བེན་ཅིག་ནང་ལས་ཐོན་ཏེ་ བརྡུང་རྫོབ་འབད་ནི་ འགོ་བཙུགས་པའི་སྐབས་ ཁོ་ར་ སྨན་ཉོ་ནིའི་དོན་ལུ་ ཁྲོམ་ཁར་འགྱོ་བའི་བསྒང་ཨིན་ཟེར་ཨིན་པས།
དོགས་ཅན་ཅིག་གིས་ སླབ་མིའི་ནང་ ཉམས་རྒུདཔ་དེ་གིས་ ཁོ་ལུ་ བརྡུང་རྫོབ་འབད་ཡོད་པའི་ ཉེས་འཛུགས་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་དོ་དམ་འོག་ལུ་ཡོད་མི་ ཉམས་རྒུདཔ་དེ་ གསོ་བའི་གནད་དོན་དང་ རྒྱབ་མི་བཙུགས་ཐོག་ལས་ བཏང་ཡོདཔ་ཨིན་པས།
ད་ལྟོ་ གནད་དོན་དེ་ ཞིབ་དཔྱད་འབད་བའི་བསྒང་ཡོད་ནི་དེ་གིས་ ཁྲིམས་འགལ་གྱི་ གནས་ཚད་དེ་ བརྟག་ཞིབ་འབད་དགོཔ་ ཡོདཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment