གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབང་བཙོང་ལུས་འབྲེལ་གྱི་དཔའ་བཅམ།

༢/༡/༢༠༡༣   ༉ བསམ་རྩེ་ རྡོ་རོ་ཁ་ལུ་ སྐྱེས་ལོ་༡༣ ལང་མི་ བུཚ་༡ གིས་ སྐྱེས་ལོ་༥ ལང་མི་ བུམོ་ཅུང་༡ ལུ་ དབང་བཙོང་ལུས་འབྲེལ་འབད་ནི་གི་ དཔའ་བཅམ་མི་ལུ་བརྟེན་ཏེ་ སྤྱི་ལོ་༢༠༡༢ ཟླ་༡༢ པའི་ཚེས་༣༠ ལུ་ ཁྲིམས་སྲུང་འགག་པའི་ དོ་དམ་འོག་ལུ་ བཙུགས་ཡོདཔ་ཨིན་པས།


བྱུང་རྐྱེན་དེ་གི་སྐོར་ལས་ བུམོ་ཅུང་དེ་གི་ ཕམ་ཚུ་གིས་ ཁྲིམས་སྲུང་འགག་པའི་ ཡིག་ཚང་ནང་ སྙན་ཞུ་འབད་ཡོདཔ་ཨིན་པས།
བུཚ་དེ་གི་ ཨ་པ་གིས་ ཀུན་གསལ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ དེ་ཚེ་ཉིན་མ་ བུམོ་ཅུང་དེ་ ཁོང་གི་ཁྱིམ་ནང་ ཨ་ལུ་ཚུ་དང་གཅིག་ཁར་ རྩེདམོ་རྩེ་བར་འོང་ཡོདཔ་བཞིན་དུ་ ཁྱིམ་ཚང་གི་ ཨ་ལུ་ལྟ་མི་ བུམོ་དེ་གིས་ སྐྱེས་ལོ་༥ ལང་མི་ བུམོ་ཅུང་གི་ ཕམ་ཚུ་ལུ་ བུཚ་དེ་གིས་ བུམོ་ཅུང་དེ་ལུ་ དབང་བཙོང་ལུས་འབྲེལ་འབད་ནི་གི་ དཔའ་བཅམ་དེས་ཟེར་ སླབ་ནུག་ཟེར་ཨིན་པས།
གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ བུམོ་ཅུང་དེ་གི་ ཕམ་ཚུ་གིས་ བུམོ་ཅུང་དེ་ རྡོ་རོ་ཁ་གཞི་རྟེན་སྨན་ཁང་ནང་ བརྟག་དཔྱད་འབད་བར་ བསྐྱལ་ཡོདཔ་བཞིན་དུ་ སྨན་ཁང་གི་ ཞིབ་དཔྱད་སྙན་ཞུ་དང་འཁྲིལཝ་ད་ འདོད་སྤྱོད་འབད་ཡོད་པའི་ སྙན་ཞུ་མིན་འདུག་ཟེར་ཨིན་པས།
ཨིན་རུང་ རྡོ་རོ་ཁ་སྨན་ཁང་གི་ གསོ་བའི་འགོ་དཔོན་ཚུ་ལུ་ ཀུན་གསལ་གྱིས་ དྲི་བཀོད་འབད་ནིའི་དོན་ལུ་ ཕྱད་མ་ཚུགས།
རྡོ་རོ་ཁ་ཁྲིམས་སྲུང་འགག་པའི་ འགོ་དཔོན་ཚུ་གིས་ བཤད་དོ་བཟུམ་འབད་བ་ཅིན་ འདས་པའི་བདུན་ཕྲག་ནང་ ས་གནས་ནང་ བློན་པོ་བྱོན་ནི་དེ་གིས་ ཞིབ་དཔྱད་ཚུ་ ག་ཅི་ཡང་ འབད་མ་ཚུགསཔ་ལས་ འཕྲལ་མགྱོགས་ར་ སྨན་ཁང་ནང་ བརྟག་དཔྱད་ཀྱི་དོན་ལུ་ གཏང་ནི་ཟེར་ཨིན་པས།
ཨིན་རུང་ ཁྲིམས་སྲུང་འགག་པ་གིས་ གནད་དོན་དེ་གི་དོན་ལུ་ ཞིབ་དཔྱད་ཚུ་ འབད་བའི་བསྒང་ར་ཡོདཔ་ཨིན་པའི་གནས་ཚུལ།

ཡེ་ཤེས་སྒྲོལ་མ།

No comments:

Post a Comment