གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བཀྲིས་སྒང་རྒེད་འོག་ཚུ་ནང་ འཆམ་རྐྱབ་མི་ ལངམ་མེད་པའི་དཀའ་ངལ།

༡༩/༡/༢༠༡༣   ༉ བཀྲིས་སྒང་གི་ རྒེད་འོག་གཡུས་ཚན་ཚུ་ནང་ དགོན་སྡེའི་སྒོམ་ཆེན་ཚུ་ལངམ་མེད་པའི་ཁར་ དེ་གི་ཤུལ་ལས་ ན་གཞོན་བུམོ་ཞབས་ཁྲ་རྐྱབ་མི་ཡང་ མ་ལངམ་མ་ཚད་ ད་རེས་ནངས་པ་ ཚེས་བཅུའི་འཆམ་རྐྱབ་མི་ཚུ་ ལང་མ་ཚུགས་པའི་དཀའ་ངལ་ཡོདཔ་ཨིན་པས།
གཡུས་མི་ཚུ་གིས་ བོད་འཆམ་རྐྱབ་པའི་བསྒང་།


ཚེས་བཅུའི་སྐབས་ལུ་ འཆམ་རྐྱབ་མི་ལང་མ་ཚུགས་མི་དེ་གིས་ དཀའ་ངལ་ཅན་གྱི་ གཞི་གནད་ཅིག་ལུ་ གྱུར་ཡོདཔ་ཨིན་པས།
ཉིནམ་གསུམ་གྱི་ལོ་བསྟར་ཚེས་བཅུའི་སྐབས་ འཆམ་རྐྱབ་མི་ཡང་ བོད་འཆམ་ཟེར་ གཡུས་མི་ཚུ་གིས་རྐྱབ་དོ་ཡོད་པའི་ཁར་ དགོན་སྡེའི་སྒོམ་ཆེན་ཚུ་གིས་ དགེ་སློང་གི་སྐུ་འཆམ་ཚུ་ རྐྱབ་དོ་ཡོདཔ་ཨིན་པས།
སྒོམ་ཆེན་ཚུ་གིས་ ཞྭ་ནག་རྔ་འཆམ་དང་ གུ་རུ་མཚན་བརྒྱད་ དེ་ལས་ དཔལ་གླིང་ཞྭ་ནག་ཕུར་འཆམ་ཚུ་ རྐྱབ་དོ་ཡོདཔ་ཨིན་པས།
བོད་འཆམ་རྐྱབ་མི་ཚུ་གིས་ དཔལ་གླིང་གིང་གསུམ་ དཔལ་གླིང་གིང་འཆམ་ རྔ་གིང་དང་ གྲི་གིང་གི་ སྐུ་འཆམ་ཚུ་རྐྱབ་ཨིན་པས།
ཨིན་རུང་ འདས་པའི་ལོ་དག་པ་ཅིག་ལས་ཚུར་ གཡུས་མི་ཚུ་ནང་ འཆམ་རྐྱབ་མིའི་གྱངས་ཁ་ མར་བབས་སོང་མི་གིས་ དཀའ་ངལ་ལུ་གྱུར་ཡོདཔ་ཨིན་པས།
ཉིནམ་གསུམ་གྱི་ ཚེས་བཅུའི་སྐབས་ལུ་ སྤྱིར་བཏང་འཆམ་རྐྱབ་མི་༥༠ དགོ་པའི་ཁར་ བོད་འཆམ་དང་ སྒོམ་ཆེན་གྱི་འཆམ་རྐྱབ་མི་ཚུ་གིས་ འཆམ་དབྱེ་ཁག་༡༧ དེ་ཅིག་ མི་མང་ལུ་ མཇལ་ཁ་གནང་དོ་ཡོདཔ་ཨིན་པས།
ཕོངས་མེད་རྒེད་འོག་གི་ གཡུས་ཚན་གཉིས་དང་ ག་ཛ་རི་ ཕུན་སུམ་གྱི་ཚེས་བཅུའི་ འཆམ་རྐྱབ་མི་ མེད་མི་ལུ་བརྟེན་ དཀའ་ངལ་སྦོམ་ར་ ཐོན་ཡོདཔ་ཨིན་པས།
ཕོངས་མེད་རྒཔོ་ དཔལ་ལྡན་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ ལོ་བསྟར་བཞིན་དུ་ དཀའ་ངལ་སྣ་ཚོགས་ཐོན་མི་དེ་ཡང་ དགོན་སྡེའི་སྒོམ་ཆེན་མར་བབས་སོང་མི་དང་ གྲོང་གསེབ་ལས་ ཁྲོམ་སྡེའི་ནང་ གནས་སྤོ་འོང་མི་ཚུ་གིས་ དཀའ་ངལ་དེ་ལུ་ ལྷན་གྲོགས་སྦོམ་ར་ འབདཝ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ འཆམ་རྐྱབ་མི་ཚུ་ལུ་ ཐོབ་ཁུངས་ཚུ་ག་ནི་ཡང་མེད་རུང་ ཚེས་བཅུའི་སྐབས་ལུ་ གཡུས་སྒོའི་ནང་ལས་ བསྡུ་ལེན་ཟེར་ དངུལ་ཀྲམ་༡༠༠༠ དང་ ཆུམ་བསྡུ་ནི་ཚུ་ ཡངས་ཆག་འབད་ བཞགཔ་ཨིན་ཟེར་ཨིན་པས།
དགོན་སྡེའི་ནང་ སྒོམ་ཆེན་རྒན་ཤོས་ཚུ་གིས་ འབྲེལ་གཏོགས་འབད་དེ་ རྩ་འགེངས་དོ་ཡོདཔ་ཨིན་རུང་ མ་འོངས་ཡུན་བརྟན་གྱི་དོན་ལུ་ ན་གཞོན་ཚུ་གིས་ འཆམ་ལྷབ་ནི་ལུ་སྤྲོ་བ་བསྐྱེད་མ་བཏུབ་མི་ལུ་བརྟེན་ དཀའ་ངལ་འཐོན་ནི་ཨིན་མས་ཟེར་ འཆམ་རྐྱབ་མིའི་གྲས་ལས་ ཕུན་སུམ་འཇིགས་མེད་རྡོ་རྗེ་གིས་ བཤདཔ་ཨིན་པས།
འདི་བཟུམ་གྱི་དཀའ་ངལ་ཡོད་མི་ རྒེད་འོག་གཞན་ཡང་ སྦི་གདུང་ ར་ལྡི་ པཱ་ཀ་གླིང་དང་ འཇོན་ལ་ཚུ་ནང་ ཅོག་འཐདཔ་སྦེ་ཡོདཔ་ལས་ ར་ལྡི་རྒཔོ་གིས་འབད་བ་ཅིན་ མ་འོངས་ལོ་༡༠-༡༥ གི་ནང་འཁོད་ལུ་ མར་ཉམས་སྦོམ་ར་ འགྱོ་ནིའི་ཉེན་ཁ་འདུག་ཟེར་ བཤདཔ་ཨིན་པའི་གནས་ཚུལ


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment